¡@
མཉམ་མེད་དྭགས་པོ་ལྷ་རྗེ་ནི།
1079 ལོར་འཁྲུངས། གཞོན་དུས་སྨན་བསླབ་ནས་མཁས་པར་གྱུར་པས་
ལྷ་རྗེར་གྲགས། ལྕམ་གཅིག་བཞེས་པ་ལ་སྲས་སྲོས་གཉིས་བྱུང་ཀྱང་ཐམས་ཅད་
ནད་ཡམས་ཀྱིས་གྲོངས་པས་ཐུགས་སྐྱོ་སྟེ་རབ་ཏུ་བྱུང་།
བཀའ་གདམས་པའི་ཆོས་མང་དུ་གསན། མི་ལ་རས་པའི་མཚན་ཐོས་པ་ཙམ་
གྱིས་དད་དེ་མཇལ་དུ་བྱོན་པས་མཉེས་ཤིང་རྗེས་སུ་བཟུང་སྟེ་གདམས་ངག་
ཐམས་ཅད་རྫོགས་པར་གནང་ནས་བསྒོམས་པས་རྟོགས་པ་ཁྱད་པར་ཅན་
ཐུགས་ལ་འཁྲུངས།
བཀའ་གདམས་དང་ཕྱག་ཆེན་གྱི་གདམས་པ་ཟུང་འདྲིལ་གྱི་གཞུང་མཛད་པས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པར་གྱུར།
སྐུ་དངོས་ཀྱི་སློབ་མ་དང་ཡང་སློབ་དག་ལས་ཆེ་བཞི་ཆུང་བརྒྱད་སོགས་དྭགས་པོའི་བཀའ་བརྒྱུད་དུ་གྲགས་པ་བྱུང་། 1153 ལོར་
དགུང་གྲངས་དོན་བཞིར་སྐུ་གཤེགས་སོ། །
སྒྲ་བསྒྱུར་མར་པ་ལོ་ཙཱ། རྗེ་བཙུན་མི་ལ་རས་པ། མཉམ་མེད་དྭགས་པོ་ལྷ་རྗེ།
¡@
¡@