¡@

མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི

990 - 1140 ལོར་ཡུལ་སྙེ་མོ།  རུས་ཁྱུང་པོ།  ཡབ་སྟག་སྐྱེས་དང་།  ཡུམ་བཀྲ་ཤིས་སྐྱིད་

གཉིས་ཀྱི་སྲས་སུ་འཁྲུངས།  ཐོག་མར་བོན་དང་དེ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ། 

སྔ་འགྱུར་རྙིང་མའི་གྲུབ་མཐར་མཁས་པར་གྱུར།  རྒྱ་གར་དང་བལ་ཡུལ་དུ་ཕེབས་ནས་མཁས་

གྲུབ་བརྒྱ་དང་ལྔ་བཅུ་བསྟེན།  མདོ་རྒྱུད་ཀྱི་གཞུང་དང་མན་ངག་མཐའ་ཡས་པ་ཞུས།  ནཱ་རོའི་

ལྕམ་ནི་གུ་མ་ལས་བརྒྱུད་པའི་བཀའ་བབས་ཀྱི་གདམས་པར་མངའ་བརྙེས། 

བོད་དུ་བྱོན་ནས་གཡས་རུ་ཤངས་ཀྱི་ཞང་ཞང་དུ་གཞི་ཁྱོན་ཆེ་བའི་དགོན་གནས་ཕྱག་བཏབ་སྟེ

བཀའ་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་མཛད་པས་ཤངས་པ་བཀའ་བརྒྱུད་དུ་གྲགས་པ་བྱུང་།  སྔ་ཕྱི་བསྡོམས་པས་དངོས་ཀྱི་སློབ་མ་ཁྲི་ཚོ་བརྒྱད་འདུས།  

དགུང་ལོ་བརྒྱ་དང་ལྔ་བཅུར་འཚོ་ཞིང་གཞེས་པར་གྲགས་སོ།

¡@

མར་པ་བཀའ་བརྒྱུད།   རྨ་པའི་སྐུ་རབས་བཞི།   ཀ་ལུ་རིན་པོ་ཆེ།   འབོ་དཀར་རིན་པོ་ཆེ།

¡@