¡@

    མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ནི

1012 ལོར་ལྷོ་བྲག་ཏུ་ཡབ་དབང་ཕྱུག་འོད་ཟེར་དང་།  ཡུམ་རྒྱལ་མོ་མཚོ་

གཉིས་ཀྱི་སྲས་སུ་འཁྲུངས།  དགུང་ལོ་བཅོ་ལྔ་ནས་ལོ་ཙཱ་བསླབས་ཏེ་སྔ་ཕྱིར་

རྒྱ་གར་དུ་ལན་གསུམ་བལ་པོར་ལན་བཞི་བྱོན་ཏེ་ལོ་ཉེར་གསུམ་བཞུགས།

པཎ་ཆེན་ནཱ་རོ་པ།   མཻ་ཏྲི་པ་སོགས་བླ་མ་བརྒྱ་ལྷག་ལ་གཏུགས།   གསང་བ་

འདུས་པ་སོགས་རྣལ་འབྱོར་བླ་མེད་ཕ་མའི་རྒྱུད་ཀྱི་བཤད་པ་མན་ངག་ལག་

ལེན་དང་བཅས་པར་ཞིབ་ཏུ་སྦྱངས།   

        བོད་དུ་ཕེབས་ཏེ་ཀ་ཆེན་བཞི་ལ་སོགས་པའི་བརྒྱུད་འཛིན་མང་དུ་བྱུང་།    གསང་སྔགས་ཀྱི་ཕྲིན་ལས་ཁྱབ་གདལ་ཆེ་བས་ད་ལྟའི་བར་

གདམས་ངག་གི་བརྒྱུད་འཛིན་ཕྱོགས་མེད་དུ་འཕེལ།  ལྟ་སྒོམ་སྤྱོད་གསུམ་དང་རྒྱུད་བཤད་སོགས་སྐབས་གང་ལའང་ནཱ་རོ་མཻ་ཏྲི་གཉིས་

གཙོ་བོར་མཛད།  ལྟ་བ་ཡང་དབུ་མ་ཐལ་འགྱུར་བའི་ལུགས་སུ་བཞེད།  1097 ལོར་དགུང་ལོ་གྱ་ལྔར་སྐུ་གཤེགས་སོ

¡@

¡@

སྒྲ་བསྒྱུར་མར་པ་ལོ་ཙཱ་བ།   རྗེ་བཙུན་མི་ལ་རས་པ།   མཉམ་མེད་དྭགས་པོ་ལྷ་རྗེ།

¡@

¡@