¡@

བྱུང་རིམ།

རྒྱལ་བ་རྡོ་རྗེ་འཆང་ནས་རྒྱ་གར་གྱི་ནང་པའི་གྲུབ་ཆེན་ཏིལླི་པ་ལ་བཀའ་བབས་བཞིའི་གདམས་པ་རྫོགས་པར་ཐོབ་པ་རང་གི་སློབ་མ་ནཱ་རོ་པར་

གནང་།  དེས་བོད་ཡུལ་ལྷོ་བྲག་ཏུ་བྱུང་བའི་མར་པ་ལོ་ཙཱར་གཏད།  མར་པ་ལོ་ཙར་སློབ་མའི་གཙོ་བོ་བཞི་ཡོད་པ་ལས། བཀའ་བརྒྱུད་དངོས་ནི་

གུང་ཐང་གི་མི་ལ་རས་པར་བརྒྱུད།  རྗེ་མི་ལ་ཡན་ཁྱིམ་པའི་རྟེན་ཅན་གཙོ་ཆེ་ལ། མི་ལའི་སློབ་ཆེན་དྭགས་པོ་ལྷ་རྗེ་ནས་བཟུང་ད་བར་གཙོ་ཆེར་

རབ་བྱུང་གིས་བརྒྱུད་པ་འཛིན་པར་སྣང་ངོ་།

གདམས་པ།

བརྒྱུད་པ་འདི་ཉིད་ཀྱིས་ཆོས་དང་ཉམས་ལེན་གྱི་གཙོ་བོ་ཕྱག་རྒྱ་ཆེན་པོ་དང་།  ནཱ་རོ་ཆོས་དྲུག་ལ་བྱེད་པ་ཡིན་ནོ། །

¡@

¡@