¡@

    རྗེ་བཙུན་མི་ལ་རས་པ་ནི

1040 ལོར་གུང་ཐང་དུ་འཁྲུངས།  ཆུང་དུས་ཡབ་གཤེགས་རྗེས་ཨ་ཁུ་

དང་ཨ་ནེས་མནར་གཅོད་བཏང་བར་མ་བཟོད་པས་ཨ་མས་མཐུ་སློབ་པར་

བཏང་ནས་དགྲ་མང་དུ་བཏུལ རྗེས་སུ་སྡིག་པ་ལ་འགྱོད་དེ་བླ་མ་མར་པའི་

དྲུང་དུ་བྱོན།  མར་པས་སྡིག་སྦྱོང་གི་ཆེད་དུ་ཡུན་རིང་ཆོས་མ་གནང་བར་

མཁར་ལས་སོགས་དཀའ་བ་མང་པོ་སྤྱད་དུ་བཅུག་པའི་མཐར་དབང་དང་

གདམས་ངག་ཐམས་ཅད་གནང་།  དབེན་པ་སྙིང་རུས་དང་དཀའ་སྤྱད་

དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ།  1123 ལོར་དགུང་གྲངས་གྱ་གསུམ་ལ་སྐུ་གཤེགས་སོ། །

¡@

སྒྲ་བསྒྱུར་མར་པ་ལོ་ཙཱ།   རྗེ་བཙུན་མི་ལ་རས་པ།   མཉམ་མེད་དྭགས་པོ་ལྷ་རྗེ།

¡@