¡@
བྱུང་རིམ།
རྒྱ་གར་དང་བལ་པོའི་ཡུལ་དུ། ནི་གུ་མ་དང་། སུ་ཁ་སིདྷི་རྣམ་གཉིས། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་རྣམ་བཞི་སོགས་ལས་
ཁྱུང་པོ་རྣལ་འབྱོར་གྱིས་བླངས་ཏེ་བོད་ཡུལ་དུ་དར་བ་ཡིན།
གདམས་པ།
ཆོས་ཀྱི་གཙོ་བོ་ལ་རྒྱུད་སྡེ་ལྷ་ལྔ་དང་། ནི་གུའི་ཆོས་དྲུག །མཁའ་སྤྱོད་བཀའ་ལྔ། མགོན་པོའི་ཆོས་སྐོར་སོགས་ཏེ། བོད་ཡུལ་གྱི་གྲུབ་མཐའ་
ཐམས་ཅད་ལ་ཁྱབ་ཆེའོ། །ཕྱག་ཆེན་གྱི་སྐོར་ནི་དྭགས་པོ་བཀའ་བརྒྱུད་དང་གནད་གཅིག་ལ། ལྟ་བའི་བཞེད་པ་ཡང་ཕྱག་ཆེན་ལས་མ་འདས་
པར་སྣང་ངོ་། །
¡@