¡@
རྡོ་རྗེ་གདན་དང་། དེར་ཕེབས་ཚུལ།
རྡོ་རྗེ་གདན་ནི་ནང་པའི་གནས་གལ་ཆེ་ཤོས་དང་། གནས་ཆེན་བཞི་ལས་སྟོན་པ་སངས་
རྒྱས་པའི་གནས་ཡིན། རྡོ་རྗེ་གདན་ནི་བི་ཧར་ཞིང་ཆེན་དུ་ཡོད། ཞིང་ཆེན་གྱི་ལྟེ་གནས་ལ་
པ་ཌ་ཎ་ཟེར། དེ་ནི་སྔར་རྒྱལ་པོ་མྱ་ངན་མེད་པའི་རྒྱལ་ས་སྐྱ་ནར་བུའི་གྲོང་ ( པ་ཊ་ལི་པུ་
ཏྲ་) ཡིན། པ་ཌ་ཎ་ནས་གྷ་ཡ་བར་སྤྱི་ལེ་ (km) བརྒྱ་དང་། པ་ཌ་ཎ་ནས་རྡོ་རྗེ་གདན་
བར་སྤྱི་ལེ་བརྒྱ་དང་བཅོ་ལྔ། གྷ་ཡ་ནས་རྡོ་རྗེ་གདན་བར་སྤྱི་ལེ་བཅུ་གསུམ། གྷ་ཡ་ནས་
གྷ་ཡ་གནམ་ཐང་བར་སྤྱི་ལེ་བརྒྱད། རྡོར་གདན་མཆོད་རྟེན་ནས་གྷ་ཡ་གནམ་ཐང་བར་
སྤྱི་ལེ་གཉིས་ཙམ། རྒྱལ་ནང་གི་གནམ་གྲུ་ཀ་ལི་ཀ་ཏ་ནས་བདུན་ཕྲག་གཅིག་ལ་ཕར་ཚུར་
ཐེངས་གཅིག་ཡོད་རུང་། འགྲུལ་པ་མང་བའི་དུས་སུ་རྒྱལ་སྤྱིའི་གནམ་གྲུ་ཐའི་ལན་ནས་
ཤར་རྒྱག་ཡོད། ལྡི་ལི། ཀ་ལི་ཀ་ཏ། པ་ཌ་ཎ་གསུམ་ལ་ཉིན་ལྟར་གནམ་གྲུ་འཕུར་མཐུད་
བྱེད་ཀྱི་ཡོད།
སྤྱི་སྤྱོད་རླངས་འཁོར། (Bus)
པ་ཌ་ཎའི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་གསར་པ་དེར་མི་ཐ་པུར་འབབ་ཚུགས་ཟེར། དེ་པ་ཌ་ཎའི་མེ་འཁོར་འབབ་ཚུགས་ནས་སྤྱི་ལེ་
གཉིས་ཡོད། འབབ་ཚུགས་དེ་ནས་གྷ་ཡ་བར་ཆུ་ཚོད་གསུམ་འགོར་གྱི་ཡོད།
མེ་འཁོར།
པ་ཌ་ཎའི་འབབ་ཚུགས་ནི་པ་ཌ་ཎའི་མེ་འཁོར་འབབ་ཚུགས་ལྟེ་བ་དང་། གྷ་ཡ་འབབ་ཚུགས་ནི་གྷ་ཡའི་མེ་འཁོར་འབབ་ཚུགས་ལྟེ་བ་ཡིན།
ལྡི་ལི་ནས་པ་ཌ་ཎར (992 km) ཆུ་ཚོད་བཅུ་གཉིས། ལྡི་ལི་ནས་གྷ་ཡར་ (1100 km) ཆུ་ཚོད་བཅུ་དྲུག་ཡིན།
མགྲོན་ཁང་།
རྡོ་རྗེ་གདན་ལ་མགྲོན་ཁང་འཚང་ཁ་ཤིག་ཤིག་ཡོད། ཚང་མ་མཆོད་རྟེན་གྱི་ཉེ་འཁྲིས་སུ་ཡོད་པས་རྐང་ཐང་ངམ། རྐང་གསུམ་འཁོར་ལོས་
སོང་ན་འགྲིག །ས་གནས་ཁ་པར་ཨང་གྲངས་ ( 0091-631- ) ཡིན།
¡@
མགྲོན་ཁང་གོང་ཆུང་ཤོས།
བྷུདྡྷ་བི་ཧར། (ཁ་པར། 2200127) དཱི་པ་མགྲོན་ཁང་། (ཁ་པར། 2200463) མོ་ཧ་མ་ཏ་མགྲོན་ཁང་། (ཁ་པར། 2200690)
ར་ཧུལ་མགྲོན་ཁང་། འབྲུག་དགོན་། (ཁ་པར། 2200710) ཀརྨ་དགོན་རྙིང་པ། (ཁ་པར། 2200795) ཀརྨ་དགོན་གསར་པ།
འབར་མའི་དགོན། ( ཁ་པར། 2200721) འཇའ་པན་དགོན། བོད་དགོན། ས་སྐྱ་དགོན། ཐའི་ལན་དགོན། བལ་ཡུལ་དགོན་པ་སོགས་ཡིན།
གོང་འབྲིང་གྲས།
སི་དྡྷར་ཐ། (ཁ་པར། 2200127) ཨམ་བྷ་སིའི། (ཁ་པར། 2200799) ཀིརྟི་མགྲོན་ཁང་། (ཁ་པར། 2200744)
ཨུ་རུ་བི་ལ། (ཁ་པར། 2200235) ཏ་ཐཱ་ག་ཏ་ (ཁ་པར། 2200106) སོགས་ཡིན།
གོང་ཆེ་ཤོས།
སུ་ཇཱ་ཏ། (ཁ་པར། 2200761) རོ་ཡལ་རེ་སི་ཌན་སི། (ཁ་པར། 2200124) མ་ཧ་ཡ་ན་མགྲོན་ཁང་། (ཁ་པར། 2200675)
ལོ་ཊ་ས་ཉི་ཧོང་སོགས་ཡིན།
¡@
¡@
¡@