¡@

བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས།   སྡེ་བཀའ། མདོ་སྡེ། མ༽ ༡༠༧  ན ༧

ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ།  གཏུགས་པར་མི་འགྱུར་རོ། །

དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ།

གཏུགས་པར་འགྱུར་བ་གང་ཡང་མེད་དོ། །ཞེས་སོ། །

¡@


 2007 བཀའ་བརྒྱུད་སྨོན་ལམ་གྲ་སྒྲིག་ཚན་པ།

སྤྱི་ཁྱབ་སློབ་སྟོན་པ།  དཔལ་༧རྒྱལ་དབང་ཀརྨ་པ།

སྨོན་ལམ་འདི་ཉིད་ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་དབུ་ཚུགས་པ་ནས་བཟུང་གྲ་སྒྲིགས་བྱ་མཁན་གྱི་མི་སྣ་རྒྱུན་མར་བྱུང་ཡོད་མོད།  ༧རྒྱལ་དབང་

ཀརྨ་པ་སྨོན་ལམ་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་བའི་བཀའ་དྲིན་ལ་བརྟེན་ནས་སྨོན་ལམ་འདི་ཉིད་གཞི་རྒྱ་ཆེན་པོར་གྱུར་སྟབས།  སྒྲིག་འཛུགས་

དང་།  འགན་འཁུར་མི་སྣ་དགོས་གལ་ཆེ་བའི་དབང་གིས།  ༧རྒྱལ་དབང་མཆོག་གི་བཀའ་དགོངས་བཞིན།  2006  ཟླ་ 11 ཉིན་ 27 ནས་ 29 བར་

ཝཱ་རཱ་ཎ་སཱིར་ཚོགས་འདུ་ཚོགས་ཏེ།  སྨོན་ལམ་གྱི་ལས་དོན་རྣམས་ཆོས་དོན་ཚན་པ།  རོགས་སྐྱོར་ཚན་པ།  ཞབས་ཞུ་ཚན་པ་སྟེ་ཚན་པ་གཙོ་བོ་གསུམ་ལ་

ནང་གསེས་ཀྱི་ཚན་པ་བཅུ་གསུམ་དུ་ཕྱེས་ནས་མི་སྣ་གཏན་འབེབས་གནང་ཡོད།

ལྷག་དོན་ད་ལོར་ལས་རིམ་དང་བསྟུན་ཏེ་སྨན་བཅོས་ཚན་པ་དང་དྲན་རྟེན་གོ་སྒྲིག་ཚན་པ་སྟེ་ཚན་པ་གསར་པ་གཉིས་ཀྱང་ཡོད།


¡@

¡@