བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་གསུམ་པའི་མཛད་རིམ།
¡@
༡༽ ཉིན་གསུམ་པའི་ཞོགས་ཚོགས་ཀྱི་མཛད་རིམ།
ཕྱི་ལོ་ ༢༠༠༩ ཕྱི་ཟླ་དང་པོའི་ཚེས་དྲུག་སྟེ་སྨོན་ལམ་གྱི་ཉིན་གསུམ་པར་གྲུབ་པའི་མཛད་རིམ་མདོར་བསྡུས་ནི། དེ་ཡང་ཞོགས་པ་
སྔར་རྒྱུན་བཞིན་གསོ་སྦྱོང་གི་སྡོམ་པ་དེ་བཞིན་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བསྩལ། དེ་རྟིང་སྨོན་ལམ་ཉི་ཤུ་པའི་
ཆོས་སྤྱོད་ཞལ་འདོན་དེ་བཞིན་ཕྱག་ཚོད་དགུ་པ་བར་མུ་མཐུད་དབུ་འཛུགས་བསྐྱངས། ཞོགས་པ་ཕྱག་ཚོད་དགུ་པའི་ཐོག་༧རྒྱལ་
དབང་ཀརྨ་པ་ཡིད་བཞིན་ནོར་བུ་མཆོག་གང་གི་བཞུགས་གནས་ནས་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་བསྐྱངས་ཏེ་
འཆར་ཅན་བཞིན་གངས་ཅན་གྲུབ་པའི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་རྣམ་མགུར་གྱི་ཁྲིད་ལུང་བསྩལ།
¡@

༧ཡིད་བཞིན་ནོར་བུ་མཆོག་མཉམ་བཞག་ངང་གནས་བཞིན་པ།
ཆུ་ཚོད་བཅུ་གཅིག་པའི་ཐོག་མགོན་པོ་མཆོག་ནས་བྷང་ལ་དྷེ་ཤེའི་ནང་པའི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་
བསྐྱང་པའི་དགོན་སྡེ་ཞིག་གི་ནང་གདན་འདྲེན་ཞུས་པ་བཞིན་ཞབས་སོར་བསྐྱངས་ཏེ་རབ་གནས་བྱིན་འབེབས་བཀའ་དྲིན་
བསྩལ།
མར་ལམ་ཕེབས་ཞོར་དུ་སྨོན་ལམ་ཚོགས་པས་ཟུར་འཛུགས་མཛད་པའི་རིན་མེད་སྨན་སྦྱིན་ཁང་དུ་གཟིགས་ཞིབ་དང་།
དགེ་འདུན་སྤྱིའི་བཞུགས་གནས་སྔ་འགྱུར་རྙིང་མའི་མགྲོན་ཁང་དུ་ཡང་གཟིགས་རྟོག་ལེགས་པར་གྲུབ་རྗེས་བཞུགས་གནས་
གཏེར་སྒར་དགོན་དུ་ཕྱིར་ཕེབས་མཛད།
¡@





¡@
༢༽ དགེ་སློང་རྣམས་ལ་གུང་ཚིགས་གསོལ་ཚུལ་གྱི་བཀའ་སློབ།
ཉིན་གུང་དགེ་སློང་རྣམས་གདུགས་ཚོད་གསོལ་ཟིན་པའི་སྐབས་དགེ་སློང་རྣམས་ལ་རྒྱལ་དབང་ཡིད་ནོར་མཆོག་ནས་འདུལ་བའི་
ལུགས་དང་མཐུན་པའི་གསོལ་ཚིགས་བཞེས་ཚུལ་གྱི་གནང་བཀག་གི་རིམ་པའི་བཀའ་སློབ་དང་། གཞན་ཡང་དགེ་ཚུལ་རྣམས་
ཀྱིས་དགེ་སློང་རྣམས་ལ་བསྟི་སྟང་ཚུལ་བཞིན་མཛད་དགོས་ཚུལ་གྱི་བཀའ་སློབ་ཟབ་ཅིང་རྒྱས་པ་བསྩལ།
¡@

དགེ་སློང་རྣམས་གུང་ཚིགས་ཕྱིར་གཏེར་སྒར་རྒྱལ་སྒོ་ནས་འདུ་ཁང་དུ་ཕེབས་བཞིན་པ།

རིན་པོ་ཆེ་རྣམ་པ་གུང་ཚིགས་སྔོན་དུ་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་བཞིན་པ།

དགེ་སློང་ཕ་རྣམས་གུང་ཚིགས་གསོལ་བཞིན་པ།

དགེ་སློང་མ་རྣམས་གུང་ཚིགས་གསོལ་བཞིན་པ།



གུང་ཚིགས་སྐབས་དགེ་སློང་རྣམས་ལ་༧ཡིད་ནོར་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བཞིན་པ།
¡@
༣༽ གསར་འགོད་ཚོགས་འདུ།
གུང་ཡོལ་ཆུ་ཚོད་གཅིག་དང་ཕྱེད་ལ་དམིགས་བསལ་གསར་འགོད་ཚོགས་འདུ་ཞིག་བསྐྱངས་སྐབས་ཡིད་ནོར་མཆོག་ནས། སྤྱིར་
དེང་དུས་ཚན་རིག་ཐོག་ནས་ཕྱི་དངོས་པོའི་ཡར་རྒྱས་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་མུས་ཡིན་ན་ཡང་། ནང་སེམས་ཀྱི་བྱམས་
བརྩེའི་རིན་ཐང་དང་། ཁོར་ཡུག་གི་དཔལ་ཡོན་ཉམས་རྒུད་འགྲོ་བཞིན་པའི་སྐབས་འདིར་རང་རེ་ཐམས་ཅད་ཀྱིས་མི་རིགས་དབྱེ་
འབྱེད་དང་གྲུབ་མཐའི་ཕྱོགས་ཞེན་དོར་ཏེ་ཕན་ཚུན་མཛའ་མཐུན་དུ་གནས་དགོས་པ་དང་། དེ་ཡང་རང་ཅག་ཐམས་ཅད་ཕན་
ཚུན་གཅིག་ལ་གཅིག་བརྟེན་དགོས་པ་དང་གཅིག་ལ་གཅིག་ལྟོས་དགོས་པ་རྟེན་འབྲེལ་གྱི་རང་བཞིན་ཡིན་པས་ཕན་ཚུན་བྱམས་
བརྩེའི་དཔལ་གྱིས་ཡུན་དུ་གནས་དགོས་པ་ཤིན་ཏུ་གལ་འགངས་ཆེ་ཚུལ་སྐོར་དང་། གཞན་ཡང་བཀའ་བརྒྱུད་སྨོན་ལམ་འདི་
བཞིན་ཚུགས་དགོས་པའི་རྒྱུ་མཚན་ནི་འཇིག་རྟེན་ནང་ཞི་བདེ་དང་། བྱམས་སྙིང་རྗེའི་རྒྱུན་མཆོག་གོང་ནས་གོང་དུ་སྤེལ་བའི་
སླད་དུ་ཡིན། ལྷག་པར་རང་ཅག་གང་ཟག་མི་རེ་ངོ་རེར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགན་ལྡོག་ཏུ་མེད་པ་བབ་
ཡོད་པས་ཐམས་ཅད་ཀྱིས་ཁུར་མཉམ་ལེན་དགོས་པ་ཤིན་ཏུ་གལ་ཆེ་བ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་བསྩལ།
དེ་རྗེས་གསར་
འགོད་པ་སོ་སོས་བཀའ་འདྲི་ཞུས་པའི་དྲི་བ་ཁག་ལ་བཀའ་ལན་གང་ལ་གང་འོས་ཐོགས་མེད་དུ་བསྩལ།



གསར་འགོད་ཚོགས་འདུའི་སྐབས་གསར་འགོད་པའི་དྲི་བ་རྣམས་ལ་༧ཡིད་ནོར་མཆོག་ནས་བཀའ་ལན་སྩོལ་བཞིན་པ།

སྔ་འགྱུར་རྙིང་མའི་མགྲོན་ཁང་དུ་སེར་སྐྱ་མི་མང་རྣམས་ལ་༧ཡིད་ནོར་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་པའི་བརྙན་འཕྲིན་སྟོན་བཞིན་པ།
¡@
¡@ |