¡@

བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་དྲུག་པ། ཕྱི་ལོ་ 2009 ཟླ་ 01 ཉིན་ 04 ནས་ 11 བར།

བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་དྲུག་པ་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་

ཕྱི་ལོ་ 2009 ཟླ་བ་ 1 ཉིན་ 4 ནས་ 11 བར་ཚོགས་རྒྱུ་ཡིན། འདི་ལོར་སྨོན་ལམ་གྲ་སྒྲིག་

ཚན་པས་ཕྱོགས་བཞིའི་དགེ་འདུན་གྱི་སྡེ་རྣམས་སྤྱན་དྲངས་ཏེ་འཇིག་རྟེན་ཞི་བདེར་གནས་

པའི་སྨོན་ལམ་གང་ཟབ་གནང་རྒྱུ་མ་ཟད་ཚོགས་ཀྱི་གཙོ་བོ་དང་ཆོས་ཀྱི་སྟོན་པར་རྒྱལ་ དབང་ཀརྨ་པ་ཆེན་པོ་ཆེད་ཕེབས་ཀྱིས་གངས་ཅན་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་རས་

པའི་རྣམ་ཐར་ལོ་སྔ་མའི་འཕྲོ་བསྐྱང་པ་དང་འབྲེལ། སྨོན་ལམ་ཉིན་དྲུག་པར་རྗེ་བཙུན་སྒྲོལ་

མའི་རྗེས་གནང་བསྩལ་རྒྱུ་དང་།

¡@

ནུབ་ཕྱོགས་ཀྱི་སློབ་ཚོགས་རྣམས་ལ་ཕྱི་ལོ་ 2009 ཟླ་ 1 ཉིན་ 12 ནས་ 14 བར་གཏེར་སྒར་

དགོན་པར་དམིགས་བསལ་གསུང་ཆོས་བསྩལ་གཏན་ཁེལ་བ་དང་། གཞན་ཡང་མི་འཁྲུགས་

པའི་བྱང་སྲེག །སྤྱི་སྒེར་སྐུ་རིམ། བཀའ་འགྱུར་དག་སྒྲོགས། བསོད་སྙོམས་རྒྱུ་འབུལ་སོགས་ཞིབ་

ཕྲའི་གནས་ཚུལ་གཤམ་གསལ་མཛད་རིམ་དུ་གཟིགས།

 

སྨོན་ལམ་མཛད་རིམ།

¡@