¡@

གསུང་ཆོས་ཁྱབ་བསྒྲགས།

བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་དྲུག་པར་སྨོན་ལམ་གྲ་སྒྲིག་ཚན་པས་ནུབ་ཕྱོགས་པའི་

སློབ་ཚོགས་རྣམས་ཀྱི་ཆེད་རྒྱལ་དབང་ཀརྨ་པར་གསུང་ཆོས་ཤིག་སྐྱབས་འཇུག་ཞུས་པ་ལྟར་

གནང་གཏན་ཁེལ་ཞིང་། དེ་ཡང་ 2009/01/12 ནས་ 14 བར་ཉིན་གསུམ་གྱི་རིང་སྔ་དྲོའི་

ཆུ་ཚོད་ 9 ནས་ 11 བར་ཐུན་གཅིག་དང་། ཕྱི་དྲོའི་ཆུ་ཚོད་ 3 ནས་ 5 བར་ཐུན་གཅིག་སྟེ་

ཁྱོན་བསྡོམས་ཆོས་ཐུན་དྲུག་ཡོད།

གསུང་ཆོས་གནང་ཡུལ་རྡོར་གདན་གཏེར་སྒར་གྱི་འདུ་ཁང་དུ་ཡིན། གསུང་ཆོས་ཀྱི་བརྗོད་

བྱ་གཙོ་བོ་༼ རྒྱལ་དབང་ཀརྨ་པ་ཉིད་ཀྱི་སྐུའི་མྱོང་བ་བརྗོད་པ། ཆོས་ཀྱིས་འཚོ་བ ༽ ཞེས་པ་ ཡིན། དོན་གཉེར་ཅན་རྣམས་ཀྱིས་བཀའ་བརྒྱུད་སྨོན་ལམ་གྲ་སྒྲིག་ཚན་པའི་གསུང་ཆོས་གོ་ སྒྲིག་ཚན་པར་འབྲེལ་བ་གནང་དགོས།

འབྲེལ་བ་གནང་ཡུལ་གྱི་ཁ་བྱང་ monlamteaching@gmail.com འདིར་གསུང་ཆོས་ དང་འབྲེལ་བའི་བཀའ་འདྲི་གང་ཡོད་གནང་ཆོག །གསུང་ཆོས་ལ་བཅར་འདོད་ཡོད་པ་ ཚོས་ཕྱི་ལོ་ 2008 ཟླ་ 12 ཉིན་ 01 གོང་ཐོ་འགོད་ངེས་པར་བྱེད་ཐུབ་དགོས། ཐོ་འགོད་མ་ ཐུབ་པ་རྣམས་འདུ་ཁང་ཕྱི་ལོགས་ན་བཞུགས་དགོས།

 

གསུང་ཆོས་གནང་ཡུལ་གཙོ་བོ་ཕྱི་རྒྱལ་པ་ཡིན་མོད་བོད་རིགས་སོགས་ཀྱང་ཕེབས་ཆོག ། བཞུགས་གནས་དང་ཞལ་ལག་སོགས་རང་རང་ནས་བཀོད་སྒྲིག་བྱ་དགོས། གསུང་ཆོས་ཞུ་ ཡོན་མི་དགོས་ཀྱང་རང་རང་བློས་བཅད་ཀྱིས་འབུལ་འདོད་ཡོད་ཚེ་ཆེད་དུ་བཀག་པ་མེད།

¡@

      

བཀའ་བརྒྱུད་སྨོན་ལམ་གོང་ཕྱི་ལོ་ 2008/12/31 ཉིན་ནས་དབུ་འཛུགས་ཀྱིས་ཉིན་གསུམ་རིང་རྒྱ་རིགས་གཙོ་བོར་གྱུར་པའི་ཤར་ཕྱོགས་པ་

རྣམས་ཀྱི་ཆེད་ ༼ སྒྲུབ་བརྒྱུད་ཀྱི་ཉམས་ལེན ༽ ཞེས་པའི་གསུང་ཆོས་ཐེངས་གསུམ་པ་དེ་ Hwa Yue Foundation ནས་གོ་སྒྲིག་ཞུས་ཏེ་

ཚོགས་འཆར་ཡོད་པའང་དགོངས་འཇགས་ཞུ།

 

གསུང་ཆོས་མཛད་རིམ།

¡@

¡@