¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

༧དཔལ་རྒྱལ་དབང་ཀརྨ་པ་མཆོག་རྡོར་གདན་ཉེ་འདབས་གཏེར་སྒར་དགོན་དུ་ཞབས་སོར་འཁོད་པ།

¡@

ཕྱི་ལོ་ 2009 ཕྱི་ཟླ་ 11 ཚེས་ 27 ཉིན་གུང་ཡོལ་ཆུ་ཚོད་གཉིས་པ་ཙམ་ནས་ད་ལྟའི་བཞུགས་གནས་རྒྱུད་སྟོད་དཔལ་ལྡན་ར་མོ་ཆེའི་

གཙུག་ལག་ཁང་ནས་སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཕེབས་གྲུར་

ཆིབས་ཐོན་གྱི་གྷ་གྷལ་གནམ་ཐང་དུ་ཕེབས་ཤིང༌། ཆུ་ཚོད་གསུམ་དང་ཕྱེད་ཐོག་གནམ་ཐང་ནས་མཁའ་གྲུར་ཐད་ཀར་དྷི་ལིར་ཕེབས་ཏེ།

དེ་ཉི་དགོང་དྲོ་་དུ་བཞུགས་ཞག་མཛད་ཅིང་དགོང་དྲོ་དྷི་ལི་ Grand Hotel མགྲོན་ཁང་དུ་བཞུགས་གནས་དེ་ཉིད་ཀྱི་བདག་པོས་རྒྱལ་

དབང་སྐུ་གོང་མའི་སྦྱིན་བདག་ཡིན་པའི་ལར་རྒྱར་བརྟེན་དགོང་དྲོའི་གསོལ་སྟོན་གཟབ་རྒྱས་ཕུལ།

¡@

ཆེས་ 29 ཉིན་དྷི་ལི་ནས་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཅོ་ལྔའི་ཐོག་གནམ་ཐང་ནས་མཁའ་གྲུར་ཕེབས་ཏེ་ཝཱ་རཱ་ཎ་སིའི་གནམ་ཐང་

དུ་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཞི་བཅུ་ཞེ་ལྔའི་ཐོག་ཕེབས། དེ་ཉིན་ཕེབས་བསུར་སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གི་

དབུས་གནད་ཡོད་མི་སྣ་འགའ་ཞིག་ཕེབས་ཏེ། གུང་ཡོལ་ཆུ་ཚོད་དང་པོ་དང་ཕྱེད་ཙམ་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེའི་དགོན་པ་བཛྲ་བིདྱར་

ཆིབས་སྒྱུར་བསྐྱངས་རྗེས་རིན་པོ་ཆེ་དབུར་བཞུགས་པའི་མཁན་པོ་དང་དགེ་འདུན་རྣམས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་

དགེ་འདུན་ཀུན་ལ་མཇལ་ཁ་དང་སྦྲགས་ཧོང་ཀོང་ཆོས་ཚོགས་ཀྱི་སློབ་མ་འགའ་ཞིག་ལ་ཡང་མཇལ་ཁ་གནང༌།

¡@

ཉིན་གུང་ཆུ་ཚོད་གསུམ་པ་ཙམ་ལ་སིངྒ་པུར། འབར་མ། ཐ་ཡི་ལེཎྜ། ཀབྷོ་ཌི་ཡ་སོགས་རྒྱལ་ཁབ་དུ་མ་ནས་ཕེབས་པའི་ཨ་ནེ་ 150 ཙམ་གྱིས་

མཇལ་ཁ་ཞུས་ཤིང༌། དེ་དག་ལ་ཆོས་འབྲེལ་མདོར་བསྡུས་བསྐྱངས། དེ་རྗེས་དེ་ཉིན་སྐུ་མཉེལ་སྟབས་སྐུ་མལ་བསྟེན། ཚེས་ཉེར་དགུ་ཉིན་ཞོགས་

པ་ཆུ་ཚོད་བཅུ་གཅིག་ཙམ་ལ་ལྗགས་སྨིན་མཛད་གྲུབ་དང་བསྟུན། ཆུ་ཚོད་བཅུ་གཉིས་ཐོག་ཝར་ཎ་ནས་ཆིབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་

བཞི་པའི་ཐོག་རྡོར་གདན་ཡོངས་དགེ་གཏེར་སྒར་དགོན་དུ་ཕེབས་བསུ་གཟབ་རྒྱས་ངང་ཞབས་སོར་བསྐྱངས།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.