|
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་རི་བོ་བྱ་རྐང་དུ་བྱང་ཆུབ་མཆོད་རྟེན་གྱི་དབུ་འབྱེད་དང་རབ་གནས་བསྩལ་བ།
¡@
ཕྱི་ལོ་
2009
ཕྱི་ཟླ་ 12 ཚེས་ 2
ཉིན་རི་བོ་བྱ་རྐང་དུ་མཆོད་རྟེན་གསར་བཞེངས་མཛད་མཁན་ཐེ་ཝན་ཆོས་ཚོགས་ཞིག་ནས་གདན་ཞུ་
མཛད་པ་ལྟར་ཞོག་པ་ཆུ་ཚོད་བདུན་པའི་ཐོག་སྐུ་འཁོར་གང་ཙམ་དང་ལྷན་ཕེབས་ཐོན་གྱིས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་
གཏད་རབས་དང་པོ་ཉན་ཐོས་ཆེན་པོ་འོད་སྲུང་གི་སྐུ་གདུང་བཞུགས་ནས་དང༌།
¡@
གཞན་ཡང་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་རྗེ་བཙུན་བྱམས་མགོན་བགྲང་བྱ་བཅུ་གཉིས་
ཀྱི་ཡུན་དུ་སྒྲུབ་པར་མཛད་པའི་གནས་ཁྱད་པར་དུ་འཕགས་པ་རི་བོ་བྱ་རྐང་དུ་ཞབས་སོ་བསྐྱངས།
¡@
རི་བོ་བྱ་རྐང་གི་མཚན་ལ་ལེགས་སྦྱར་སྐད་དུ་ཀུ་ཀུཎཌ་པདྷ་གྷི་རི་ཞེས་བརྗོད།
དེ་ཉིད་རྒྱའི་ལོ་ཙཱ་ཆེན་པོ་བཙུན་པ་ཆོས་སྣང་གི་གནས་ཡིག་
ནང་རབ་ཏུ་གསལ་བ་ལྟར་ཉེ་ཆར་གསར་དུ་རྙེད་པའི་གནས་མཆོག་ངེས་ཤེས་འདྲོངས་པ་ཞིག་ཡིན།
གནས་དེ་ཉིད་དུ་བགྲོད་སྐབས་རི་བོ་
ཤོད་བར་ལམ་བར་དུ་ཆུ་ཚོད་གཉིས་ཙམ་རིང་ཕེབས་འཁོར་དང༌།
དེ་ནས་ཞབས་ཐང་དུ་ཆུ་ཚོད་གཅིག་ལ་ཉེ་བ་ཕེབས་འགྲུལ་བསྐྱོན་པར་
མཛད།
¡@
རི་མགོ་ཕེབས་བསྟུན་ཉན་ཐོས་ཆེན་པོ་འོ་སྲུང་གི་སྐུ་གདུང་གི་མཆོད་རྟེན་སྒོ་ཁྱིམ་ནང་གསར་དུ་བཞེངས་པའི་ཉན་ཐོས་ཆེན་པོའི་སྐུ་བརྙན་
གྱི་དབུ་འབྱེད་དང༌། མཆོད་རྟེན་ལ་རབ་གནས་དང་ཁྲུས་གསོལ་མཛད།
མཆོད་རྟེན་སྐུ་མདུན་དུ་ཆུ་ཚོད་གཅིག་ཙམ་རིང་ཞལ་འདོན་མཛད་
པ་དང་ཆབས་ཅིག་གསར་བཞེངས་མཛད་པོ་མཆོག་ནས་ངོ་སྤྲོད་གསུང་བཤད་སྩལ།
དེ་ཉིན་རྒྱ་རིགས་དང་བོད་རིགས་སོགས་དད་ལྡན་
སྟོང་ཕྲག་ལ་ཉེ་བ་དེར་འདུས།
གུང་ཡོལ་ཆུ་ཚོད་གསུམ་པ་ཙམ་བཞུགས་གནས་གཏེར་སྒར་དགོན་དུ་ཕྱིར་ཕེབས་མཛད།
¡@



















¡@
|