|
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་མཆོད་རྟེན་རིན་པོ་ཆེར་མཆོད་མཇལ་ཕྱིར་ཞབས་སོར་བསྐྱངས་པ།
¡@
ཕྱི་ལོ་
2009
ཕྱི་ཟླ་ 12
པའི་ཚེས་བདུན་གྱི་ཉིན་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་
ནས་འབྲེལ་ཡོད་སྐུ་འཁོར་རྣམས་དང་ལྷན་དུ་གཏེར་སྒར་དགོན་ནས་མཆོད་རྟེན་རིན་པོ་ཆེར་མཆོད་མཇལ་ཕྱིར་ཞབས་སོར་བསྐྱངས་སྐབས་
བྱང་ཆུབ་མཆོད་རྟེན་གྱི་ཚོགས་པའི་དྲུང་ཆེ་སྐུ་ཞབས་སྣང་མཛད་རྡོ་རྗེ་མཆོག་དང༌།
ཐེག་དམན་དགེ་འདུན་པའི་དབུ་འཛིན་བནྡེ་ཅ་ལིཎྜ་
མཆོག་ནས་ཕེབས་བསུ་གཟབ་རྒྱས་ཞུས།
¡@
དེ་རྗེས་རྒྱལ་དབང་མཆོག་ནས་ཞབས་སྐོར་ལན་གཅིག་ཕེབས་གྲུབ་དང་བསྟུན་ཆོས་རྟེན་ནང་དུ་ཕེབས་ཏེ་བདག་ཅག་གི་སྟོན་པ་མཉམ་མེད་
བཀའ་དྲིན་ཅན་གྱི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྙན་ཤལ་དང་ན་བཟའ་སྒྲོན་འབུལ།
གསོལ་ལྷུང་ནང་མངར་ཟས་དང་
འབྲས་ལྡན་དུ་མས་བཀང་སྟེ་འབུལ་གནང་དང་འབྲེལ་མཎྜལ་སོ་བདུན་མ་དང་ཐུབ་སྟོད་གསུངས།
དེ་མཇུག་ནང་སྐོར་ཕེབས་པ་དང་སྦྲགས
བྱང་ཆུབ་ལྗོན་ཤིང་འོག་ཚོགས་བཞིན་པའི་རྒྱལ་སྤྱི་པ་ལིའི་སྡེ་སྣོད་གསུམ་གྱི་མདོ་སྒྲོགས་ཆོ་ག་ཐེང་ལྔ་པ་ཚོགས་བཞིན་པར་ཐེག་དམན་གྱི་
འདུས་ཚོགས་རྒྱལ་ཁབ་ཁག་དགུ་སྟེ།
འབར་མ། བྷེཏ་ནམ།
ཤྲཱི་ལངྐ། བལ་པོ།
ལའོས།
རྒྱ་གར། བྷང་ལ་དེ་ཤི། ཀམྦྷོཌི་ཡ། ཐེ་ལན་ཏེ་རྒྱལ་ཁབ་
ཁག་དགུ་པོ་དེ་དག་རེ་རེ་ནས་ཚོགས་གུར་ཆེན་པོ་རེ་ཕུབ་སྟེ་རང་ལུགས་སོ་སོའི་འདོན་ཆ་ཚོགས་བཞིན་ཡོད་པར་རེ་རེ་བཞིན་ཡིད་ནོར་མཆོག་
ནས་ཞབས་སོར་བཀོད་དེ་ཞིབ་གཟིགས་ལེགས་པར་བསྐྱངས་ཤིང༌།
ཚོགས་པ་རེ་རེར་མཎྜལ་རྟེན་མཚོན་གྱི་མཆོད་བསྙེན་དང་མཇལ་དར་རེ་
བསྩལ།
ཁོང་རྣམས་ནས་ཀྱང་རང་ལུགས་གྲུབ་མཐའི་གཞུང་ལུགས་ཀྱི་ཕྱག་དེབ་རེ་ཕུལ་བ་བཞིན་རྒྱལ་དབང་མཆོག་ནས་དགྱེས་བཞེས་མཛད།
¡@
གཞན་ཡང་ཉེ་འདབས་སུ་རྒྱལ་སྤྱིའི་ཚོགས་གུར་ཆེན་པོ་ཞིག་ནང་བོད་ལུགས་ཀྱི་གྲྭ་བཙུན་ཡང་དུ་མ་ཚོགས་མོད།
སྔ་འགྱུར་བསྟན་པའི་གསལ་
བྱེད་སྐྱབས་རྗེ་དར་ཐང་རིན་པོ་ཆེའི་སྲས་མོ་དབང་མོ་མཆོག་ནས་ཐེག་དམན་གྱི་འདུས་ཚོགས་དེ་དག་གི་སྦྱིན་བདག་གཙོ་བོ་ཞིག་ཡིན་པར་
བརྟེན་ཁོང་ཉིད་ནས་རྒྱལ་དབང་མཆོག་ལ་གདན་ཞུ་མཛད་པ་བཞིན་ཕེབས་པ་ཡིན་མོད།
འདི་ལོ་རྒྱལ་དབང་མཆོག་ནས་མཆོད་རྟེན་ཆེན་
མོ་རྟེན་མཇལ་དང་ཆབས་ཅིག་མཆོད་རྟེན་གྱི་ཕྱི་ནང་བར་གསུམ་ཐམས་ཅད་ལ་ཞབས་བསྐོར་བསྐྱངས།
བཀའ་བརྒྱུད་སྨོན་ལམ་སྐབས་མཆོད་པའི་སྟ་གོན།
ལོ་ལྟར་འབྲུག་པའི་དགོན་པར་དགེ་འདུན་པ་ཕྱག་རྩལ་བདེ་བ་རྣམས་འདེམས་སྒྲུག་གིས་
བཀའ་བརྒྱུད་སྨོན་གྱི་མཆོད་པ་ལྟ་ན་སྡུག་པ་བཞེངས་བཞིན་པ་ལྟར།
འདི་ལོ་ཡང་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པའི་སྟ་གོན་ཕྱིར་
མཛེས་བཀོད་ཕུན་སུམ་ཚོགས་པས་བརྒྱན་པའི་མཆོད་གཏོར་ཆེ་ཁག་བརྒྱད་བཞེངས་བཞིན་པ་ནི་འདི་ལོའི་དམིགས་བསལ་ཕྱིར་བདེ་གཤེགས་
སྨ་བླ་བརྒྱད་ཀྱི་སྐུ་བརྙན་དང༌།
གཞན་ཡང་འདི་ལོ་མཆོད་བཞེངས་སུ་ཐུབ་པའི་མཛད་པ་བརྒྱད་མཚོན་པའི་སྐུ་བརྙན་བརྒྱད་དང༌།
དེ་བཞིན་
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྐུ་བརྙན།
གཞན་ཡང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང༌། མཆོད་པའི་ལྷ་མོ་བཅུ་དྲུག་
གི་སྐུ་བརྙན་སོགས་མཛེས་བཀོད་ཕུན་སུམ་ཚོགས་པས་བརྒྱན་ཏེ་དགེ་འདུན་པ་རྣམས་ནས་ངལ་བ་དྭང་ལེན་གྱིས་བཞེངས་བཞིན་པར་༧རྒྱལ་
དབང་མཆོག་ནས། ཕྱི་ལོ་
2009
ཕྱི་ཟླ་ 12
ཚེས་ 7
ཉིན་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་ཆིབས་སྒྱུར་བསྐྱངས་ཞོར་མར་ལམ་དུ་འབྲུག་
དགོན་པའི་འདུ་ཁང་དུ་ཞབས་སོར་འཁོད་དེ་ཐོག་མར་ཐུགས་སྨོན་མཚམས་སྦྱོར་དང༌།
དེ་རྗེས་མཆོད་པ་བཅའ་མཁན་རྣམས་ལ་གཟིགས་
ཞིབ་ནན་ཏན་མཛད།
¡@
དེ་བཞིན་ཕྱི་རྒྱལ་གྱི་གནམ་ལོ་གསར་ཚེས་སྐབས་མང་ཚོགས་ལ་རྗེ་བཙུན་མི་ལའི་རྣམ་ཐར་འཁྲབ་སྟོན་གྱི་ལམ་ནས་གཟིགས་འབུལ་སྐབས་
གནད་ཆེ་བའི་ཚངས་དབྱངས་སྦྱོང་བརྡར་མཛད་མཁན་གྱི་དབུ་མཛད་བཙུན་པ་དང་བཙུན་མ་ཡོངས་བསྡོམས་དྲུག་ཅུ་ལྷག་ཙམ་ཡོད་པ་
རྣམས་ལ་ཡང་ཞོར་གཟིགས་དང་སྦྲགས་དེ་དག་ལ་མུ་མཐུད་སྦྱོང་བརྡར་ཧུར་བརྩོན་དགོས་པའི་བློ་སྐྱེད་སྤེལ་བའི་ལམ་སྟོན་སྩལ།
དེ་རྟིང་
བཞུགས་གནས་གཏེར་སྒར་དགོན་དུ་ཆུ་ཚོད་
11 དང་ཕྱེད་ཙམ་ལ་ཕེབས་ཏེ་གུང་ཚིགས་གསོལ།
གུང་ཡོལ་ཆུ་ཚོད་གཉིས་པ་ནས་བཞི་པ་
བར་སྡོམ་གསུམ་གྱི་བཀའ་འཁྲིད་མུ་མཐུད་བསྐྱངས་ཤིང༌།
ཆུ་ཚོད་བཞི་དང་ཕྱེད་ནས་དད་ལྡན་མང་ཚོགས་རྣམས་ལ་མཇལ་ཁ་སྩལ།
¡@









¡@ |