|
འདི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པའི་དམིགས་བསལ་གྱི་ལས་གཞི་གསར་པ།
¡@
ཕྱི་ལོ་
2010
ལོའི་ཕྱི་ལོ་གསར་ཚེས་ཉིན།
གངས་ཅན་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་རྣམ་ཐར་འཁྲབ་སྟོན་ཕྱིར་ཡོངས་
དགེ་གཏེར་སྒར་དགོན་གྱི་ཉེ་འདབས་སུ་འཁྲབ་སྟེགས་དོ་རྭ་གསར་དུ་འཛུགས་སྐྲུན་བྱེད་བཞིན་ཡོད།
འཁྲབ་སྟེགས་དོ་རྭ་དེ་བཞིན་སོ་ཕག་གི་
རྩིག་བཞི་བརྟན་པོ་བཏིང་སྟེ་སྡོད་གནས་མཆོད་རྟེན་གྱི་བང་རིམ་ལྟར་ཤིན་ཏུ་རྒྱ་ཆེ་བའི་རང་བཞིན་ལྡན་པ་ཞིག་སྐྲུན་བཞིན་ཡོད།
གང་དུ་
འཁྲབ་སྟོན་གྱི་དོ་རྭ་སྐྲུན་པའི་ས་ཁུལ་དེ་ཉིད་བཀའ་བརྒྱུད་སྨོན་ལམ་ཚོགས་པས་ལོ་ཤས་གོང་གསར་དུ་སྤུས་གཟིགས་མཛད་པའི་ས་ཁུལ་ཞིག་
ཡིན་ཅིང༌།
དེར་མ་འོངས་པར་བཀའ་བརྒྱུད་སྨོན་ལམ་ཚོགས་མཁན་གྱི་དགེ་འདུན་པ་ལྔ་སྟོང་ཙམ་ཤོང་བའི་བཞུགས་གནས་ཤིག་གསར་
བསྐྲུན་གནང་རྒྱུའི་འཆར་གཞི་ཡོད།
¡@
འདི་ལོ་དེ་གར་རྗེ་བཙུན་གྱི་རྣམ་ཐར་དད་ལྡན་མང་ཚོགས་རྣམས་ཀྱི་རྒྱུད་དུ་ཐར་པའི་ས་བོན་སྐུན་ཕྱིར་འཁྲབ་སྟོན་གྱི་ལམ་ནས་གཟིགས་
འབུལ་ཞུ་རྒྱུ་ཡིན།
འཁྲབ་སྟོན་མཛད་མཁན་ནི་བོད་གཞུང་ཟློས་གར་ཚོགས་པ་བ་རྣམས་ཡིན།
ཁོང་རྣམས་ནས་ཕྱི་ལོ་ 2010 ཕྱི་ཟླ་ 01
ཚེས་
01
ཉིན་འཁྲབ་སྟོན་དབུ་འཛུགས་གནང་རྒྱུ་ཡིན་པ་དང༌།
ཁོང་རྣམས་ལ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་རྗེ་བཙུན་གྱི་རྣམ་ཐར་
གཞིར་བཟུང་འཁྲབ་སྟོན་གྱི་ལམ་སྟོན་སྔ་ཕྱིར་བསྐྱངས་པ་བཞིན་ད་ཆ་ཁོང་རྣམས་བྱང་ཆུབ་པ་བྱུང་ཡོད།


¡@
|