|
ཕྱི་ལོ་
2009 ཟླ་ 12
ཚེས་ 20 ཉིན་
བཤེས་སྤྲིང་གི་གསུང་ཆོས་ཉིན་དང་པོ་ནི།
¡@
བཤེས་སྤྲིང་གི་གསུང་ཆོས་ཉིན་དང་པོར་རྒྱལ་དབང་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན་ཕྱི་རྒྱལ་བ་རྣམས་ཀྱི་གསུང་
ཆོས་གོ་སྒྲིག་ཚོགས་པའི་འགན་འཛིན་སྐུའི་གཅེན་མོ་རྗེ་བཙུན་དངོས་གྲུབ་དཔལ་འཛོམས་མཆོག་ནས་མཎྜལ་རྟེན་གསུམ་
འདེགས་འབུལ་ཞུས་པ་དང་ཆབས་ཅིག་ཐོག་མར་ལེགས་སྦྱར་ཐོག་ཞལ་འདོན་གསུངས།
¡@
དེ་རྗེས་༧རྒྱལ་དབང་མཆོག་ནས་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པའི་སྔོན་འགྲོའི་བཤེས་སྤྲིང་གི་གསུང་ཆོས་སྐབས་
ཕེབས་པའི་འཛམ་གླིང་ཤར་ནུབ་ཀྱི་དད་ལྡན་སློབ་མ་རྣམས་ལ་འཚམས་འདྲི་མཛད།
གཞན་ཡང་རྒྱལ་དབང་མཆོག་ནས་འདི་
ལོ་བཤེས་སྤྲིང་འདེམས་དགོས་པའི་རྒྱུ་མཚན་དུ་མ་ཡོད་པ་ལས་གཙོ་བོ་བཤེས་སྤྲིང་དབུ་མའི་ལུགས་ལ་བཀྲལ་ཚུལ་དང༌།
འཇིག་
རྟེན་པའི་ལུགས་ལ་བཀྲལ་ཚུལ་གཅིག་སྟེ་གཉིས་ཡོད་པ་ལས།
འཇིག་རྟེན་སྔ་རབས་པ་རྣམས་ཀྱི་དགེ་བསྙེན་པ་རྣམས་ལ་དར་ཚུལ་
ཆེ་བས་དེ་ཉིད་ཀྱི་རྒྱུན་འཕེལ་བའི་སླད་ད་རེས་ཆེད་དུ་གཉེར་ནས་འདེམས་པ་ཡིན་ཚུལ་སོགས་གསུངས།
¡@
ཕྱག་དེབ་ཀྱི་མདུན་ཤོག་ཏུ་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་བརྙན་དེ་ཉིད་རྒྱལ་དབང་རང་ཉིད་ཀྱིས་ཕྱག་བསྟར་མ་ཡིན་ཚུལ་
གསུངས།
ད་ལན་འདིར་བཤེས་སྤྲིང་ཉིན་གཉིས་དང་ཕྱེད་རིང་འདོན་རྒྱུ་ཡིན་པས་འགའ་ཤས་ཞིབ་པར་འདོན་རྒྱུ་དང་འགའ་
ཤས་ཐད་ཀར་ཀློག་རྒྱུ་ཡིན།
འོན་ཀྱང་དོན་རྡོག་རྡོག་རྣམས་ཞིབ་པར་ཞུ་ཐུབ་པའི་རེ་འདུན་ཡོད་ཅེས་གསུང༌།
¡@
བཤེས་སྤྲིང་གི་གཞུང་འདི་ཉིད་མགོན་ཀླུ་སྒྲུབ་ཀྱི་མཆེད་གྲོགས་ལྷོ་ཕྱོགས་ཀྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞུ་བ་ཞིག་ཡོད་ད་ལ་གཙོ་
བོ་བརྗོད་བྱ་ཕར་ཕྱིན་དྲུག་ལ་སོགས་པའི་གཞུང་དེ་འཕྲིན་ཡིག་གི་ལམ་ལས་བྲིས་བཞག་པ་ཞིག་ཡིན། མགོན་པོ་སྐྲུ་སྒྲུབ་མཆོག་
སྤྱི་ལོ་དུས་རབས་དང་པོ་གཉིས་པའི་ནང་བྱུང༌།
ཁོང་ནི་གཙོ་བོ་ཐེག་ཆེན་དབུ་མ་པའི་གྲུབ་མཐའི་སྲོལ་འབྱེད་ཆེན་པོ་ཞིག་
ཆགས་ཡོད།
ཁོང་གིས་མཛད་པའི་མདོ་དང་སྔགས་ཀྱི་གཞུང་འགྲེལ་དུ་མ་ཡོད་ལས་མདོ་ཕྱོགས་ནས་དབུ་མ་རིགས་ཚོགས་ལྔ།
རྒྱུད་ནས་རིམ་ལྔ་ལ་སོགས་པ་མདོར་ན་མགོན་པོ་ཀླུ་སྒྲུབ་ནི་མདོ་སྔགས་གཉིས་ཀ་ལ་ཉམས་ལེན་གནང་མཁན་ཞིག་ཡིན་པ་
གསལ་པོ་རེད་ཅེས་སོགས་གསུངས་སོ།
།
¡@













¡@ |