¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

ཕྱི་ལོ་ 2009 ཟླ་ 12 ཚེས་ 26 ཉིན་གྱི་མཛད་རིམ་དང་འབྲེལ་བའི་གསུང་ཆོས།

¡@

བཀའ་བརྒྱུད་སྨོན་ལམ་ཉིན་གསུམ་པའི་ཞོགས་པ་ཆུ་ཚོད་དྲུག་པའི་ཐོག་ཡིད་ནོར་མཆོག་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་

སོར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་བསྟུན་༧རྒྱལ་དབང་མཆོག་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་བ་དང་འབྲེལ་ཐེག་ཆེན་

གསོ་སྦྱོང་ལེན་པའི་ཕན་ཡོན་དང༌། བསྲུང་བྱའི་སྐོར་མདོ་ཙམ་ལམ་སྟོན་མཛད། དེ་མཇུག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་མི་

ལས་སེམས་ཅན་ལ་ཕན་འདོགས་པར་མཛད་པའི་རྣམ་ཐར་གྱི་ལྗགས་ལུང་སྩོལ་བཞིན་པ་ལས་འཕྲོས་པའི་བཀའ་སློབ་ལམ་སྟོན་སྙིང་

པོར། ཆོས་སྤོང་གི་ལས་དང་འབྲེལ་བའི་སྐོར་ལ། སྤྱིར་སྔ་རབས་བོད་དུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚད་ཐུབ་ཀྱི་རང་

བཞིན་ཅན་དུ་མ་བྱུང་ཞིང༌། དགེ་བཤེས་རྩ་ཕུག་པ་ལྟ་བུའི་མངོན་པའི་ང་རྒྱལ་ཅན་རྗེ་བཙུན་ལ་ཕྱག་ཕུལ་བས་ཕྱག་ལན་མ་བྱུང་བས་

སྐྱེངས་ཏེ་འཁོན་སེམས་ཀྱིས་རྗེ་བཙུན་གྱི་སྐུ་ལ་བསྡོ་བ་ཡང་རྩོམ་ནུས་པའི་ངན་སྤྱོད་ཅན་ཡང་བྱུང་ཞིང༌། དེ་དང་འབྲེལ་ནས་ཆོས་

སྤོང་གི་ལས་མི་བྱེད་པའི་འཕྲོས་བཤད་ཕྲན་བུ་བྱ་རྒྱུ་ཡིན།

¡@

¡@

སྤྱིར་རང་རེ་རྣམས་བླ་མ་འདི་དང་འདིའི་སློབ་མ་ཡིན་ཞེས་དེའི་ཁ་འཛིན་ལྟ་བུས་རང་ཕྱོགས་ལ་བསྟོད་ཅིང༌། གཞན་ལ་སྨོད་པ་བྱེད་

པ་ལྟ་བུ་ཤིན་ཏུ་སྡིག་པ་ཆེ་བ་ཡིན། དེ་བཞིན་སྐྱེས་བུ་དམ་པ་ལ་སྐུར་འདེབས་དང༌། དམ་པ་མ་ཡིན་པ་ལ་སྒྲོ་བཏགས་པ་སོགས་ནི་

ཤིན་ཏུ་ཉེན་ཆེ་བ་ཡིན། ང་རང་ཚོའི་བཀའ་བསྟན་བཅོས་ནང་མཚམས་མེད་ཀྱི་སྡིག་པ་ཆེན་པོ་བསགས་ཀྱང་བཤགས་ན་འདག་པའི་

སྐབས་ཡོད་ཅིང༌།

¡@

འོན་ཀྱང་ཆོས་སྤོང་གི་ལས་དང་ལྡན་པ་རྣམས་ནི་སླར་གསོ་མི་རུང་བའི་སྡིག་པ་ཚབས་པོ་ཆེ་ཡིན་པས་ཤིན་ཏུ་གཟབ་དགོས་པ་ཡིན།

གཞན་ཡང་ཉན་རང་དང༌། བྱང་སེམས་དང༌། གསང་སྔགས་ཀྱི་ཆོས་རྣམས་ལ་སྙིང་ཐག་པ་ནས་སྐུར་བ་འདེབས་པ་ཡིན་ན་དམ་པའི་

ཆོས་སྤོང་བ་ཡིན། རང་རེ་བོད་དུ་ཡང་ཇོ་ནང་དང༌། བུ་ལུགས། བཀའ་མ། གཏེར་མ། ལ་སོགས་མ་རྣམས་རང་རང་གི་བློ་ཚོད་དང་

བསྟུན་ནས་གསུངས་པ་འབའ་ཞིག་ཡིན་ཡང༌། རང་གི་བློ་དང་མི་འཚམས་པའི་དབང་གིས་ཆོས་ལ་སྐུར་འདེབས་ལ་སོགས་པ་དུས་

ནམ་ཡང་བྱ་མི་རུང་བ་ཡིན།

¡@

སྤྱིར་ཆོས་དང་ཆོས་མིན་ཇི་ཡིན་ཐེ་ཚོམ་དུ་གྱུར་སྐབས་ཇི་ལྟར་དབྱེ་བ་འབྱེད་དགོས་མིན་གྱི་དྲི་བ་བྱུང་ཚེ། དེ་ཡང་ཆོས་སུ་སོང་མ་

སོང་གདུལ་བྱ་སོ་སོའི་བློས་ཉམས་སུ་ལེན་ཚུལ་ལས་རྗེས་སུ་རྟོགས་དགོས་པ་ཡིན། གང་ཟག་འགའ་ཞིག་ལ་སྟོང་ཉིད་བསྟན་ན་དེའི་

སྣོད་དུ་མ་གྱུར་བར་ལམ་ལོག་ཏུ་འཕྱན་རྒྱུའི་ཉེན་ཡོད། དེས་ན་གདུལ་བྱའི་བློ་དང་འཚམས་པའི་ཆོས་གསུང་མཁན་སངས་རྒྱས་

ཉག་ཅིག་ཡིན།ང་ཚོ་ལྟ་བུས་གདུལ་བྱའི་བློ་དང་འཚམས་པའི་ཆོས་ཇི་བཞིན་བསྟན་མི་ནུས་པར་སྐབས་རེ་འཆལ་བའི་ཉེན་ཡོད།

ཇི་སྲིད་ཁམས་ཀྱི་འཇུག་པ་མ་ཟད་པ། །དེ་སྲིད་ཐེག་པའི་གྲངས་ལའང་མུ་མཐའ་མེད། །ཅེས་གསུངས་པ་ལྟར་གདུལ་བྱ་སོ་སོའི་བློ་དང་

བསྟུན་ནས་གསུངས་པ་དུ་མ་ཡོད་པས། དེ་དག་ལ་འདི་བདེན་དང་འདི་རྫུན་གྱི་སྒྲོ་བཏགས་དང་སྐུར་འདེབས་ནམ་ཡང་བྱེད་མི་རུང་

བ་ཡིན། གཞན་ཕྱི་རོལ་མུ་སྟེགས་པ་ལ་ཡང་སྨད་པར་བྱ་བ་ལྟུང་བར་གསུངས་ཡོད། སྤྱིར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལས་ངག་གི་

མི་དགེ་བ་བཞིའི་ནང་ནས་ཚིག་རྩུབ་ཀྱི་སྒོ་ནས་ཕ་རོལ་པོར་སྨོད་པ་ཡིན་ན་ཤིན་ཏུ་མི་འཐད་པ་ཡིན།

¡@

¡@

ལྷག་པར་ནང་པ་སངས་རྒྱས་ནང་ཕན་ཚུན་རྩོད་པ་བྱེད་པ་དེ་བསྟན་པ་འཇིག་པའི་རྐྱེན་ཡིན། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཡང་

སྡེ་པ་བཅོ་བརྒྱད་དུ་གྱེས་པ་ལྟ་བུ་ཡིན། བསྟན་པ་སྔ་དར་དང༌། དེ་བཞིན་བསྟན་པ་བར་དར་གྱི་དུས་སུ་བྱུང་བའི་རྩོད་རྙོག དེ་བཞིན་

ཕྱིས་སུ་ས་འབྲིའི་འཁྲུགས་པ་སོགས་གང་ཟག་དང་ཆོས་ཀྱི་པྱོགས་ཞེན་གྱི་དབང་གིས་སྡེ་ཕན་ཚུན་འཁྲུགས་པ་རྣམས་རྒྱལ་བའི་བསྟན་

པ་ལ་རྨ་འབྱིན་པའི་རྐྱེན་དུ་གྱུར་པ་ཡིན། དེས་ན་སྔར་བྱས་ཀྱི་རང་བཞིན་ལ་ཕྱི་མིག་བལྟས་ནས་ལེགས་པར་སྡོམ་སྟེ། ཕྱིས་སུ་དེ་རིགས་

རྨི་ལམ་དུ་ཡང་མི་ཡོང་བའི་བསམ་བློ་གཏོང་དགོས། གལ་ཏེ་ཕྱོགས་ཞེན་གྱི་ལམ་ལ་མུ་མཐུད་ཞུགས་ན་ནག་པོའི་ཕྱོགས་ཀྱིས་དེ་བླག་

ཏུ་གླགས་རྙེད་པའི་གོ་སྐབས་ཐོབ་པ་ཡིན་པས། དེ་ལྟའི་གནས་སུ་སྲོག་ཆགས་གཞན་ལྟ་སྨྲོས་ཅི་ས་འབུ་རྐང་མེད་རྣམས་ལ་ཡང་བདེ་

བའི་གོ་སྐབས་མེད་པ་ཡིན། དེ་ལྟའི་གནས་སུ་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ཞིག་གིས་ལན་གསུམ་གྱི་བར་དུ་ཆོས་འཁོར་

བསྐོར་ན་དག་པའི་སྐབས་ཡོད་པ་ལས། དེ་མིན་ཉེས་པའི་རང་བཞིན་འདག་ཐུབ་རྒྱུ་ཤིན་ཏུ་དཀའ་བ་ཡིན། དེས་ན་རང་རེ་རྣམས་ཀྱི་

དེ་ལྟར་མི་ཡོང་བར་ཤིན་ཏུ་གཟབ་དགོས་པ་ཡིན།

¡@

སྐྱེས་བུའི་བསོད་ནམས་གསོག་པའི་རྟེན་མཆོག་གསུམ་ལས་དང་པོ་གཉིས་མཇལ་བའི་སྐབས་མེད་ཅིང་དེས་ན་བསོད་ནམས་གསོག་

པའི་མཐུ་ཕུལ་དུ་བྱུང་བ་དགེ་འདུན་ཡིན། རྒྱ་གར་དུ་སྔར་གྲུབ་ཆེན་བརྒྱད་ཅུ་དང༌། དགྲ་བཅོམ་པའི་གོང་འཕང་དུ་མ་བྱུང་བ་

དགེ་འདུན་རྣམས་ཕན་ཚུན་ཐུགས་མཐུན་པའི་རང་བཞིན་ལས་བྱུང་བ་ཡིན། སྔོན་བཀའ་གདམས་པའི་བཤེས་གཉེན་ཞིག་ཞིག་

བོད་དུ་གྲུབ་ཆེན་དང་དགྲ་བཅོམ་པ་དུ་མ་མ་བྱུང་བ་ནི་དགེ་འདུན་ཐུགས་མཐུན་པ་ཇི་བཞིན་མ་བྱུང་བའི་རང་བཞིན་ལ་བརྟེན་

ནས་བྱུང་ཚུལ་གསུངས་ཡོད།

¡@

དེས་ན་སངས་རྒྱས་ཀྱི་བསྟན་པ་གྲུ་བཞི་ལམ་དུ་འཁྱེར་ཐུབ་པ་ཞིག་དགོས་པ་ཡིན། དཔེར་ན། ཟངས་གཞོང་ལུང་བཞི་དང་ལྡན་པ་

ཞིག་ལ་མི་བཞིས་ཕྱོགས་བཞི་ཀ་ནས་ལྷན་དུ་ཤུགས་རྒྱབ་དགོས་པ་ལས་མི་གཅིག་གིས་ཤུགས་རྒྱབ་པས་ཕན་ཐོགས་དེ་ཙམ་མེད།

སེམས་ཅན་གྱི་དོན་བྱ་བར་རིས་སུ་མ་མཆིས་པའི་ཤེས་བྱ་ཐམས་ཅད་ལ་སྦྱོང་དགོས་པ་ལས་སྣ་གཅིག་ཤེས་པས་ཕན་ཐོགས་མེད་པ་

བཞིན་གྲུབ་མཐའ་རིས་མེད་ཀྱི་གཞུང་ལ་སློབ་དགོས་པ་ཡིན།

             དེ་ཡང་སྤྱོད་འཇུག་ལས། ཇི་སྐད་དུ།

                                                     རྒྱལ་སྲས་རྣམས་ཀྱི་མ་བསླབ་པའི། །

                                                     དངོས་དེ་གང་ཡང་ཡོད་མ་ཡིན།  །གསུངས་པ་ལྟར།

ཐམས་ཅད་མཁྱེན་པ་ཐོབ་འདོད་ཡོད་ཀྱང་ཤེས་བྱ་ཐམས་ཅད་ལ་སྦྱང་བྱ་མ་ཡིན་པ་ལྟ་བུར་ངོས་འཛིན་པ་མ་ཡིན་པར་ཐམས་ཅད་

ལ་སློབ་དགོས་པ་ཡིན་ཞེས་བཀའ་སྩལ། མཐར་རང་ཅག་རྣམས་ནས་ཀྱང་ངག་འཁྱལ་དབང་གིས་སྐུར་འདེབས་དུ་མ་བགྱིས་ཡོད་པས་

དེ་དག་གི་སྡིག་སྒྲིབ་སྦྱོང་ཕྱིར་སངས་རྒྱས་མི་འཁྲུགས་པའི་སྐུ་སྒོམ་དགོས་པ་ཡིན།

¡@

དེ་ཡང་སངས་རྒྱས་གཞན་གྱིས་ཆོས་སྤོང་གི་ལས་གསོ་བའི་སྐབས་མ་བསྟན་ཀྱང་སངས་རྒྱས་མི་འཁྲུགས་པས་སྙིགས་དུས་ཀྱི་གདུལ་བྱ་

རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཆོས་སྤོང་གི་ལས་ཀྱང་དག་པར་ཞལ་གྱིས་བཞེས་པ་ཡིན་པས། རང་རེ་རྣམས་ནས་སངས་རྒྱས་མི་

འཁྲུགས་པ་སྐུ་མདོག་སྔོན་པོ་སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོ་བའི་རང་བཞིན་ཅན་ཞིག་རང་ཉིད་

འགྱོད་པ་དྲག་པོའི་སྒོ་ནས་ཅུང་ཙམ་རིང་སྒོམས་མཛོད།

¡@

ཕྱི་ལོ་ 2009 ཟླ་ 12 ཚེས་ 26 ཉིན་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པས།

¡@

སིདྡྷརཐ་མགྲོན་ཁང་གི་ཉེ་འདབས་སུ་གོ་སྒྲིག་མཛད་པའི་རིན་མེད་སྨན་སྦྱིན་དང་སྤྲང་པོ་རྣམས་ལ་ཟས་སྦྱིན་གནང་ཡུལ་དུ་ཞོགས་

པ་ཆུ་ཚོད་བཅུ་གཅིག་ཙམ་ལ་༧རྒྱལ་དབང་མཆོག་གཟིགས་ཞིབ་ཕྱིར་ཞབས་སོར་བསྐྱངས། སྨན་སྦྱིན་གོ་སྒྲིག་བྱ་ཡུལ་དེར་བོད་ལུགས་

ལྷ་རྗེ་གཉིས། དེ་བཞིན་རྒྱ་གར་གྱི་སྨན་པ་དྲུག གཞན་ཡང་སྐུའི་གཅེན་མོ་རྗེ་བཙུན་དངོས་གྲུབ་དཔལ་འཛོམས་མཆོག་ནས་དབུ་

འཁྲིད་པའི་ལས་བྱེད་དུ་མ་ཡོད་པ་ལས། ཉིན་དང་པོར་ནད་མནར་བ་བཞི་བརྒྱ་ཙམ་དང༌། ཉིན་གཉིས་པར་ནད་མནར་བ་མི་གྲངས་

བདུན་བརྒྱ་བརྒྱད་ཅུ་རྩ་བརྒྱད་ལ་ལྟ་རྟོག་ལེགས་པར་མཛད་བཞིན་པར་དབུལ་ཕོངས་དེ་དག་ལ་ཕན་རླབས་གང་དགེ་དང༌། ནད་

མནར་བའི་གྲངས་འབོར་ཡང་ཉིན་རེ་ནས་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.