¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

བཀའ་བརྒྱུད་སྨོན་ལམ་ཉིན་བཞི་པའི་གསུང་ཆོས།

¡@

ཕྱི་ལོ་ 2009 སྤྱི་ཟླ་ 12 ཚེས་ 27 བཀའ་བརྒྱུད་སྨོན་ལམ་གྱི་ཉིན་བཞི་པར་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་༧སྐྱབས་རྗེ་རྒྱལ་ཚབ་

རིན་པོ་ཆེ་མཆོག་ནས་བསྩལ། དེ་རྗེས་དབུ་མཛད་རྣམས་ནས་རྒྱ་གར་ལེགས་སྦྱར་གྱི་སྐད་ཐོག་ཞལ་དོན་དབུ་འཛུགས་བསྐྱངས།  

སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་རྒྱལ་དབང་ཡིད་ནོར་མཆོག་མགོན་པོ་གང་གི་བཞུགས་གནས་ཡོངས་དགེ་གཏེར་སྒར་དགོན་ནས་

མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་འཁོད་དེ་མི་ལའི་རྣམ་མགུར་ལས་འཕྲོས་ཏེ་བཀའ་སློབ་ཕེབས་དོན་དུ།  དེ་རིང་

མི་ལ་རིན་པོ་ཆེའི་རྣམ་ཐར་ལས་མཛད་པ་མཐའ་མ་མྱ་ངན་ལས་འདས་པའི་མཛད་པ་ཡིན།  དེ་ཡང་རྣམ་ཐར་ནང་དུ་གསལ་བ་

བཞིན་དགེ་བཤེས་རྩ་ཕུག་པ་བསྙུན་འདྲི་བའི་ཟོལ་དུ་ཕེབས་པས།  རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ནི་རྒྱལ་སྲས་

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གཞན་བརྗེ་བའི་བསམ་པ་ཕུལ་དུ་ཕྱིན་པའི་ཁྱད་ཆོས་དང་ལྡན་པ་ཡིན་པས་རིམ་གྱིས་

མཐར་ཐུག་རྗེས་སུ་བཟུང་བ་ཡིན།

¡@

རྗེ་བཙུན་གྱི་ཐུགས་སྙིང་རྗེའི་བདག་ཉིད་མཐར་ཐུག་པ་ཇི་ལྟ་བ་བཞིན་དང༌། 

གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱིས།

                     སྐྱིད་ན་བདེ་བའི་ཚོགས་སུ་བསྔོ། །

                     ཕན་བདེས་ནམ་མཁའ་གང་བར་ཤོག །

                     སྡུག་ན་ཀུན་གྱི་སྡུག་བསྔལ་འཁུར། །

                     སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཇི་སྐད་གསུངས་པ་བཞིན་རང་རེ་རྣམས་རབ་ཏུ་བྱུང་བ་དང༌། རབ་ཏུ་བྱུང་

བ་མ་ཡིན་ཡང་ཆོས་པའི་མིང་ཐོགས་པའི་སྐབས་འདིར། རང་གཞན་གྱི་དོན་གཉིས་སྒྲུབ་པའི་བསམ་པ་དུང་དུང་བ་ཞིག་དགོས་པ་

ཡིན། ཆུང་ན་མ་ཎི་འབྲུ་གཅིག་བགྲང་བ་དང༌། ཆེ་ན་མདོ་སྔགས་ཀྱི་གཞུང་ལུགས་ལ་ཕན་བདེ་སྒྲུབ་པ་གཉིས་ལྡན་ཞིག་དགོས་པ་

ཡིན།

རང་རེ་རྣམས་རྙེད་པར་དཀའ་བའི་དལ་རྟེན་རྣམས་ཆུད་ཟོས་སུ་བཏང་ནས་འག་འ་ཞིག་ནི་རྒ་བས་གཏུགས་ཤིང༌། དེས་ན་བླ་མ་

དང་བསྟན་པ་ཚད་མ། ཆོས་བྱ་བའི་གོ་སྐབས་བཟང་པོ་འདི་ལྟ་བུའི་དུས་སྐབས་སུ་དལ་གྱིས་འདུག་པ་ནི་ཡིད་ལ་གདོན་ཞུགས་

པའམ་སྨྱོ་བ་ལྟ་བུ་ཡིན། མི་ཚེ་རིང་པོ་ལ་སྐྱིད་གསུམ་སྡུག་གསུམ་ཞེས་པ་ལྟར། དེའི་ནང་སྐྱིད་སྡུག་སྣ་ཚོགས་པ་ཞིག་ཡོང༌། ས་ལ་

གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་མྱོང་དགོས་པ་ཡིན་པས་རང་རེ་རྣམས་སྨོས་ཅི་འཚལ།

¡@

རང་རེ་རྣམས་སྐྱིད་སྡུག་གང་གི་གནས་སྐབས་སུ་ཡང་ཡིད་ལ་དགའ་བ་སྒོམ་དགོས་པ་ཡིན། སྡུག་བསྔལ་ལ་སྡུག་བསྔལ་དུ་མི་སེམས་

པར་གོང་དུ་མི་ལའི་རྣམ་ཐར་ནང་གསལ་བ་ཇི་བཞིན་སྡུག་བསྔལ་རྒྱན་དུ་ཤར་ནུས་པ་ཞིག་བྱུང་ན། དུས་དང་རྣམ་པ་ཀུན་ཏུ་

བདེ་བ་ཡིན། སྡུག་བསྔལ་ལ་བརྟེན་ནས་མི་་རྟག་པ་དྲན་པ་དང༌། བརྩོན་འགྲུས་ལ་བསྐུལ་བ་དང༌། ངེས་འབྱུང་གི་རྟེན་དུ་གྱུར་པས་

དེ་ཉིད་སངས་རྒྱས་ཀྱི་ཕྲིན་ལས་ཡིན་སྙམ་པའི་མོས་གུས་སྐྱེ་དགོས།  སྡུག་བསྔལ་དེ་ཉིད་སངས་རྒྱས་ཀྱི་སྤྲད་བཞག་པ་ལྟ་བུ་ནི་མ་

ཡིན་ནོ།

¡@

ང་ཚོས་སྡུག་བསྔལ་མྱོང་བཞིན་དུ་དེ་དང་ཆབས་ཅིག་ཏུ་གཉེན་པོ་དགེ་བའི་ལམ་བསྟེན་དགོས་པ་ཡིན། དེ་ལྟའི་བསམ་བློ་གཏོང་

ཐུབ་པ་ཞིག་བྱུང་བ་ཡིན་ན། དབུ་མ་བཞི་བརྒྱ་པ་ལས་གསུངས་པ་བཞིན། བྱང་ཆུབ་སེམས་དཔའ་རླབས་ཆེན་གྱི་སེམས་དང་ལྡན་

པ་རྣམས་ལ་སྡུག་བསྔལ་གྱིས་མི་ཚུགས་པ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་

ཁྱད་པར་དེ་ཙམ་མེད་པ་ཡིན།

¡@

བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ནི་གཞན་དོན་བྱ་རྒྱུ་དེ་ཡིན་པས། སངས་རྒྱས་པ་དང་དེ་བཞིན་མ་རྒྱས་པའི་

གནས་སྐབས་སུ་ཡིན་ན་ཡང་བསྒྲུབ་བྱ་གཞན་དོན་འབའ་ཞིག་ཡིན། གཞན་དོན་དུ་འགྱུར་ན་སེམས་ཅན་གཅིག་གི་དོན་དུ་ཡང་

དམྱལ་བར་འགྲོ་བ་ལ་ཡང་གཞན་གྱིས་བྱེད་དུ་བཅུག་པ་མ་ཡིན་པར་ངང་པ་པདྨོའི་མཚོ་ལ་འཇུག་པ་ལྟ་བུ་དགའ་ཞིང་སྤྲོ་བའི་

སྒོ་ནས་འཇུག་དགོས་པ་དང༌། གཞན་དོན་དུ་མ་འགྱུར་ན་སངས་རྒྱས་ཀྱི་གོ་འཕང་ལ་ཡང་མི་སྤྲོ་བའི་བློ་བསྐྱེད་ཕུན་སུམ་ཚོགས་པ་

དང་ལྡན་དགོས་པ་ཡིན། ཅི་བྱེད་གཞན་དོན་དུ་འགྱུར་ཐུབ་པ་ཞིག་བྱས་ན་བྱང་ཆུབ་སེམས་དཔའ་མཚན་ཉིད་དང་ལྡན་པ་ཡོང་

བ་ཡིན།

¡@

གལ་ཏེ་རང་དོན་ཅུང་ཟད་འགྲུབ་མི་འགྲུབ་པ་ལ་བློ་དམ་སྦྲིང་སྦྲིང་ཞིག་ཡོད་ན་བྱང་ཆུབ་སེམས་དཔའ་ལ་བློ་མ་སྦྱོང་བའི་

རྟགས་ཡིན། བློ་སྦྱོང་ཞེས་པའི་བློ་དེ་བྱང་ཆུབ་ཀྱི་སེམས་དང༌། དེ་སྦྱོང་བ་ལ་བློ་སྦྱོང་ཟེར་བ་ཡིན། རང་གི་དགྲ་བོ་ལ་སོགས་པ་

རྣམས་ལ་ལེགས་པོ་བྱུང་བ་ཡིན་ན་དགའ་བ་དང༌། སེམས་རང་བཞིན་གྱིས་བདེ་འབོལ་ལེ་བ་ཞིག་བྱུང་ན་བྱང་ཆུབ་ཀྱི་སེམས་

སྦྱོང་བའི་རྟགས་ཡིན། དེས་ན་དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་ལ་གཅིག་མཚུངས་ཀྱི་བློ་སྦྱོང་དགོས་པ་ཡིན།

སྤྱིར་བཟང་སྤྱོད་སྨོན་ལམ་ནང་གསུངས་པ་བཞིན་ནམ་མཁས་གར་ཁྱབ་ས་གཞི། ས་གཞི་གར་ཁྱབ་སེམས་ཅན། སེམས་ཅན་གར་

ཁྱབ་ཉོན་མོངས། ཉོན་མོངས་གར་ཁྱབ་སྡུག་བསྔལ་གྱིས་ཁྱབ་པ་ཡིན་པས་དེ་དག་གི་སྡུག་བསྔལ་སེལ་སྙམ་པའི་བློ་དང་ལྡན་དགོས་

པ་ཡིན། རྗེ་བཙུན་གྱིས་ཐུགས་སྨོན་མཛད་པ་བཞིན་རང་རེ་རྣམས་ནས་ཀྱང་རྗེ་བླ་མའི་རྗེས་སུ་འབྲང་སྟེ་སློབ་པར་མཛོད་ཞུ་རྒྱུ་

ཡིན། དེ་ནི་བློ་སྦྱོང་དང་བྱང་ཆུབ་སེམས་ཀྱི་སྐོར་ཡིན།

¡@

སྡུག་བསྔལ་ལྡན་པའི་སེམས་ཅན་རང་གིས་གང་མཐོང་བ་གསལ་འདེབས་ཏེ། དེ་དང་དེ་ལྟ་བུའི་སེམས་ཅན་མཐའ་དག་ལ་

དམིགས་ཏེ། སྡུག་བསྔལ་ལས་ཐར་བར་ཤོག་སྙམ་པའི་བསམ་པས་མགོན་པོ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པ།

ཕྱག་མཆོག་སྦྱིན་གྱི་ཕྱག་རྒྱས་བཞེངས་སྟབས་སུ་བཞུགས་པ་ཞིག་སྒོམ་དགོས་པ་ཡིན། དང་པོ་ཡུངས་འབྲུ་ཙམ་དེ་ནས་རིམ་

གྱིས་ཤུགས་ཆེར་སོང་སྟེ་མཐར་མི་ཤོང་བའི་ཚད་ཅན་དུ་སྒོམ་དགོས་པ་ཡིན་སོགས་གསུངས།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.