|
ཕྱི་ལོ་
2009 ཟླ་ 12 ཚེས་ 28
བཀའ་བརྒྱུད་སྨོན་ལམ་གྱི་ཉིན་ལྔ་པའི་མཛད་རིམ་དང་འབྲེལ་བའི་གསུང་ཆོས།
¡@
སྔ་དྲོ་ཕྱག་ཚོད་དྲུག་པའི་ཐོག་སེར་སྐྱ་ཡོངས་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བསྩལ།
དེ་རྗེས་འཆར་ཅན་བཞིན་དབུ་མཛད་རྣམས་ནས་ཐོག་མར་རྒྱ་གར་ལེགས་སྦྱར་གྱི་སྐད་ཐོག་ནས་ཞལ་དོན་དབུ་འཛུགས་བསྐྱངས་
ཏེ་ཆོས་སྤྱོད་ཡན་ལག་ཉི་ཤུ་པ་གོ་རིམ་བཞིན་ཞལ་འདོན་དུ་འདོན་གནང་མཛད།
¡@

¡@
ཕྱག་ཚོད་དགུ་པའི་ཐོག་༧རྒྱལ་དབང་ཡིད་ནོར་མཆོག་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་བསྐྱངས་ཏེ་བཞུགས་ཁྲི་རིན་
པོ་ཆེར་འཁོད་རྟིང༌།
རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་རྣམ་ཐར་གྱི་འཕྲོས་རྣམས་རྫོགས་པར་ལྗགས་ལུང་བསྩལ་
རྗེས་འཕྲོས་བཤད་ཀྱི་ཚུལ་དུ།
རྗེ་བཙུན་མི་ལ་རས་པའི་རྣམ་ཐར་འཁྲིད་རྒྱུ་དེ་འགོ་བཙུགས་ནས་ལོ་གསུམ་བཞི་ཙམ་ཕྱིན་པ་རེད།
རྗེ་བཙུན་མི་ལ་མཆོག་ནི་བོད་གངས་ཅན་ལྗོངས་ཀྱི་ཆོས་པའི་ཡང་རྩེ་ལྟ་བུ་ཞིག་ཆགས་ཡོད།
དེས་ན་རང་རེ་རྣམས་ཀྱིས་ཀྱང་
གོང་མའི་རྣམ་ཐར་ལ་སློབ་ཏེ་བཟང་པོའི་ཕྱོགས་སུ་འཇུག་དགོས་པ་ཡིན།
ད་རིང་གཙང་སྨྱོན་ཧེ་རུ་ཀ་རྣལ་འབྱོར་པ་རུས་པའི་
རྒྱན་ཅན་གྱིས་མཛད་པའི་རྗེ་མི་ལའི་རྣམ་ཐར་ཐར་པའི་ལམ་སྟོན་ཡོངས་རྫོགས་མཇུག་གྲུབ་ཟིན་པ་ཡིན།
ཁོ་བོས་ལུང་ཞུ་ས་དེ་
༧རྒྱལ་བ་མདོ་ཁམས་པ་ཆེན་པོ་ཁམས་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན།
ཁོང་གིས་ཞུ་ས་ནི་ཞི་བར་གཤེགས་པ་༧སྐྱབས་
རྗེ་སེང་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་རེད།
ད་རིང་འདིར་སེང་བྲག་རིན་པོ་ཆེའི་བཙུན་མ་མང་པོ་ཕེབས་འདུག་པས་
རང་རེ་རྣམས་དཀྱིལ་འཁོར་གཅིག་ཏུ་འཛོམས་རྒྱུ་བྱུང་བར་དགའ་པོ་བྱུང༌།
¡@




¡@
སང་ཉིན་སྔ་དྲོ་རྗེ་བཙུན་གྱི་དབང་བསྐུར་བྱ་རྒྱུ་དང༌།
ཕྱི་དྲོ་མི་ལའི་ཚོགས་འཁོར་བསྐོར་རྒྱུ་ཡིན་པས། དེར་ཚོགས་ཞུགས་ཕྱིར་
སྔོན་འགྲོ་འབུམ་བཞི་བསྐྱལ་ཟིན་པ་ཞིག་ངེས་པར་དུ་དགོས།
གཞན་ཡང་རྗེ་བཙུན་གྱིས་གསུངས་པ་བཞིན་གང་གི་ན་བཟའ་
དེར་རྒྱལ་བ་གོང་མ་རྣམས་ནས་་བྱིན་གྱིས་བརླབས་པ་ཡིན་པས།
སྒྲུབ་བརྒྱུད་པའི་ཕྱག་སྲོལ་སྔོན་འགྲོ་འབུམ་བཞི་བསྐྱལ་ཟིན་པ་
རྣམས་ལ་སྤྲོ་བ་སྐྱེད་རྒྱུ་དང༌།
གཟེངས་བསྟོད་པའི་ཕྱིར་ན་བཟའ་དེ་ཉིད་དྲན་རྟེན་དང༌།
བྱིན་རླབས་ཀྱི་རྟེན་དུ་འབུལ་རྒྱུ་ཡིན།
སྐུ་གཟན་དེ་ཉིད་༧རྒྱལ་བ་འབའ་རོམ་པའི་གཏེར་སྒམ་ནས་བྱུང་བ་ཡིན།
¡@

¡@
དེ་དང་འབྲེལ་ཏེ་ཅུང་ཙམ་ཞུ་ན། དེ་ཡང་ཇི་སྐད་དུ། ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་འབྲེལ་ལ་ཉམས་སུ་ལོངས།
།ཞེས་
གསུངས་པ་ལྟར། ལྟ་བ་དང༌། སྒོམ་པ།
སྤྱོད་པ་གསུམ་པོ་དེ་ཡ་མ་བྲལ་བར་སྒོམ་རྒྱུ་གལ་ཆེན་པོ་ཡིན།
དེའི་ནང་ནས་སྤྱོད་པ་
འཚེ་བ་མེད་པ་གཞན་གནོད་གཞི་དང་བཅས་པ་སྤོང་དགོས་པ་ཡིན།
དེ་རྟིང་ཐེག་པ་ཆེན་པོ་གཞན་དོན་འཁུར་དུ་འཁྱེར་བ་
རྣམས་ཀྱིས་གཞན་ཕན་གཞི་དང་བཅས་པ་བསྒྲུབ་དགོས་པ་ཡིན།
དེ་ཡང་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་
སེམས་སྒོམ་ཚུལ་ལ། ཐོག་མར་ མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བ།
ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་པའི་བསམ་པ།
སེམས་བསྐྱེད་དེ་རྒྱུ་འབྲས་མན་ངག་བདུན་པོ་རྣམས་སོ་སོའི་འགྲེལ་བཤད་དང་སྒོམ་ཚུལ་སོགས་ཞིབ་ཕྲ་གསུངས།
དེ་རྗེས་
མཁའ་ཁྱབ་སེམས་ཅན་མཐའ་དག་སྡུག་བསྔལ་ལས་གྲོལ་ཕྱིར་དམིགས་ཏེ་བྱམས་སྙིང་རྗེ་ཡུད་ཙམ་རིང་ཚོགས་ཀུན་ལ་སྒོམ་
འཇུག་པར་མཛད།


¡@ |