¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

བཀའ་བརྒྱུད་སྨོན་ལམ་གྱི་ཉིན་དྲུག་པའི་མཛད་རིམ་དང་འབྲེལ་བའི་གསུང་ཆོས།

 

ཕྱི་ལོ་ 2009 སྤྱི་ཟླ་ 12 ཚེས་ 29 བཀའ་བརྒྱུད་སྨོན་ལམ་གྱི་ཉིན་དྲུག་པར་སྔ་དྲོ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་༧སྐྱབས་རྗེ་རྒྱལ་

ཚབ་རིན་པོ་ཆེ་མཆོག་ནས་སྩལ་ཅིང༌། ཕྱག་ཚོད་དགུ་པའི་ཐོག་༧རྒྱལ་དབང་ཀརྨ་པ་མཆོག་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་

ཞབས་སོར་བཀོད་དེ། ཐོག་མར་མཆོད་རྟེན་ནང་སྟོན་པ་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་མཇལ་ཕྱིར་ཕེབས། དེ་མཇུག་

ཚུར་ཕེབས་ཏེ་བཞུགས་ཁྲི་རིན་པོ་ཆེར་འཁོད་རྟིང༌། ཐོག་མར་སྦྱིན་བདག་རྣམས་ནས་དབང་ཞུའི་རྟེན་དུ་མཎྜལ་སྐུ་གསུང་ཐུགས་

རྟེན་འདེགས་འབུལ་ཞུས།

¡@

¡@

དེ་ནས་རྒྱལ་དབང་མཆོག་ནས་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལའི་བཀའ་དབང་སྩལ། དབང་གྲུབ་ཟིན་རྗེས་སླར་ཡང་

བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་རྒྱལ་དབང་མཆོག་ནས་བཀའ་སྩལ་གྱི་སྙིང་

པོར་རྒྱུན་སྲོལ་ལྟར་སྨོན་ལམ་ཆེན་མོ་གསུང་རྒྱུ་ཡིན་པས་ཀུན་གྱིས་ཐུགས་གཏད་དེ་མཐུན་འགྱུར་གནང་གྲོགས་མཛོད་ཅེས་

གསུངས།

¡@

མཐར་བསྔོ་བའི་སྐབས་སྤྱིར་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདེ་ནས་བདེ་བར་འགྲོ་བའི་ཆེད་དང༌། ལྷག་པར་རང་རེ་

རྣམས་ཤི་གསོན་གྱི་དཀོར་ལ་བརྟེན་ནས་འཚོ་དགོས་སྟབས། བག་མེད་དུ་ལོངས་སྤྱོད་ཚེ་ཉེས་པ་ཤིན་ཏུ་ལྕི་བས་དེ་དག་གི་ཡོན་

སྦྱོང་བའི་སླད་དུ་དགེ་འདུན་འདུས་པ་རྒྱ་མཚོ་ནས་བསྔོ་སྨོན་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་གསུངས།

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.