|
བཀའ་བརྒྱུད་སྨོན་ལམ་གྱི་ཉིན་དྲུག་པའི་བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་བཀའ་སློབ།
¡@
གུང་ཡོལ་ཕྱག་ཚོག་གཉིས་པ་མ་ཟིན་ཙམ་དུ་རྒྱལ་དབང་མཆོག་ནས་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པར་བསྟན་སྲིད་
དང་འབྲེལ་བའི་བཀའ་སློབ་ཕེབས་དོན་དུ།
དེ་ཡང་སྤྱིར་བསྟན་སྲིད་ཅེས་པའི་ཚིག་གཉིས་པོ་དེ་ཧ་ཅང་གལ་ཆེན་པོ་ཆགས་
བསྡད་ཡོད།
བསྟན་ཞེས་པ་འདི་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་དབང་པོའི་རིམ་པ་
དང་མཐུན་པའི་ལམ་བསྟན་ནས། གང་བསྟན་པའི་ཆོས་དེ་ལ་བསྟན་པ་ཞེས་བརྗོད་པ་ཡིན།
སྲིད་ཅེས་པ་ཆབ་འབངས་མི་སེར།
འབངས་མི་སེར་ལ་གོང་ལ་བཞུགས་པའི་དཔོན་པོ་འཇིག་རྟེན་སྲིད་པའི་ལུགས་བཞིན་བྱས་ཏེ་འཕྲལ་ཕུགས་ཀྱི་ཁེ་ཉེན་གྱི་གདམ་
ག་མ་ནོར་བར་ཐབས་ལམ་མཁས་པོའི་སྒོ་ནས་སྐྱོང་ཚུལ་ཞིག་ལ་ཆབ་སྲིད་ཅེས་ཟེར་གྱི་ཡོད།
མདོར་ན་ང་རང་ཚོ་བོད་ཀྱི་ཆོས་
རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ནས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ནས་འབངས་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་
པ་བྱུང་ཡོད།
དེ་ནས་རིམ་པས་འཇིག་རྟེན་ལ་དར་རྒུད་ཅེས་པ་དེ་འཇིག་རྟེན་གྱི་ཆོས་ཉིད་ལྡོག་ཏུ་མེད་པ་ཞིག་ཡིན་པས།
འཛམ་བུ་གླིང་
འདིར་ཡོད་པའི་མི་རིགས་དང་སྤྱི་ཚོགས་སུ་འདྲ་ཞིག་ཡིན་ན་ཡང་དར་རྒུད་སྣ་ཚོགས་ཤིག་གི་དཀའ་ངལ་འཕྲད་མ་མྱོང་བ་
མེད་པ་ལྟ་བུ་ཡིན།
འོན་ཀྱང་ང་ཚོས་ཕྱིར་བལྟས་ཤིག་བསློག་ནས་བསམ་བློ་ཞིག་བཏང་བ་ཡིན་ན་དུས་རབས་དང་མི་རབས་
དེའི་སྐབས་ལ་བདེ་སྐྱིད་དང་ལྡན་པ་ཞིག་བྱུང་བ་དེ་ཕན་ཚུན་ལྷག་བསམ་རྣམ་དག་དང༌།
དེ་བཞིན་སྐབས་དེ་དང་དེའི་དབུ་
འཁྲིད་ཚོའི་རྣམ་དཔྱོད་བེད་སྤྱད་དེ་རྒྱལ་སྲིད་དེ་དགེ་བའི་སྒོ་ནས་བསྐྱང་བས་ཡིན་པ་གསལ་པོ་རེད།
དེ་བཞིན་མི་རབས་
འགའ་ཤས་ལ་རྙོག་དྲ་ཚ་པོ་དང་འབངས་མི་སེར་ལ་བརྡབ་གསིག་ཆེན་པོ་བྱུང་བ་དེ་ཚོ་སྐབས་དེ་དང་དེའི་མི་ཚོའི་བསམ་བློ་
འཁྱེར་སྟངས་དང༌། བསམ་བློའི་ལྟ་ཚུལ་འཛིན་སྟངས་ནོར་བ་དང༌།
གོང་ལ་བཞུགས་མཁན་དབུ་འཁྲིད་ཚོའི་རྣམ་དཔྱོད་
བེད་སྤྱོད་གཏོང་སྟངས་ནོར་བ་ལ་བརྟེན་ནས་བྱུང་བ་ཡིན་པ་རེད།
དེས་ན་ཀུན་གྱིས་དགོངས་པ་ལྟར། ད་ལྟའི་དུས་ཚོད་འདིར༌།
བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཆེན་པོ་དེ་འཕགས་པ་
སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆགས་བསྡད་ཡོད་པ་རེད།
དེ་འོག་དབུ་
འོག་དཔུང་འདེགས་ཀྱི་ཚུལ་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་ཚོ་གཙོ་བོ་ཆོས་ཕྱོགས་ཀྱི་ཐོག་ནས་བོད་མི་རིགས་
དང་བོད་ཀྱི་མ་འོངས་པར་ཞབས་འདེགས་རླབས་ཆེན་ཞུ་བཞིན་པ་རེད།
དེ་མཚུངས་བོད་མི་འབུམ་ཕྲག་གཉིས་ལ་ཉེ་བ་རྒྱ་
གར་གཙོ་བོར་གྱུར་པའི་མིའི་ལུང་པར་གྱར་དགོས་པའི་གནས་སྟངས་འདི་ལྟར་ཆགས་ཡོད་པ་རེད།
དེ་འདྲ་ཡིན་དུས་ད་ལྟའི་གནས་སྐབས་ལ་བོད་ཀྱི་གནས་སྟངས་དེ་ཧ་ཅང་ཡ་ང་བའི་གནས་སྟངས་ཤིག་དང༌།
ཛ་དྲག་པོའི་
གནས་སྟངས་ཤིག་ཆགས་ཡོད་པ་རེད།
ད་དུང་བོད་མི་རིགས་གསོན་པོར་གནས་བསྡད་པ་ཞིག་དང་བོད་མི་རིགས་ཀྱི་སེམས་
ཁོང་ལ་གནས་པའི་རེ་བ་དང་ཡིད་ཆེས་གསོན་པོ་ཡོད་བསྡད་པ་དེ་ཧ་ཅང་གསལ་པོ་རེད།
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཙམ་གྱི་བདེན་དོན་ལ་ཞེན་ནས་བཞུགས་པ་མ་ཡིན་པ་རྒྱ་བོད་
མི་རིགས་ཡོངས་རྫོགས་བདེ་སྐྱིད་དང་ལྡན་པ་ཡོང་བ་དང༌། ཕན་ཚུན་ཡིད་ཆེས་ཡོང་རྒྱུ།
ཕན་ཚུན་འགན་མཉམ་འཁུར་དང༌།
ལས་ཀ་མཉམ་ལས་ཀྱི་ཐོག་ནས།
མདོར་ན་རྒྱ་དང་བོད་ཅེས་པ་ཁྱིམ་ཚང་ཆེན་པོ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་
རེད།
ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་ནས་རྒྱ་བོད་མི་རིགས་གཉིས་ཧ་ཅང་འབྲེལ་བ་ཆེན་པོ་རེད་འདུག
རྒྱ་གར་ལ་ང་ཚོ་ཆོས་ཕྱོགས་
ཀྱི་ཐོག་ནས་དད་གུས་ཞུས་ཏེ་སོ་སོའི་དགེ་རྒན་ལྟ་བུའི་བརྩི་བཀུར་ཞུ་བཞིན་ཡོད།
རྒྱ་ནག་གི་མི་རིགས་དེ་ཚོ་རང་གི་སྤུན་མཆེད་
དང༌།
རང་གི་བརྩེ་བའི་གྲོགས་པོ་ལྟ་བུ་ཞིག་གི་འདུ་ཤེས་བཟུང་སྟེ་ཕན་ཚུན་བཟང་པོའི་འབྲེལ་བ་ལོ་ངོ་སྟོང་ཕྲག་རིང་གནས་པ་
རེད།
འགའ་ཞིག་གིས་ཆབ་སྲིད་ཅེས་པར་ལྟ་ཚུལ་སྣ་ཚོགས་ཡོད་ཀྱང༌།
རང་ངོས་ནས་འཇིག་རྟེན་འདིའི་ཐོག་ལ་ཆབ་སྲིད་ནག་པོ་ཞིག་
དང༌། ཆབ་སྲིད་དཀར་པོ་ཞིག་སྟེ་གཉིས་སུ་སྣང་ཞིང༌། དེ་ཡང་ཇི་སྐད་དུ།
འཇིག་རྟེན་དེ་ཡང་བདེ་འགྱུར་ཞིང༌།
།ཕྱི་མ་དང་ཡང་
མི་འགལ་བར། །ཚུལ་འདི་རིག་པར་གྱུར་པ་ལ།
།མཁས་རྣམས་ཤེས་རབ་ཅན་ཞེས་སྨྲ།
ཞེས་གསུངས་པ་ལྟར་རྣམ་དཔྱོད་དང་ལྡན་པ།
ཚེ་འདི་ཡང་བདེ་བར་གྱུར་བ་ཞིག་དང༌།
ལོངས་སྤྱོད་དང་འདོད་དོན་ཕུན་སུམ་ཚོགས་པ་དང༌།
ཚེ་ཕྱི་མའི་དོན་སྒྲུབ་པའི་དམ་པའི་
ཆོས་དང་ཡང་ཡོངས་སུ་མི་འགལ་བ།
དེ་འདྲའི་མཐར་མ་ལྷུང་བའི་རིགས་པ་ཅན་དེ་ལ་ཤེས་རབ་རྣམ་དཔྱོད་ལྡན་པ་ཞེས་བརྗོད་ཀྱི་
རེད། གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས།
ཤེས་རབ་བརྒྱ་པ། སྐྱེ་བོ་གསོ་ཐིགས།
ཤེས་རབ་སྡོང་བུ། བཤེས་པའི་སྤྲིང་ཡིག་སོགས་དང༌།
འཇམ་མགོན་ས་པཎ་གྱིས་མཛད་པའི་ས་སྐྱ་ལེགས་བཤད་དང༌། འཇམ་མགོན་
མི་ཕམ་གྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ནང་བསྟན་པ་ལྟ་བུ་ཡིན།
དེས་ན་དེ་དག་གི་ལམ་དུ་འཇུག་སྟེ་འཇིག་རྟེན་སྐྱོང་བའི་
ཐབས་ཚུལ་བཟང་པོ་ལ་སྒོ་ཀུན་ནས་བརྟུན་དགོས་ཚུལ་ཞིབ་པར་བཀའ་སྩལ། །
དགོང་དྲོ་ཕྱག་ཚོད་བདུན་པའི་ཐོག་ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་ནང་༧རྒྱལ་དབང་མཆོག་མི་ལའི་བླ་
སྒྲུབ་ཀྱི་ཚོགས་མགོན་དུ་ཕེབས།
དེར་ཚོགས་ཞུགས་པ་རྣམས་སྔོན་འགྲོ་འབུམ་བཞིའི་བསྙེན་ཚད་བསྐྱལ་ཟིན་པའི་སྐྱ་སེར་སུ་རུང་ལས་
གཞན་རྣམས་ཚོགས་ཞུགས་སུ་ཕེབས་མི་ཆོག་པ་ཡིན།
¡@ |