¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

གྷ་ཡ་གནམ་ཐང་གི་མདུན་དུ་༧རྒྱལ་དབང་མཆོག་ནས་ཤིང་སྣ་འདེབས་འཛུགས་བསྐྱངས་པ།

¡@

ཕྱི་ལོ་ 2009 ཟླ་ 12 ཚེས་ 30 ཉིན་ཆུ་ཚོད་ 11:00 ཙམ་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་ཞུས་པ་

བཞིན་༧དཔལ་རྒྱལ་དབང་༧ཀརྨ་པ་མཆོག་སྐུ་འཁོར་ལྷན་དུ་གྷ་ཡ་གནམ་ཐང་གི་མདུན་དུ་དགེ་འདུན་ཞལ་གྲངས་

ལྔ་བཅུ་ཙམ་ནས་ཁོར་ཡུག་གི་ལས་དོན་དང་འབྲེལ་བའི་ཤིང་སྣ་འདེབས་འཛུགས་བསྐྱངས་སར་ཞབས་སོར་འཁོད་མ་

ཐག །ས་གནས་རྫོང་དཔོན་གཞོན་པ་སྐུ་ཞབས་ཨུ་དྷེ་ཀུ་མར་མཆོག་དང༌། དེ་བཞིན་མཁའ་གྲུ་འབབ་ཚུགས་ཀྱི་འགན་

འཛིན། ཁོར་ཡུག་གི་འགན་འཛིན་བཅས་གནད་ཡོད་མི་སྣ་དུ་མས་ཕེབས་བསུ་གང་ལེགས་ཞུས་ཤིང༌། གནམ་ཐང་

གནད་ཡོད་མི་སྣའི་བཞུགས་ཁང་དུ་ལྷན་དུ་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས།

¡@

 

¡@

དེ་རྗེས་རྒྱལ་དབང་མཆོག་ནས་མྱ་ངན་མེད་ཀྱི་ལྗོན་པ་འདེབས་འཛུགས་བསྐྱངས། གནད་ཡོད་མི་སྣ་རྣམས་ནས་ཀྱང་

ཤིང་སྣ་རེ་རེ་འདེབས་འཛུགས་མཛད། ཤིང་སྣ་རྣམས་ཡོངས་དགེ་གཏེར་སྒར་དགོན་གྱི་དགེ་འདུན་པ་རྣམས་ནས་ལྟ་

སྐྱོང་མཛད་རྒྱུ་དང༌། ཕྱི་ལོ་  2010 ཕྱི་ཟླ་དྲུག་པ་བདུན་པའི་ནང་སླར་ཡང་ཁོང་རྣམས་ནས་དེ་ཁུལ་དུ་ཤིང་རིགས་སྣ་

ཚོགས་འདེབས་རྒྱུའི་འཆར་གཞི་འདུག །

¡@

¡@

རྒྱལ་དབང་མཆོག་ནས་ཤིང་སྣ་འདེབས་འཛུགས་གནང་ཡུལ་དུ་རྡོ་བྱང་ཞིག་བརྐོས་འདུག་པའི་ནང་དོན་དུ༌། སྤྲོས་

མེད་དུ་གནས་ཏེ་ཁོར་ཡུག་སྐྱོབ་དགོས། རང་རེའི་འབྱུང་འགྱུར་དེ་ཉིད་ལ་བརྟེན་དགོས་པ་ཡིན་པས་སྙིང་རྗེའི་བསམ་

པས་ཐབས་ཀྱིས་སྐྱོངས། ཞེས་རྒྱལ་དབང་མཆོག་གི་མཚན་དང་བཅས་པ་ འཁོད་འདུག་པའི་གནས་ཚུལ་སྙིང་བསྡུས་སུ།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.