འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ཉེར་བརྒྱད་པའི་ཕེབས་བསུའི་རྒྱལ་སྒོ་དེ་བཞིན་ལོ་ཤས་སྔོན་གྱི་སྨོན་ལམ་རྒྱལ་
སྒོ་ལྟར་རྒྱས་སྤྲོས་དང་མཆོར་པོ་དེ་འདྲ་མ་ཡིན་པར་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་དགོངས་བཞིན་འདི་ལོའི་རྒྱལ་
སྒོ་དེ་བཞིན་དམིཌ་བསལ་རྫིག་པོ་དང་མཛེས་པོ་དེ་འདྲ་གཙོར་འདོན་མ་ཡིན་པར་ནང་དོན་དང་བྱིན་རླབས་གཙོ་འདོན་བྱས་
ནས་བླ་མ་ཆོས་ཀྱི་རྒྱལ་མཚོས་བཟོ་བསྐྲུན་གནང་བ་དང་།

རྒྱལ་སྒོ་དེ་ཉིད་ཀྱི་ཐོག་ལ་ཨོྂ་པདྨོཤྞཱིཤ་བིམལེ་ཧཱུཾ་ཕཊ་ཞེས་པའི་གཟུངས་སྔགས་ཀྱིས་བརྒྱན་པའི་ཤོག་བྱང་དུ་མ་བཏགས་ཡོད།
གཟུངས་སྔགས་དེ་དག་བཏགས་དགོས་པའི་རྒྱུ་མཚན་ནི་དེ་འོག་ཏུ་བསྐྱོད་པའི་སྐྱེ་བོ་མཐའ་དག་གི་ལས་ཀྱི་སྡིག་སྒྲིབ་དག་པ་
དང་།
བསོད་ནམས་ཀྱི་ཚོགས་རྫོགས་པར་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པ་ལྟར་དགོས་པ་ཁྱད་པར་ཅན་དུ་
གཟིཌ་ཏེ་ཆེད་དུ་གཉེར་ཏེ་བཟོས་པ་ཞིག་ཡིན།
¡@