¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

¡@

བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས།

༼ ཉིན་དང་པོ། ༽

 

ཕྱི་ལོ་ 2010 ལོའི་ཟླ་ 12 ཚེས་ 10 ཉིན་གྱི་ཞོགས་པ་ཆུ་ཚོད་ 9 ཐོག་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་དབང་ཀརྨ་པ་

སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་ཆོས་ཞུ་བ་ ༧༠༠༠ ལྷག་ཙམ་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་

མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་གསུང་ཆོས་བཀའ་དྲིན་བསྩལ་ཡོད་པ་རེད།

དེ་ཡང་གསུང་ཆོས་ཀྱི་ཐོག་མར་དཀོན་མཆོག་རྗེས་དྲན་དང་ཡན་ལག་བདུན་པ་བཅས་སྔོན་དུ་སོང་བའི་ཐོག དེ་རིང་གི་གསུང་ཆོས་

དེ་ནམ་རྒྱུན་བཀའ་བརྒྱུད་སྨོན་ལམ་དང་འབྲེལ་བའི་འཆར་ཅན་གསུང་ཆོས་ཞིག་གོ་སྒྲིག་ཡོད་བསྡད་པ་དེ་རེད། ཐོག་མར་མ་ཧཱ་ཡ་

ནའི་མགྲོན་ཁང་དུ་ཕྱི་རྒྱལ་བའི་ཆོས་གྲོགས་ཚོར་ཆོས་འབྲེལ་གནང་བ་ཞིག་དང། དེ་རྗེས་ཆོས་ཞུ་བ་མང་དུ་སོང་ནས་རྡོར་གདན་ཞེ་

ཆེན་དགོན་པའི་འདུ་ཁང་དུ་ཆོས་འབྲེལ་གནང་བ་དང་། དེ་ནས་རིམ་བཞིན་མི་འགྱུར་རིན་པོ་ཆེའི་གདན་ས་གཏེར་སྒར་དགོན་དུ་

གསུང་ཆོས་གོ་སྒྲིག་གནང་ནས་ཡོང་བ་ཞིག་རེད། ཅེས་གསུངས།

གཞན་ཡང་ད་རེས་ཀརྨ་པ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་དགུ་བརྒྱ་འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་

འབྲེལ་ནས་ཡོད་དུས་གསུང་ཆོས་དེ་ཡང་དམ་པ་ཁོང་གི་ཐུགས་ཉམས་སུ་བསྟར་བའི་ཆོས་ཤིག་ཡིན་པ་རེད། བྱས་ཙང་ངས་འགྲེལ་

བཤད་གང་ཤེས་ཞུ་གི་ཡིན།

དང་པོ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ། གསུང་རབ་མ་ལུས་གདམས་པར་ཤར་བ། རྒྱལ་བའི་དགོངས་པ་བདེ་བླག་

ཏུ་རྙེད་པ། ཉེས་སྤྱོད་ཆེན་པོ་རང་འགག་ཏུ་འགྲོ་བའི་གདམས་པ། བཅས་སོ་སོའི་གོ་དོན་རྣམས་ལ་རྒྱས་འགྲེལ་གནང་བ་དང་།

གཞན་ཡང་ཆོས་ཐམས་ཅད་བདེན་གྲུབ་ཏུ་གསུངས་པ་དང་། མ་གསུངས་པ་སོར་སོར་མི་འགལ་བར་གཙོ་བོ་གདུལ་བྱའི་རྒྱུད་སྨིན་

མ་སྨིན་ལ་གཟིགས་ནས་གསུངས་པ་ཞིག་ཡིན་པར་གོ་དགོས་པ་སོགས་ཀྱི་སྐོར་གསུང་ཆོས་ཀྱི་སྔོན་དུ་ནང་ཆོས་ངོ་སྤྲོད་ཀྱི་རིམ་པ་

མང་པོ་གསུངས་ཡོད་པ་རེད།

¡@

¡@

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.