¡@
ཡོངས་དགེ་གཏེར་སྒར་དགོན་གྱི་ཉེ་འདབས་སྔ་ལོ་རྗེ་མི་ལའི་རྣམ་ཐར་འཁྲབ་སྟོན་ཞུ་ཡུལ་གྱི་གར་སྟེགས་སུ་འདི་ལོ་སླར་ཡང་
སྤྱི་ལོ་
2010 ཟླ་ 12
ཚེས་བཅུ་ནས་བཅུ་གཅིག་བར་ཉིན་གཉིས་དགོང་དྲོ་ཆུ་ཚོད་བདུན་པའི་ཐོག་སྐྱབས་རྗེ་མི་འགྱུར་རིན་པོ་
ཆེ་མཆོག་དང་མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ་རྣམ་གཉིས་དབུས་སེར་སྐྱ་མང་ཚོགས་རྣམས་ལ་ལོ་སྔོན་མ་རྣལ་འབྱོར་གྱི་
དབང་ཕྱུག་མི་ལ་བཞད་པ་རྡོ་རྗེ་རྣམ་ཐར་འཁྲབ་སྟོན་ཞུས་པའི་འོད་སྡེར་གློག་བརྙན་གྱི་ལམ་ནས་གཟིགས་འབུལ་ཞུས།
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་ལམ་སྟོན་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་མི་ལའི་རྣམ་ཐར་འཁྲབ་སྟོན་ཞུས་
པའི་འོད་སྡེར་དེ་བཞིན་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་བརྒྱད་པའི་སྐབས་དྲན་རྟེན་གྱི་ཚུལ་དུ་འཚོང་སྒྱུར་ཞུ་བཞིན་ཡོད།
¡@
¡@