|
¡@
རབ་བྱུང་རྣམས་ན་བཟའ་མནབ་ཚུལ་སོགས་ཀྱི་རྒྱུགས་བཞེས།
ཕྱི་ལོ་ 2010 ཟླ་ 12 ཚེས་ 14
ཉིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་གཏེར་སྒར་འདུ་ཁང་ཚོམས་
ཆེན་ནང་ཞབས་སོར་བསྐྱངས་ཏེ།
བཀའ་བརྒྱུད་སྨོན་ལམ་ཕྱིར་ཕེབས་པའི་དགེ་ཚུལ་སློང་ཡོངས་རྫོགས་ལ་ཐོག་མར་སྨོན་ལམ་
དངོས་གཞི་ཚུགས་སྐབས་སྒོ་གསུམ་གྱི་བྱ་སྤྱོད་ཇི་ལྟར་བསྐྱང་དགོས་ཚུལ་གྱི་ལམ་སྟོན་བཀའ་སློབ་ཞིབ་ཕྲ་གནང་རྗེས་དགེ་འདུན་
རྣམས་ལ་ཐོག་མར་ཕྱག་འཚལ་ཚུལ། ཆོས་གོས་མནབ་ཚུལ།
ལྷུང་བཟེད་བསྣམ་ཚུལ་སོགས་རབ་བྱུང་ལྔ་རེ་བཞིན་བྱས་ཏེ་རིམ་
པས་རབ་བྱུང་ཡོངས་རྫོགས་ལ་རྒྱུགས་བཞེས་མཛད།
དབུ་ཞྭའི་སྐོར་ལ་གསུངས་དོན་དུ།
དེ་ཡང་རྩེ་ཞྭའི་ཁ་དོག་སེར་པོ་ཡིན་པ་
དེ་བཞིན་འགའ་ཞིག་གིས་རི་བོ་དགེ་ལྡན་པའི་མཚོན་བྱེད་ལྟ་བུ་ཡིན་ཚུལ་བྱུང་རྒྱལ་དུ་ཤོད་མཁན་འདུག་པས།
དེ་ལྟར་མ་ཡིན་
པར་སྔར་བོད་དུ་རྒྱལ་པོ་གླང་དར་སྐབས་རྒྱལ་བའི་བསྟན་པ་ལ་ཉམས་ཉེས་ཆེན་པོ་བྱུང་རྟིང་།
སླར་ཡང་ལྷ་བླ་མ་ཡེ་ཤེས་འོད་
ཀྱིས་རྒྱལ་བསྟན་ཉམས་པ་རྨང་ནས་གསོ་བར་མཛད།
དེ་སྐབས་ཡེ་ཤེས་འོད་ཀྱི་ཞལ་སློབ་ཀླུ་མེས་ཞུ་བ་ཞིག་མཆིས་པར་ཁོང་བོན་
པོ་ཡིན་སྟབས་དབུ་ཞྭའི་ཁ་དོག་དཀར་པོ་མནབས་ཡོད།
དེ་ཉིད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དགོས་པ་ཆེར་གཟིགས་ཏེ་ཁ་དོག་
སེར་པོར་བསྒྱུར་བར་མཛད་དེ་རྒྱལ་བསྟན་གྱི་གཞི་མ་བོད་ཁམས་ཀུན་ཏུ་སྣང་བྱེད་བཞིན་ཕྱོགས་ཐམས་ཅད་དུ་གསལ་བའི་
མཚོན་བྱེད་དུ་སྦྱར་བར་མཛད་པ་བཞིན་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་ནས་དར་སྲོལ་ཆེན་པོ་ཡོད་པ་ལས་གསར་དུ་
གཏོད་པ་དེ་འདྲ་མ་ཡིན་པས་ཀུན་གྱིས་ཡིད་ལ་བཅང་དགོས་ཞེས་བཀའ་སྩལ།
¡@
|