¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

བཀའ་བརྒྱུད་སྨོན་ལམ་ཉིན་གསུམ་པའི་མཛད་རིམ།

 

ཕྱི་ལོ་ 2010 ཟླ་ 12 ཚེས་17 ཉིན་ཞོགས་པ་ཆོས་ཐུན་དང་པོའི་གསོ་སྦྱོང་སྡོམ་པ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་

སྩལ། ཆོས་ཐུན་གཉིས་པ་ཆུ་ཚོད་དགུ་པའི་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་མཆོད་རྟེན་རིན་པོ་ཆེར་ཞབས་སོར་བསྐྱངས་

ཏེ་བཞུགས་ཁྲིར་འཁོད་རྗེས་ཆོས་ཚོགས་ཀྱི་འཐུས་མི་འགའ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།  དེ་ནས་

རྒྱལ་དབང་མཆོག་ནས་བཟང་སྤྱོད་ཀྱི་བཀའ་ཁྲིད་འཕྲོ་མཐུད་དེ་གསུངས་དོན།

                       ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། ཞེས་གསུངས་པ་

ལྟར། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་གྱི་མཐའ་དཔག་ཏུ་མེད་པ་བསྐྱོན་པར་མཛད་པ་ལྟར་དཀར་པོ་དགེ་

བའི་སེམས་ལས་གནད་ཆེ་ཤོས་ཤེས་རབ་དང་སྙིང་རྗེ་གཉིས་ཡིན་པ་དང་། སྙིང་རྗེ་ནི་སེམས་ཀྱི་རྒྱལ་པོ་ལྟ་བུ་དང་ཤེས་རབ་ནི་

དེ་ཉིད་ཀྱི་བློན་པོ་ལྟ་བུ་ཡིན།

སངས་རྒྱས་ཀྱི་ཆོས་ནི་འཚེ་བ་མེད་པའི་རང་བཞིན། མི་འཁྲུགས་པའི་རང་བཞིན། ནང་སེམས་ཀྱི་ཞི་བདེ་བསྐྲུན་པའི་ཐབས་

སོགས་ཡིན། དེང་དུས་འཕྲུལ་ཆས་ཀྱི་རྗེས་སུ་འབྲངས་ནས་འགྲོ་དགོས་སྟབས་ཤིན་ཏུ་དཀའ་ངལ་ཆེ་བ་ཡིན། དེས་ན་སེམས་

རྒྱུད་དུལ་བ་དང་། སེམས་རྒྱུད་འཇམ་པ་དང་། སེམས་རྒྱུད་མཉེན་པའི་ཕྱིར་ཆོས་ཀྱི་ལམ་ལ་སློབ་དགོས། རང་རེ་རྣམས་ཐེག་

པ་ཆེན་པོའི་བྱང་སེམས་ཀྱི་སྡོམ་པ་བླང་ཟིན་སྟབས་གཞན་ལ་ཕན་བདེ་སྒྲུབ་ནུས་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ།

¡@

བཟང་སྤྱོད་ཀྱི་འགྲེལ་པ་རྒྱ་གཞུང་དུ་བཞུགས་པ། མགོན་པོ་ཀླུ་སྒྲུབ་ཀྱི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱི་འགྲེལ་པ། སློབ་

དཔོན་ཕྱོགས་གླང་གི་འགྲེལ་པ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་འགྲེལ་པ། ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་མཛད་པའི་འགྲེལ་པ་

སྟེ་རྒྱ་འགྲེལ་བཞི་དང་བོད་འགྲེལ་གཅིག་བཅས་ཡོད།

¡@

གཡོ་ལ་སྒྱུ་ཡི་གཡོ་དང་། ཀུན་སློང་གི་གཡོ་གཉིས་ཡོད་པ་ལས། ཀུན་སློང་རྣམ་པར་མ་དག་པས་ཕུལ་བ་སྒྱུ་ཡི་གཡོ་དང་། ཆོས་

བརྒྱད་དང་འདྲེས་པའི་སྒོ་ནས་ཕུལ་བ་ཀུན་སློང་གི་གཡོར་གོ་བ་ཡོན།

¡@

དེ་རྗེས་ཁ་གསག ཚུལ་འཆོས། གཞོགས་སློང་། རྙེད་པས་རྙེད་པ་འཚོལ་བ། ཐོབ་ཀྱིས་འཇལ་བ་སྟེ་ལོག་འཚོ་ལྔའི་འགྲེལ་པ་རེ་

རེ་བཞིན་ཞིབ་ཕྲ་བསྐྱོན། སྡིག་པའི་གཉེན་པོ་སྟོབས་བཞིའི་ནང་ནས་སུན་འབྱིན་པའི་སྟོབས་དང་། ཉེས་པ་ལས་སླར་ལྡོག་

པའི་སྟོབས་གཉིས་གནད་ཆེ་ཤོས་ཡིན། སྡིག་པ་ལྕི་ཡང་གི་ཚུལ་ཡང་ཤེས་རབ་སྟོབས་ཀྱིས་འབྱེད་པ་ཡིན་ཏེ། དེ་ཡང་ཇི་སྐད་

དུ། མཁས་པའི་སྡིག་པ་ལྕི་ཡང་ཡང་། བླུན་པོའི་སྡིག་པ་ཡང་ཡང་ལྕི། །ཞེས་གསུངས་པ་ལྟར་ཤེས་རབ་ཀྱི་གྲོགས་ལ་

བརྟེན་ནས་སྡིག་སྦྱོང་གི་ལམ་ལ་སློབ་དགོས་པར་གསུངས།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.