¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

¡@

རྒྱལ་དབང་མཆོག་རིན་མེད་སྨན་ཁང་དང་དགེ་འདུན་ཡོངས་ཀྱི་ཞལ་ལག་ལ་གཟིགས་ཞིབ་བསྐྱངས་པ

 

ཕྱི་ལོ་ 2010 ཟླ་ 12 ཚེས་ 17 ཉིན་ཞོགས་པ་ཆོས་ཐུན་གཉིས་པ་གྲོལ་རྗེས་ཆུ་ཚོད་བཅུ་གཅིག་ཐོག་རྒྱལ་དབང་ཀརྨ་པ་མཆོག་

སྔ་འགྱུར་རྙིང་མའི་མགྲོན་ཁང་ནང་བཀའ་བརྒྱུད་སྨོན་ལམ་གྱི་དུས་ཡུན་རིང་ཆེད་བཙུགས་མཛད་པའི་བོད་སྨན་གྱི་འཕྲོད་

བསྟེན་སྡེ་ཚན་དང་། རྒྱ་སྨན་འཕྲོད་བསྟེན་སྡེ་ཚན། དེ་བཞིན་སོ་ནད་བཅོས་པའི་སྡེ་ཚན་ཁག་སོ་སོར་གཟིགས་རྟོག་ལེགས་པར་

བསྐྱངས་རྗེས། སྔ་འགྱུར་རྙིང་མའི་མགྲོན་ཁང་ནང་བཞུགས་དགེ་ཚུལ་སློང་ཡོངས་ཀྱི་ཞལ་ལག་ཇི་ལྟར་ཡོད་མིན་གཟིགས་ཞིབ་

སླད་མགོན་པོ་ཉིད་ནས་ཕྲན་བུ་བཞེས་གནང་མཛད།

གོང་གསལ་བོད་སྨན་གྱི་སྡེ་ཚན་ནང་བོད་ཀྱི་ལྷ་རྗེ་གཉིས་ཡོད་པ་ལས་གཙོ་བོ་རང་གཞུང་འཕྲོད་བསྟེན་སྨན་ཁང་གི་འགན་

འཛིན་ཨེམ་རྗེ་ཟླ་བ་ལགས་དང་། སྒྲུབ་བརྒྱུད་བསྟན་དར་ལགས་གཉིས་ནས་ནད་མནར་བ་རྣམས་ལ་བརྟག་དཔྱད་དང་

འབྲེལ་སྔ་དགོང་ཆོས་ཐུན་གྲོལ་རྗེས་ཉིན་རེར་རབ་བྱུང་ཕོ་མོ་དང་རྒྱ་གར་བ་སོགས་ནད་པ་བརྒྱ་དང་ལྔ་བཅུ་ཙམ་ཡོང་གི་

ཡོད་པའི་གནས་ཚུལ་གསུངས།

ཕྱི་རྒྱལ་སྨན་ཁང་སྡེ་ཚན་ནང་རྒྱ་རིགས་ཨེམ་རྗེ་གསུམ་འདུག་ཀྱང་སྨན་རིགས་ཡོངས་རྫོགས་ཕྱི་རྒྱལ་ནས་ཡིན་ཚུལ་དང་། དེ་

ཡང་ཉིན་རེར་རབ་བྱུང་ཕོ་མོ་དང་ས་གནས་ཡུལ་མི་སོགས་ཉིན་རེར་ནད་པ་བརྒྱ་ཕྲག་གཉིས་ཙམ་ཡོང་གི་ཡོད་པའི་གནས་

ཚུལ་འདུག

དེ་བཞིན་སོ་བརྟག་དཔྱད་མཛད་མཁན་གྱི་ཨེམ་རྗེ་ཧ་ན་ཀར་ལིན་ཞུ་བ་དེ་ཉིད་དྭང་བླངས་ཞབས་ཞུ་བ་ཡིན་ཅིང་། སོ་བརྟག་

དཔྱད་བྱ་རྒྱུའི་ཡོ་བྱད་ཀྱི་ཆ་རྐྱེན་ཀུན་ཀྱང་རང་ཉིད་ནས་ལྷན་དུ་བསྣམས་འདུག་པར་དེར་ཡང་ཉིན་རེར་སོ་ནད་ཅན་གང་

མང་ཡོང་བཞིན་ཡོད་པའི་གནས་ཚུལ་དང་།

གོང་གསལ་གཟིགས་ཞིབ་མཐའ་དག་ལེགས་པར་གྲུབ་རྗེས་གུང་ཚིགས་ཕྱིར་རྒྱལ་དབང་མཆོག་བཞུགས་གནས་གཏེར་སྒར་

དགོན་དུ་ཕྱིར་ཕེབས་མཛད་པའི་གནས་ཚུལ་སྙིང་བསྡུས་སུ།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.