¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

¡@

བཀའ་བརྒྱུད་སྨོན་ལམ་ཉིན་བཞི་པའི་མཛད་རིམ།

 

ཕྱི་ལོ་ 2010 ཟླ་ 12 ཚེས་ 18 ཉིན་ཞོགས་པའི་ཆུ་ཚོད་དྲུག་པའི་ཐོག་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་དགེ་ཚུལ་སློང་

རྣམས་ལ་གསོ་སྦྱོང་གི་སྡོམ་པ་སྩལ།  དེ་རྗེས་ཆོས་ཐུན་གཉིས་པ་ཆུ་ཚོད་དགུ་པའི་ཐོག་རྒྱལ་དབང་མཆོག་མཆོད་རྟེན་ཆེན་མོར་

ཞབས་སོར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་རྗེས་འཇམ་མགོན་བླ་བྲང་། རྒྱལ་ཚབ་བླ་བྲང་། བྷེད་ནམ་ནང་པའི་ཆོས་ཚོགས་སོ

ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་རྒྱལ་དབང་མཆོག་ནས་བཟང་སྤྱོད་ཀྱི་བཀའ་ཁྲིད་མུ་མཐུད་སྩལ་

དོན་དུ།

དེ་ཡང་མགོན་པོ་བྱམས་པའི་སྨོན་ལམ་ནང་།

       མཐོ་རིས་ལམ་ནས་རབ་སྟོན་ལ། ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང་།

       རྒ་ཤི་མེད་པར་འདྲེན་བགྱིད་པ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ཞེས་གསུངས་པ་ལྟར། རང་ཉིད་ཁོ་ན་ངན་སོང་གི་

སྡུག་བསྔལ་ལས་ཐར་ནས་མྱ་ངན་ལས་འདས་པ་ཙམ་མ་ཟད་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འགོད་པར་

བྱེད་པ་ལ་བྱང་ཆུབ་ཀྱི་སེམས་དགོས་པ་དང་། དེ་ཡང་སེམས་ཅན་མ་ལུས་པར་སྙིང་རྗེ་སྐྱེ་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན།

དེས་ན་ཐོག་མ་ཀུན་སློང་བཅོས་དགོས་པ་ཤིན་ཏུ་གཅེས།

སྤྱིར་བྱེ་བྲག་སྨྲ་བ་དང་ཐེག་ཆེན་པ་སྡིག་པའི་རྣམ་གཞག་གི་བཞེད་ཚུལ་ཐ་དད་ཡིན། མདོར་ན་སྡིག་པ་ཞེས་པ་གཞི་སེམས་ཀྱི་

སྟེང་དུ་ཡོད་པས་ཞིང་ས་དང་འདྲ་བ་ཡིན།  དགེ་བ་སྣ་རེ་ལས་མ་བྱུང་བ་ཡིན་ན་ཡང་སྡིག་སྟོབས་ཀྱི་གཉེན་པོར་བསམ་ཚེ་

སྡིག་པ་འདག་ཆེ་བ་ཡིན། སྤྱིར་སྡིག་སྒྲིབ་སྦྱོང་བ་ལ་མཆོག་ཏུ་གྱུར་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། ལས་སྒྲིབ་སྦྱོང་བ་

ལ་མཆོག་ཏུ་གྱུར་པ་མི་འཁྲུགས་པའི་གཟུངས་སྔགས་ཡིན།

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། ཞེས་སོགས་ཚིགས་བཅད་གཅིག་གིས་རྗེས་སུ་ཡི་རང་བྱ་བའི་ཡུལ་སངས་རྒྱས་

དང་། བྱང་ཆུབ་སེམས་དཔའ། རང་རྒྱལ། ཉན་ཐོས་སློབ་པ་དང་མི་སློབ་པ་སོགས་སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་

རྣས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ལ་དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་བ་དཔག་ཏུ་མེད་པ་རྙེད་

ཚེ་ཕན་ཡོན་མཐའ་ཡས་པ་ཡིན། རྗེས་སུ་ཡི་རང་མང་དུ་བགྱིད་ཚེ་སླར་ཡང་དགེ་བ་བགྱི་བར་སྤྲོ་བ་བརྟས་པ་ཡིན། སངས་རྒྱས་

རྣམས་ཀྱིས་སེམས་ཅན་ལ་བརྩེ་བའི་ཐུགས་ནི་ཇི་སྐད་དུ།

                     བྱིས་པ་རང་ལ་བརྩེ་བ་ཡངཁྱོད་ཐུགས་སྙིང་རྗེའི་ཆར་མི་ཕོད།

                                                                               ཞེས་གསུངས་པ་ལྟར་རང་ཅག་རྣམས་ཀྱིས་རང་དོན་ཕྱིར་

རྨི་ལམ་དུ་ཡང་རྨིས་མ་མྱོང་བ་སངས་རྒྱས་རྣམས་ཀྱིས་གཞན་དོན་ཕྱིར་སྒྲུབ་པར་མཛད་པ་ཡིན། གཞན་ཡང་བདག་ཅག་གི་

སྟོན་པས་མ་འོངས་པའི་འགྲོ་བ་སྙིགས་མ་ལྔ་བདོ་བ་རྣམས་ལ་དགོངས་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་ཡིན་པས་

སངས་རྒྱས་ཀྱི་མཛད་པ་རྣམ་ཐར་བསམ་གྱིས་མི་ཁྱབ་པ་རྣམས་ལ་རྗེས་སུ་ཡི་རང་འབུལ་དགོས་རྒྱུ་ཤིན་ཏུ་གནད་ཆེ། རྗེས་སུ་

ཡི་རང་གི་ཕན་ཡོན་ཆེ་ཚུལ་ལ་བཅོམ་ལྡན་འདས་ཀྱི་ཡོན་བདག་རྒྱལ་པོ་གསལ་རྒྱལ་དང་འབྲེལ་བའི་ལོ་རྒྱུས་གསུངས།

རྒྱལ་བའི་བསྟན་པ་འཛིན་པར་ངེས་པར་དུ་བླ་མ། སྤྲུལ་སྐུ། མཁན་པོ་དང་དགེ་བཤེས་སོགས་ཡིན་དགོས་དོན་མེད་པར་སྡོམ་

ལྡན་གྱི་སྐྱེས་བུ་སུས་ཀྱང་འཛིན་ནུས་པ་ཡིན་ཏེ།

              དེ་ཡང་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས

                                         རང་གི་ཉོན་མོངས་དགྲ་བོ་ཐུལ་བ་ན།

                                         སངས་རྒྱས་བསྟན་པ་དེ་ཡི་ལག་ན་གནས།

                                                                            ཞེས་གསུངས་པའིངང་ཚུལ་ལ་རང་གཞན་ཐམས་ཅད་ཀྱིས་

སློབ་དགོས་པ་ཡིན།

འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། ཞེས་སོགས་ཚིགས་བཅད་གཅིག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ཡིན།

སངས་རྒྱས་ཀྱི་ཆོས་དེ་བཞིན་འཁོར་བའི་ཕ་རོལ་དུ་བགྲོད་པ་བྱེད་པའི་ཤིང་རྟ་ལྟ་བུ་ཞིག་ཡིན། འོན་ཀྱང་དེ་ཉིད་བསྐོར་བ

བསྐུལ་བ་པོ་མེད་ཚེ་འཁོར་བའི་ཕ་རོལ་ཏུ་བགྲོད་ཐབས་མེད།

                                                            འདུལ་བ་མདོ་རྩ་བའི་ནང་། མ་གསོལ་བར་མི་བྱའོ། ཞེས་གསུངས་པ་ལྟར།

སངས་རྒྱས་རྣམས་སྤྱིར་འཇིག་རྟེན་དུ་མ་རིག་པས་མདོངས་པའི་འགྲོ་བ་རྣམས་ལ་ཆོས་ཀྱི་སྒྲོན་མེ་གསལ་བར་མཛད་པའི་ཕྱིར་

ཕེབས་པ་ཡིན་ཀྱང་

ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །

སུ་ལ་བསྟན་ཀྱང་ཕན་པར་མི་འདུག་པས། །མི་སྨྲ་ནགས་འདབས་དབུས་སུ་གནས་པར་བྱ། །

ཞེས་གསུངས་ཏེ་བདུན་བདུན་ཏེ་ཞག་ཞེ་དགུའི་བར་དུ་ཆོས་མ་གསུངས་པར་བཞུགས་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཕྱག་ཏུ་

དུང་དཀར་དང་། མི་མཇེད་བདག་པོ་ཚངས་པའི་ཕྱག་ཏུ་འཁོར་ལོ་ཐོགས་ཏེ་ལྷ་མིའི་སྟོན་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་

བསྐུལ་བ་ཡིན་པས་སེམས་ཅན་གྱི་ངོས་ནས་གསོལ་བ་མ་འདེབས་ཚེ་ཆོས་ཀྱི་འཁོར་ལོ་མི་བསྐོར་བས་ངེས་པ་དུ་ཆོས་ཀྱི་འཁོར་

ལོ་བསྐོར་ཕྱིར་གསོལ་བ་འདེབས་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན། ཆོས་འཁོར་བསྐོར་བར་བསྐུལ་ཚུལ་ཡང་རྣམ་གྲངས་དུ་མ་

ཡོད། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ཡང་རང་རེ་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་སངས་རྒྱས་དངོས་མཇལ་

ནུས་པའི་གོ་སྐབས་མེད་ཀྱང་། ད་ལྟའི་དུས་དངོས་སུ་རང་ཉིད་ལ་བཀའ་དྲིན་ཆེ་བའི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་

དཔལ་ལྡན་བླ་མའི་བཀའ་དྲིན་ཚོར་དགོས་་ཤིན་ཏུ་གལ་ཆེ་བ་ཡིན། དེས་ན་དེ་ལྟའི་བཀའ་དྲིན་ཅན་གྱི་རྩ་བའི་བླ་མར་སྐུ་

མྱ་ངན་ལས་མི་འདའ་བའི་ཕྱིར་གསོལ་བ་འདེབས་དགོས་པ་ཤིན་ཏུ་གཅེས།

དོན་གྱི་དགྲ་དང་བགེགས་རང་ཉིད་ཀྱི་ཡིད་ལ་བཅངས་ཡོད།  ཆོས་ཆོས་སུ་འགྲོ་བ།  གདམས་ངག་གདམས་ངག་ཏུ་འགྲོ་བ།

གསང་སྔགས་གསང་སྔགས་སུ་འགྲོ་བ།  གཙོ་བོ་སེམས་རྒྱུད་འདུལ་བའི་དམིགས་ཡུལ་དུ་བཟུང་ནས་ཆོས་བྱས་པ་ཡིན་ན།

ཅི་བྱས་ཆོས་ཀྱི་རྗེས་སུ་འགྲོ་བ་ཡིན།

                                 དེ་ཡང་ཁ་རྒྱུན་དུ

                                                  བསམ་ངན་ཅན་གྱིས་མ་ཎི་བགྲང་བ་ལས།

                                                སེམས་བཟང་ཅན་གྱིས་གླུ་ཞིག་ལེན་པ་དགའ། ཞེས་པ་ལྟར་གཙོ་བོ་སེམས་རྒྱུད་

འདུལ་བའི་ཐབས་ལ་འབད་དགོས་པ་ཤིན་ཏུ་གལ་ཆེ།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.