¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

¡@

བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་འབྲེལ་བའི་བཀའ་སློབ།

 

ཕྱི་ལོ་ 2010 ཟླ་ 12 ཚེས་ 18 ཉིན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་ནང་ཞབས་

སོརབསྐྱངས་ཏེ་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་ལ་ཐོག་མར་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཕྱག་བཞི་པའི་

ལྗགས་ལུང་སྩལ་མཁན་དུ་མ་ཡོད་སྟབས་ཕན་ཐོགས་ཡོད་ན་སྙམ་ནས་ཐོག་མར་ལུང་འདོན་རྒྱུ་ཡིན།

བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་ཡོངས་རྫོགས་འདིར་འཛོམས་པ་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། ཁྱེད་རྣམ་

པ་ནས་ཐོག་མཐའ་བར་གསུམ་དུ་བཀའ་བརྒྱུད་སྨོན་ལམ་ཕྱིར་རྒྱབ་སྐྱོར་མཛད་པར་ཁོ་བོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་

རྒྱུ་ཡིན། ཁྱེད་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་བརྒྱད་པ་འདི་བཞིན་ལེགས་པར་ཚུགས་

ཐུབ་པ་བྱུང་བས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་ནས་བཀའ་བརྒྱུད་སྨོན་ལམ་འདི་བཞིན་ཐོག་མར་ 1983 ནས་དབུ་འཛུགས་བསྐྱངས་

ཤིང་། དེ་སྐབས་དགེ་འདུན་པ་བཟང་སྤྱོད་སྨོན་ལམ་ཚོགས་མཁན་ཉི་ཤུ་སུམ་ཅུ་ཙམ་ལས་མེད། དེ་སྐབས་བཀའ་བརྒྱུད་སྨོན་

ལམ་ཚོགས་པའི་འཆར་གཞི་རྒྱ་ཆེན་གང་ཡང་མེད་མོད། འོན་ཀྱང་དེ་ཉིད་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ས་བོན་དུ་ངེས་

པར་གྱུར་ཡོད་པ་རེད། སྨོན་ལམ་ཚོགས་པ་འདི་ཉིད་ལ་ཐོག་མར་ཀཾ་ཚང་སྨོན་ལམ་དང་། དེ་མཇུག་མཐར་གྱིས་བཀའ་བརྒྱུད་

སྨོན་ལམ་གྱི་ངོ་བོར་འགྱུར་ཞིང་། ད་ནི་རིམ་པས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་དགོན་ཁག་ཐམས་ཅད་ནས་

དགེ་འདུན་པ་དུ་མ་ཕེབས་ཡོད།

དེ་བཞིན་བཀའ་བརྒྱུད་སྨོན་ལམ་གྱི་ཞལ་འདོན་ཕྱག་དཔེའི་ནང་དུ་ཡང་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་རྣམས་ནས་མཛད་

པའི་གསོལ་འདེབས་ཁག་བཞུགས་ཡོད། བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་ཞུགས་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆར་གཏོགས་

ཙམ་མ་ཡིན་པར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་ནས་མི་རིགས་སྣ་ཚོགས་འདུས་ཡོད་པས་རིས་མེད་སྨོན་ལམ་ལྟ་བུར་

གྱུར་ཡོད། སྐབས་འགར་རང་རེས་འཆར་གཞི་སྣ་ཚོགས་བཀོད་ཀྱང་ཇི་བཞིན་མི་འགྲུབ་པ་ལྟ་བུ་སྣང་ཡང་ཕྱོགས་གཅིག་

ནས་རང་ཅག་ཐམས་ཅད་ཀྱི་ལྷག་བསམ་གྱི་མཐུ་ལ་བརྟེན་ནས་བསམ་དོན་མ་ལུས་འབད་མེད་ལྷུན་གྱིས་གྲུབ་པའི་ངང་ཚུལ་

དུ་སྣང་།

བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མིའི་ཁོངས་སུ་ཞུགས་རྒྱུ་དེ་བཞིན་སྨོན་ལམ་གྱི་མཚོན་བྱེད་ལྟ་བུར་གྱུར་ཡོད། ཁྱེད་རྣམ་པའི་

ཞལ་འདེབས་དང་ལྷག་བསམ་རྣམ་དཀར་གྱི་ཆུ་རྒྱུན་དེ་རྒྱ་མཚོ་བཞིན་རིམ་གྱིས་འཕེལ་བ་ཡིན། མ་འོངས་པར་ཡང་ཁྱེད་རྣམ་

པའི་སྒོ་གསུམ་ཞི་དུལ་བག་ཡོད་དང་མི་ཚེའི་ནང་བྱམས་སྙིང་རྗེ་དང་ཤེས་རབ་ཅན་གྱི་བདག་ཉིད་དུ་གྱུར་པའི་སྨོན་འདུན་

ཞུ་བཞིན་ཡོད་ཅེས་བཀའ་སྩལ།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.