¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

¡@

བཀའ་བརྒྱུད་སྨོན་ལམ་ཉིན་ལྔ་པའི་མཛད་རིམ།

 

ཕྱི་ལོ་ 2010 ཟླ་ 12 ཚེས་ 19 ཞོགས་པ་ཆོས་ཐུན་དང་པོར་དགེ་ཚུལ་སློང་རྣམས་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སྐྱབས་རྗེ་

རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་སྩལ། ཆོས་ཐུན་གཉིས་པ་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་

མཆོད་རྟེན་རིན་པོ་ཆེའི་ནང་ཞབས་སོར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་རྗེས། སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་དང་ཆོས་ཚོགས་

ཀྱི་དད་སྦྱིན་འགའ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེ་འབུལ་ཞུས། དེ་རྗེས་གསུང་ཆོས་བཟང་སྤྱོད་སྨོན་ལམ་གྱི་བཀའ་

ཁྲིད་ཉིན་བཞི་པའི་འཕྲོས་ནས་མུ་མཐུད་སྩལ་དོན།

དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། སེལ་བར་བྱས་པའང་ཞེས་སོ

ཀྱི་སྐབས་ནས་གསུངས་པ་ལྟར། སེམས་ཅན་གཅིག་གི་ཀླད་ནད་དམ་མགོ་ནད་ཙམ་སེལ་བའི་བསམ་པ་སྙིང་ཐག་པ་ནས་བཅང་

་ཡིན་ནའང་ཕན་ཡོན་མཐའ་ཡས་པ་ཡོད་ན། མཁའ་ཁྱབ་སེམས་ཅན་མཐའ་དག་སྡུག་བསྔལ་ལས་ཐར་བར་འདོད་པའི་བློ་

མཆིས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་སྨྲོས་ཅི་འཚལ། སྤྱིར་ཀུན་སློང་བཟང་པོ་བཅངས་ཏེ་འབྲུ་རྡོག་ཅིག་དང་། ཆུ་

ཐིགས་གཅིག་འབུལ་བའི་བསོད་ནམས་ཀྱང་བརྗོད་དུ་མེད་པ་ཡིན། དེ་ཡང་བཀའ་གདམས་གོང་མ་རྣམས་ཀྱིས། དངོས་པོ་ལ་

མི་ཐོགས། བསམ་པ་ལ་ཐོགས་པ་ཡིན། ཞེས་གསུངས་པ་ལྟར། རང་རེ་རྣམས་ནས་བསམ་པ་རྒྱ་ཆེ་བའི་ཚུལ་ལ་སློབ་དགོས་པ་

ཡིན་ཞེས་དང་།

དེ་ཡང་བདག་ཅག་གི་སྟོན་པས་མགོན་པོ་གང་ཉིད་གང་དུ་སྐུ་བལྟམས་པ་དང་། མངོན་པར་རྫོགས་པ་སངས་རྒྱས་པ། ཆོས་ཀྱི་

འཁོར་ལོ་བསྐོར་བ། སྐུ་མྱ་ངན་ལས་འདས་པའི་གནས་ཏེ་སྟོན་པའི་མཛད་ཆེན་བཞི་སྟོན་པའི་གནས་རྣམས་མཇལ་ཚེ་སངས་

རྒྱས་དངོས་མཇལ་བ་དང་ཁྱད་པར་མེད་པར་གསུངས་པ་བཞིན། གནས་ཁྱད་པར་དུ་འཕགས་པར་གང་ཟག་ལ་གནས་ཀྱི་བྱིན་

གྱིས་བརླབས་པས་རྣམ་དཀར་ཀྱི་ལས་ཅི་བགྱིས་པ་ཡིན་ན་ཡང་འགྱུར་ཧ་ཅང་ཆེ་བས་བསོད་ནམས་གསོག་པའི་ཐབས་ལ་

འབད་དགོསཚུལ་ཞིབ་པར་གསུངས།

ཕྱོགས་བཅུ་ག་ལའིཞིང་རྣམས་ཇི་སྙེད་པ། ཞེས་སོགས་ཀྱི་ཚིགས་སུ་བཅད་པས་རྟག་ཏུ་སེམས་ཅན་དང་མཐུན་པར་འགྲོགས་

ཚུལ་གྱི་རྣམ་གཞག་བསྟན་པ་ཡིན། འདི་སྐབས་འབྲེལ་ཆེ་བ་སྔོན་གྱི་དགེ་བསྙེན་ཞིག་གི་ལོ་རྒྱུས་གསུངས། དེས་ན་སེམས་ཅན་

དང་མཐུན་པར་འགྲོགས་པ་དང་། ཇོ་བཟང་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སེམས་ཅན་གཞན་ལ་བཟང་འབྲེལ་ལམ་དགེ་

བའི་ཆ་དང་འགྲོགས་པ་ལ་མཐུན་པར་འགྲོགས་པ་ཞེས་བརྗོད་པ་ཡིན། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་འབྱུང་གནས་ཇོ་བོ་སེམས་ཅན་མཐའ་དག་ཡིན་པས སེམས་ཅན་མ་ལུས་བཀུར་བའི་ཞིང་དུ་བཟུང་ནས་རང་ཉིད་དམན་

ས་འཛིན་དགོས་པ་ཡིན། སེམས་ཅན་གྱི་མོས་པ་སྣ་ཚོགས་པ། ཁམས་སྣ་ཚོགས་པ། འདུ་ཤེས་སྣ་ཚོགས་པ་ཡོད་སྟབས་ཐབས་

ཀྱང་སྣ་ཚོགས་པའི་སྒོ་ནས་བསྟུན་དགོས་པ་ཡིན། སངས་རྒྱས་སྤངས་རྟོགས་མཐར་ཕྱིན་པའི་བདག་ཉིད་ཡིན་པས་ཕྱག་མཆོད་

དང་བསྙེན་བཀུར་ཕུལ་ཏེ་བཟང་དུ་འགྲོ་རྒྱུ་དང་། མ་ཕུལ་ནས་ཞན་དུ་འགྲོ་རྒྱུ་མེད་ཀྱང་། རང་རེ་སེམས་ཅན་ཉོན་མོངས་

པས་མནར་བ་རྣམས་བསོད་ནམས་གསོག་པ་དང་སྡུག་བསྔལ་ལས་སྒྲོལ་བའི་སླད་དུ་མཆོད་ཡུལ་དམ་པར་མཆོད་པ་ཕུལ་བ་

ཡིན་པས་ངེས་པར་དུ་མ་རྒན་སེམས་ཅན་རྣམས་ཀྱི་ཕྱིར་དུ་སྙིང་རྗེ་བསམ་པ་འབྲལ་མེད་དུ་བཟུང་དགོས་པ་ཡིན།

ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར་མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་པའི་འགྲོ་

དོན་སྐྱོང་བར་བྱེད་པ་ལ་ཐོག་མར་སེམས་ཅན་སོ་སོའི་སྐད་ཀྱི་སྒོ་ནས་ཕན་ཚུན་བརྡ་འཕྲོད་པར་བྱ་དགོས་པས་སྐད་རིགས་སྣ་

ཚོགས་ལ་བརྟེན་དགོས་པ་ཡིན།

དེ་མཇུག་བྱང་སེམས་སོ་སྐྱེའི་ཕ་རོལ་ཏུ་ཕྱིན་པ་བཅུའི་ལམ་ལ་སློབ་ཚུལ་གྱི་རྩ་ཚིག་རྣམས་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་

སངས་རྒྱས་རྣམས་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཕྱིན་པ་

བཅུའི་ཉམས་སུ་ལེན་ཚུལ་གྱི་རྣམ་གཞག་རྒྱས་པར་བསྟན་པའི་སྒོ་ནས་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་དེ་བཞིན་ཉིན་དེར་

མཇུག་གྲུབ་པར་མཛད་དོ།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.