¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

¡@

མ་ཧཱ་ཡ་ནའི་གསོལ་མགྲོན་ཁང་དུ་གཟིགས་ཞིབ་དང་བླ་སྤྲུལ་ཁག་དང་ལྷན་དུ་གསོལ་ཚིགས།

 

ཕྱི་ལོ་ 2010 ཟླ་ 12 ཚེས་ 19 ཉིན་ཞོགས་པ་ཆོས་ཐུན་གཉིས་པ་གྲོལ་རྗེས་ཕྱག་ཚོད་བཅུ་གཅིག་ཐོག་དཔལ་རྒྱལ་དབང་ཀརྨ་པ་

མཆོག་མ་ཧཱ་ཡ་ན་རྣམ་རྒྱལ་གསོལ་མགྲོན་ཁང་ནང་གོ་སྒྲིག་བགྱིས་པའི་བཀའ་བརྒྱུད་སྨོན་ལམ་ཚོགས་མི་རྣམས་ཀྱི་གསོལ་ཚིགས་

འབུལ་ཡུལ་དང་གསོལ་ཐབ་དང་བཅས་པར་གཟིགས་ཞིབ་ནན་ཏན་དང་།  ཞོར་དུ་མགྲོན་ཁང་གི་རྒྱབ་ཏུ་མཆིས་པའི་བཀའ་

བརྒྱུད་སྨོན་ལམ་ལས་བྱེད་རྣམས་ཀྱི་ཞལ་ལག་བཞེས་ཡུལ་དུའང་གཟིགས་རྟོག་མཛད་དེ་སླར་ཡང་གསོལ་མགྲོན་ཁང་དུ་ཕེབས་

ནས་ཚོགས་མི་རྣམ་པའི་ཞལ་ལག་རྟོག་ཞིབ་ཕྱིར་རྒྱལ་དབང་མཆོག་ནས་ཅུང་ཟད་བཞེས།

དེ་རྗེས་སྔ་འགྱུར་རྙིང་མའི་མགྲོན་ཁང་གི་ཉེ་འདབས་སུ་མཆིས་པའི (Royal Residency) ཞེས་པའི་གསོལ་མགྲོན་ཁང་དུ་

སྨོན་ལམ་ཚོགས་པའི་སྦྱིན་བདག་རྣམས་ནས་རྒྱལ་དབང་མཆོག་གི་དབུས་བླ་སྤྲུལ་རྣམས་དང་། འབྲེལ་ཡོད་གནད་ཆེའི་ལས་སྣེ་

རྣམས་ཀྱི་ཕྱིར་གསོལ་ཚིགས་གོ་སྒྲིག་ཞུས་ཡོད་པ་ལྟར་རྒྱལ་དབང་མཆོག་ཆུ་ཚོད་བཅུ་གཉིས་ཙམ་ལ་ཆིབས་སྒྱུར་བསྐྱངས་རྗེས་

དེར་འདུས་རྣམས་ལ་ཐོག་མར་མགོན་པོ་མཆོག་ནས་གསུངས་དོན་དུ། སྨོན་ལམ་ཐེངས་ཉེར་བརྒྱད་པར་ཆིབས་སྒྱུར་བསྐྱངས་

པའི་བཀུར་འོས་སྐྱབས་རྗེ་རྣམ་པ་དང་།  སྦྱིན་བདག་རྣམ་པ་ཚོ་འདི་ཆིབས་སྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  སྦྱིན་

བདག་རྣམས་ནས་གཏོང་ཕོད་ཀྱི་ཕྱག་ཡངས་པོ་རྐྱོང་གནང་མཛད་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་

སྩལ།

དེར་གསོལ་ཚིགས་སུ་རྒྱལ་དབང་མཆོག་གི་དབུས་སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ།

མཁན་ཆེན་ཁྲ་འགུ་རིན་པོ་ཆེ། རྡོར་སློབ་བསྟན་དགའ་རིན་པོ་ཆེ། མི་འགྱུར་རིན་པོ་ཆེ། བག་ཡོད་རིན་པོ་ཆེ། དབོན་དགོན་རིན་

པོ་ཆེ། མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ་སོ་བླ་སྤྲུལ་ཉི་ཤུ་ལྷག་ཙམ་དང་ཞབས་འབྲིང། དེ་བཞིན་གནད་ཡོད་མི་སྣ། བཀའ་

བརྒྱུད་སྨོན་ལམ་ལས་བྱེད་དང་སྦྱིན་བདག་སོགས་མི་གྲངས་བརྒྱ་ལྷག་ཙམ་གོང་གསལ་མགྲོན་ཁང་ནང་སྨོན་ལམ་ཚོགས་པའི་

སྦྱིན་བདག་རྣམས་ནས་གསོལ་ཚིགས་གོ་སྒྲིག་བསྟར་འབུལ་ཞུས། གསོལ་ཚིགས་གྲུབ་རྗེས་རྒྱལ་དབང་མཆོག་ནས་སྦྱིན་བདག་

ཡོངས་ལ་གནང་སྐྱེས་སྩལ་བས་ཁོང་རྣམས་དགའ་དད་ཀྱི་སྤྲོ་བ་དཔག་མེད་དུ་བརྟས་པའི་རྣམ་འགྱུར་ལུས་ངག་དུ་དོད་པའི་

གནས་ཚུལ་སྙིང་བསྡུས་སུ།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.