¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

¡@

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཉིན་བདུན་པའི་མཛད་རིམ།

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཆོས་སྐོར་དང་དག་སྒྲོགས།

 

ཕྱི་ལོ་ 2010 ཟླ་ 12 ཚེས་ 21 ཉིན་ཞོགས་པ་ཆུ་ཚོད་དྲུག་པའི་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་མཆོད་རྟེན་རིན་

པོ་ཆེའི་ནང་ཞབས་སོར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་མ་ཐག་དགེ་འདུན་འདུས་པ་ཡོངས་ལ་སྔ་དྲོའི་ཐེག་ཆེན་གསོ་

སྦྱོང་གི་སྡོམ་པ་སྩལ།

དེ་མཇུག་ཆུ་ཚོད་བརྒྱད་པའི་ཐོག་དུང་རྒྱ་སྤོས་སྣེས་སྣེ་འཁྲིད་དེ་རྒྱལ་དབང་ཀརྨ་པ་མཆོག སྐྱབས་རྗེ་འཇམ་མགོན་ཀོང་

སྤྲུལ་རིན་པོ་ཆེ། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ། མཁན་པོ་བློ་གྲོས་དོན་ཡོད་ཀྱི་དབུས་དགེ་འདུན་བརྒྱ་ཕྲག་ལྷག་གིས་ཕྲག་

སྟེང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་རེ་བསྣམ་སྟེ་ཆོས་སྐོར་མཛད་སྐབས་ཕེབས་ལམ་གྱི་གཡས་གཡོན་

ཀུན་ཏུ་ཆོས་མཇལ་བ་སྟོང་ཚོ་དུ་མའི་ལག་ཏུ་མེ་ཏོག་དང་། བདུག་སྤོས། ལྷ་གོས་དཀར་སེར་དམར་ལྗང་སོགས་ཐོགས་ཏེ་

གུས་བསུའི་མེ་ཏོག་འཐོར་བར་མཛད་རྟིང་མཆོད་རྟེན་རིན་པོ་ཆེའི་ནང་བསྐོར་བརྒྱུད་ཚོགས་སུ་ཕེབས་མ་ཐག སླར་ཡང་

མཆོད་རྟེན་ནང་ཡོད་པའི་རྡོ་རིང་ཞིག་གི་དབུ་འབྱེད་བསྐྱངས།

དེ་ནས་མཆོད་རྟེན་ནང་བཀའ་བརྒྱུད་སྨོན་ལམ་དུ་འཛོམས་པའི་དགེ་འདུན་འདུས་པ་ཡོངས་ནས་རྒྱལ་བའི་བཀའ་འགྱུར་

རིན་པོ་ཆེའི་དག་སྒྲོགས་དཔྱིས་ཕྱིན་པར་མཛད།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.