ད་ལོའི་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་བརྒྱད་པའི་མགོན་པོ་མི་འཁྲུགས་པའི་བསྙེན་མཚམས་ནི་རྒྱལ་དབང་མཆོག་
གི་གཟིཌ་ཞིབ་འོག་ཕྱི་ལོ་
2010 ཟླ་
11 ཚེས་
23
ཉིན་རྡོར་གདན་ཡོངས་དགེ་གཏེར་སྒར་དགོན་གྱི་ཡང་ཐོག་ཏུ་དབུ་
འཛུགས་བསྐྱངས་ཡོད་པ་དང་།
མཚམས་བཞུགས་མི་སྣ་ཡང་རྒྱལ་དབང་མཆོག་གི་དམིགས་བསལ་ཡུལ་གྲུ་ཁག་གི་ཆོས་
ཚོགས་ནས་དགེ་སློང་དྲུག་དང་དགེ་སློང་མ་ལྔ།
ཁྱིམ་པ་བཞི་བཅས་ཁྱོན་བསྡོམས་མི་བཅོ་ལྔ་འདེམས་སྒྲུག་མཛད་གནང་
ཡོད།
སྤྱིར་བཏང་མགོན་པོ་མི་འཁྲུགས་པ་དེ་བཞིན་ལས་སྒྲིབ་སྦྱོང་བའི་མཆོག་ཏུ་གྱུར་པར་གཞུང་དུ་མ་ལས་གསུངས་ཡོད་པ་
དང་།
རྒྱལ་དབང་མཆོག་གིས་ཀྱང་ལས་ངན་སྟོབས་སུ་བདོ་བའི་གཉན་འཕྲང་གི་དུས་ཚོད་འདི་ལྟ་བུ་ལ་མི་འཁྲུགས་པའི་
ཆོ་ག་དེ་ལྟར་ཉམས་ལེན་གནང་ཐུབ་པ་བྱུང་བ་ཡིན་ན་ཏན་ཏན་དུས་ལ་བབ་པ་ལྟ་བུ་ཞིག་ཡོང་གི་རེད་ཅེས་དང་།
མི་
འཁྲུཌ་པའི་དཀྱིལ་ཆོག་གི་སྒོམ་སྒྲུབ་ནི་ཐུན་ཀྱི་སྐབས་སུ་ཁོ་ན་མ་ཡིན་པར་ཐུན་ལས་གྲོལ་ཡང་སོ་སོའི་མི་ཚེའི་ནང་འབྲེལ་
དགོས་པ་དང་།
ལྷག་པར་དུས་ནམ་ཡང་མགོན་པོ་མི་འཁྲུགས་པའི་རྗེས་སུ་བསྙེགས་ཏེ་གཞན་ལ་ཁོང་ཁྲོ་དང་གནོད་འཚེ་
རྣམས་སྤོང་བའི་དམ་བཅའ་བརྟན་པོ་དགོས་ཞེས་གསུངས།
མགོན་པོ་མི་འཁྲུཌ་པའི་བྱང་ཆོག་ནི་གསོན་པོའི་བར་ཆད་ཞི་བ་དང་ཚེ་ལས་འདས་པ་རྣམས་བདེ་འགྲོར་སྐྱེ་ཕྱིར་དམིཌ་
བསལ་ནུས་པ་དང་ལྡན་པ་ལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་ཉིན་དང་པོ་ནས་མི་འཁྲུགས་པའི་བསྙེན་མཚམས་ཉིན་
མཐའ་མའི་བར་སྨོན་ལམ་ཚོགས་བཞུགས་པ་རྣམས་ནས་སྐྱབས་བསྔོ་ཞུ་ཡུལ (Mahabodhi
Society) དང་། ཕྱི་རྒྱལ་
ཡུལ་གྲུ་ཁག་ལ་དྲྭ་རྒྱ་བརྒྱུད་ནས་སྐྱབས་བསྔོ་ཞུ་ཡུལ་བཅས་གོ་སྒྲིག་ཞུས་ཡོད་པ་རེད།
དེ་ནས་མི་འཁྲུཌ་པའི་བསྙེན་མཚམས་ཉིན་དང་པོ་སྐྱེ་འཆི་བར་དོ་དང་བཅས་པའི་སེམས་ཅན་རྣམས་དང་ལྷག་པར་ད་
ལོ་རང་བྱུང་གི་གནོད་འཚེའི་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་སླད་དུ་དམིཌ་སུ་བཀར་ནས་རྒྱལ་དབང་མཆོག་གིས་
མཚམས་བཞུཌ་པ་རྣམས་ལ་མགོན་པོ་མི་འཁྲུགས་པའི་དབང་ལུང་ཁྲིད་གསུམ་ཞིབ་ཅིང་ཕྲ་བ་བཀའ་དྲིན་བསྐྱངས་ནས་
ཟླ་བ་གཅིག་གི་རིང་མཚམས་བཞུཌ་པ་རྣམས་མི་འཁྲུགས་པའི་དཀྱིལ་ཆོག་དང་འབྲེལ་བའི་སྒོ་ནས་བྱང་ཆོག་དང་བསྙེན་
པ།
དེ་ནས་སྒྲུབ་པ་དང་ལས་སྦྱོར་སོགས་སྒོམ་སྒྲུབ་བཟླས་པ་གྲངས་གསོག་དང་བཅས་ལེགས་པར་གྲུབ་ནས།
ཕྱི་ལོ་ 2010
ཟླ་
12 ཚེས་ 21
ཉིན་རྒྱལ་དབང་མཆོག་དབུ་བཞུགས་ཐོག་སྦྱིན་སྲེག་དང་བསྔོ་སྨོན་ཟབ་རྒྱས་གནང་ནས་མཇུག་ཡོངས་
སུ་གྲུབ།
¡@