མར་མེ་སྨོན་ལམ།
དགོང་དྲོ་མར་མེའི་སྨོན་ལམ་ཆུ་ཚོད་དྲུག་དང་ཕྱེད་ནས་དབུ་འཛུགས་བསྐྱངས་སྐབས་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་
དབུས་སྐྱབས་རྗེ་ཡབ་སྲས་རྣམ་པ་དང༌། མཁན་ཆེན་ཁྲ་འགུ་རིན་པོ་ཆེ །
མི་འགྱུར་རིན་པོ་ཆེ། སོགས་བླ་སྤྲུལ་རྣམས་དང་།
དེ་བཞིན་ས་གནས་དཔོན་རིགས།
དགེ་འདུན་འདུས་པ་ཡོངས་དང་ཁྱིམ་པ་ཕོ་མོ་སྟོང་ཚོ་དུ་མས་མར་མེ་སྨོན་ལམ་མ་ཚུཌ་
ཀྱི་གོང་དུ་ཐོག་མར་ཆོས་ཀྱི་འགོ་མ་རྒྱ་གར་ནས་བྱུང་སྟབས་ལེགས་སྦྱར་སྐད་ཀྱི་སྒོ་ནས་སྐྱབས་འགྲོ་དང་ཤེས་རབ་སྙིང་པོ་
གསུངས།
དེ་རྗེས་བོད་སྐད་ཐོག་སྐྱབས་འགྲོ་དང་སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་མ་དབྱངས་སུ་གྱེར།
གསུམ་པ། རྒྱ་ནག་གི་
དགེ་སློང་རྣམས་ནས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ་བའི་
ཞལ་འདོན་དབྱངས་སུ་གྱེར།
བཞི་པ།
ཀོ་རི་ཡའི་བཙུན་པ་དང་བཙུན་མ་རྣམས་ནས་གུང་ཚིགས་སྐབས་ཉིན་ལྟར་སྟོན་པ་
ལ་འབུལ་རྒྱུའི་ཞལ་འདོན་ཞིག་གསུངས། ལྔ་པ།
བྷེཏ་ནམ་གྱི་དགེ་སློང་བརྒྱད་ནས་བྷེཏ་ནམ་སྐད་ཐོག་ནས་ཐུགས་སྨོན་
གནང་། དྲུག་པ།
རང་གཞུང་ཟློས་གར་བ་རྣམས་ནས་བོད་ཡུལ་བདེ་བའི་སྨོན་ལམ་དབྱངས་སུ་དྲངས་ཏེ་འདོན་པར་
མཛད། བདུན་པ།
ནུབ་ཕྱོགས་པའི་དད་ལྡན་སློབ་མ་རྣམས་ཀྱིས་དབྱིན་ཇི་དང་འཇར་མན་སྐད་ནས་ཞལ་འདོན་གསུང་
སྐབས་རྒྱལ་དབང་མཆོག་ནས་སྐད་རིགས་མི་གཅིག་པའི་ཡུལ་ཕྱོགས་ཐམས་ཅད་བདེ་པོ་ཡོང་བའི་ཐུགས་སྨོན་དགོས་
པར་གསུངས། བརྒྱད་པ།
མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེའི་ཞལ་སློབ་རྣམས་ནས་མཁན་རིན་པོ་ཆེར་བརྟན་
བཞུཌ་འབུལ་བའི་སྐབས་དང་འབྲེལ་བའི་མགུར་དབྱངས་ཞིག་འབུལ་བར་མཛད།
དགུ་པ། བུ་མོ་སྐལ་བཟང་སྒྲོལ་དཀར་ནས་ཞིང་གཤེགས་དམ་པ་སྐྱབས་རྗེ་རྡོ་རྗེ་འཆང་འབོ་དཀར་རིན་པོ་ཆེའི་བཀའ་
དྲིན་རྗེས་སུ་དྲན་པའི་བླ་མ་དྲན་གླུ་ཞིག་ཕུལ་རྗེས་རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་
བའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་སླར་ཡང་དྲན་པའི་ཕྱིར་གཟིཌ་མོ་སྙིང་བསྡུས་ཙམ་ཞིག་གཟིགས་འབུལ་མཛད་
མཐར་ཀུན་གྱི་ལག་ཏུ་མར་མེ་ཐོགས་ཏེ་རྒྱལ་དབང་མཆོག་ནས་སྨོན་ལམ་གྱི་རྗེས་ཟློས་བསྐྱང་དགོས་ཚུལ་གསུངས་པ་ལྟར་
མར་མེའི་སྨོན་ལམ་དང་འགྲོ་ཀུན་བདེ་བའི་ཐུགས་སྨོན་རྒྱ་ཆེན་མཛད་ནས་མཇུག་གྲུབ།
¡@