གནས་ཚུལ་གསར་ཤོས།

 

 

 

སྐྱབས་རྗེ་རྣམ་གཉིས་ཀྱི་སྐུ་ཚེ་བརྟན་བཞུགས་ཀྱི་ཞབས་རིམ་གཤམ་གསལ

ཚན་པ

ནང་དོན།

ལམ་འཆོས་ཟམ་འཛུགས།

     ལམ་དང་ཟམ་པ་གསར་རྙིང་བཟོ་བཅོས་བྱ་རྒྱུ།

  སཱཙྪ་བཞི་སྡེ།

     ས་ཆུ་མེ་རླུང་གི་འབྱུང་བཞིའི་སཱཙྪ་བཞེངས་རྒྱུ།

  མཆོད་རྟེན་སྐུ་དཀར།

     མཆོད་རྟེན་གསར་བཞེངས་སམ་སྐུ་དཀར་རྒྱན་བཀོད་བྱ་རྒྱུ།

  སྲོག་བླུ་དམར་སྤོང༌།

    ར་ཕག་ལུག་གསུམ་སོགས་ཀྱི་སྲོག་བླུའམ་སྲོག་གཅོད་སྤང་སྟེ་དཀར་སྐྱོང་བྱ་རྒྱུ།

ཡར་མཆོད་མར་སྦྱིན།

     དཀོན་མཆོག་གསུམ་ལ་མཆོད་པ་དང་འགྲོ་དྲུག་ལ་སྦྱིན་པ་བྱ་རྒྱུ།

ཚེ་མདོ་ཚེ་གཟུངས།

      ཚེ་མདོ་དང་ཚེ་གཟུངས་གྲངས་གསོག་བྱ་རྒྱུ།

  ཤིང་སྣ་འདེབས་འཛུགས།

      ཁོར་ཡུག་སྲུང་སྐྱོབ་ཀྱིས་མེ་ཏོག་དང་ཤིང་སྣ་འདེབས་འཛུགས་བྱ་རྒྱུ།

བྱིས་སྟོན།

      བྱིས་པ་ཆུང་ཆུང་ཚོར་རྔན་པ་བྱིན་སྟེ་སྟོན་མོ་གཏོང་རྒྱུ།

ཉེའུ་འདོན་པ།

      ཉ་ཆུང་ངུའམ་བཙོན་པ་བཙོན་གྲོལ་ཐོབ་པ་བྱ་རྒྱུ།

  སྨན་བཅོས།

      མིག་བཅོས་སོགས་ཀྱི་རིས་མེད་སྨན་སྦྱིན་བྱ་རྒྱུ།

  གནས་བརྟན་ཕྱག་མཆོད།

      གནས་བརྟན་ཆེན་པོ་བཅུ་དྲུག་གི་ཕྱག་མཆོད་གྲངས་གསོག་བྱ་རྒྱུ།

ཚིག་བདུན་གསོལ་འདེབས།

      གུ་རུའི་ཚིག་བདུན་གསོལ་འདེབས་སམ་བཛྲ་གུ་རུ་གྲངས་གསོག་བྱ་རྒྱུ།

  ཡིག་བརྒྱ།

      རྡོར་སེམས་ཡིག་བརྒྱ་གྲངས་གསོག་བྱ་རྒྱུ།

 

 

 

 

 


Copyright
© Kagyu Monlam Chenmo. All Rights Reserved.