¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

དགུ་བརྒྱའི་དུས་དྲན་གྱི་དྲྭ་རྒྱ།

¡@

ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་སྐུ་སྒེར་དྲྭ་རྒྱ་ཕྱི་ལོ་ 2010 ལོའི་ཟླ་ 12 ཚེས་ 7 ཉིན་དངོས་སུ་དབུ་འབྱེད་གནང་རྒྱུ།

དེ་ཡང་རྒྱལ་མཆོག་ཀརྨ་པ་དུས་གསུམ་མཁྱེན་པ་སྐུ་བལྟམས་ནས་མི་ལོ་ ༩༠༠ ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་

འདི་བཞིན་ལོ་ངོ་གཅིག་རིང་གནང་རྒྱུ་ཡིན་པ་ཆ་ཚང་དྲྭ་ལམ་ www.karmapa900.org འདི་ནས་གཟིགས་ཐུབ་ཀྱི་

ཡོད།

           དེ་ཡང་དགུ་བརྒྱའི་དུས་དྲན་གྱི་དྲྭ་རྒྱ་གསར་དུ་སྒོ་དབྱེ་དགོས་པའི་རྒྱུ་མཚན་ནི། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་

ཐམས་ཅད་ནང་མཆིས་པའི་དད་འདུན་ཅན་གྱི་སློབ་མ་དང་ཆོས་གྲོགས་མ་ལུས་པ་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོ་དགྱེས་

གཟིགས་ཡོང་ཐབས་སུ་དམིགས་པ་དང། གཞན་ཡང་དྲྭ་རྒྱ་འདི་བཞིན་ཕྱི་ལོ་ 2010 ལོའི་ཟླ་ 12 ཚེས་ 8 དང་ 9ཉིས་ཀྱི་

མཛད་རིམ་རྒྱང་སྲིང་ཞུ་རྒྱུ་ཁོ་ན་མིན་པར་ལོ་ཧྲིལ་པོ་གཅིག་རིང་དགུ་བརྒྱའི་དུས་དྲན་དང་འབྲེལ་བའི་མཛད་རིམ་ཆ་ཚང་

ཁྱབ་སྤེལ་བྱ་རྒྱུའི་སླད་དུ་ཡིན། དྲྭ་རྒྱ་འདི་བཞིན་རྒྱལ་མཆོག་ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲེལ་བའི་བཀའ་བརྒྱུད་

ཡོངས་ཀྱི་་གྲུབ་མཐའི་ཆེ་བ། དགུ་བརྒྱའི་དུས་དྲན་དང་འབྲེལ་བའི་སྙན་རྩོམ། ཁྱད་པར་དུ་སྤྱི་ནོར་གོང་ས་སྐྱབས་མགོན་

ཆེན་པོ་མཆོག་གི་སྩལ་བའི་འཚམས་འདྲིའི་གསུང་འཕྲིན་རྣམས་སྤེལ་བའི་སླད་དུ་ཡིན།

¡@

¡@
¡@
¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.