¡@
2007 བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ཉི་ཤུ་རྩ་ལྔ་པ།
ཟླ་ 12 ཉིན་ 17 ནས་ 24 བར།
བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་ལྔ་པ་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ།
2007 ཟླ་ 12 ཉིན་ 17 ནས་ 24 བར་འཚོག་རྒྱུ་ཡིན། དཔལ་༧རྒྱལ་དབང་ཀརྨ་པ་
ཆེན་པོ་མཆོག་གིས་ཚོགས་མགོན་མཛད་ནས། སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་
ཆེ་དང་། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་སོགས་བླ་སྤྲུལ་ཆེ་བགྲེས་དུ་མ་ཞིག་ཀྱང་ཕེབས་
གཏན་ཁེལ།
༧རྒྱལ་དབང་མཆོག་ནས། གངས་ཅན་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལོ་སྔ་མའི་འཕྲོ་མཐུད་དེ་གསུང་རྒྱུ་མ་ཟད། ཕྱི་
རྒྱལ་ནས་ཕེབས་པའི་སློབ་ཚོགས་རྣམས་ལ་གཏེར་སྒར་དགོན་པའི་འདུ་ཁང་དུ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་བཀའ་ཁྲིད་སྩལ་གཏན་ཁེལ། ད་དུང་
༧རྒྱལ་དབང་མཆོག་ནས་མགོན་པོ་མི་འཁྲུགས་པའི་བསྙེན་སྒྲུབ་ལས་གསུམ་ཆ་ཚང་བའི་སྒོ་ནས་གཤིན་ཆོག་བྱང་སྲེག་དང་། སྨན་བླའི་གཟུངས་
ཆོག་ཉིན་དང་པོར་སྨན་བླ་དང་འབྲེལ་བའི་གསུང་ཆོས་དང་། བཀའ་དབང་བཅས་གནང་རྒྱུ་རེད།
གཞན་ཡང་ད་ལོའི་སྨོན་ལམ་ལས་རིམ་ནང་། སངས་རྒྱས་སྨན་བླའི་ཆོ་ག་ཉིན་གསུམ་དང་། རིན་མེད་སྨན་བཅོས།
དྲན་རྟེན་ཅ་དངོས་ཉོ་སྒྲུབ་སོགས་ཀྱི་བཀོད་སྒྲིག་ཀྱང་ཡོད།
¡@