|
དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་ཕྱི་ལོ་ ༢༠༠༧ ཟླ་ ༡༢
ཚེས་ ༢༦
ཉིན་བསྩལ་བའི་སྨོན་ལམ་
གྱི་ལས་རྟགས་གསར་པའི་མཚོན་དོན།
¡@
ད་ལོ་སྨོན་ལམ་གྱི་ལས་རྟགས་གསར་པ་ཞིག་འདུག་པ་དེར་ངས་འགྲེལ་བཤད་ཅིག་རྒྱག་གི་ཡིན།
ང་
རང་དུས་རྒྱུན་གྱི་ཚོར་བའི་ནང་ཕྱི་རང་བྱུང་གི་ཁམས་དང་སོ་སོ་སེམས་ཐག་ཉེ་པོ་དང་འབྱུང་བ་བཞི་
ལ་འབྲེལ་པ་ཡོད་བསྡད་པའི་ཚོར་སྣང་ཡོང་གི་འདུག
།གཅིག་བྱས་ན་དེ་རྨོངས་དད་འདྲ་ཆགས་ཀྱི་
མེད་འགྲོ་དེ།
སྐད་ཆ་བཤད་བསྡད་པ་འདྲ་པོ་གང་ལྟར་དེ་འདྲའི་ཚོར་སྣང་ཞིག་ཡོང་བསྡད་ཀྱི་འདུག།
ཡང་དེ་ཚོར་བ་རེད་གདའ།
བཤད་བསྡད་ཀྱི་ཡོད་ཟེར་གྱི་མེད་གདའ།
¡@
དངོས་གནས་འཛམ་བུ་གླིང་འདི་ཆགས་པ་ནས་བཟུང་སྟེ་ད་ལྟའི་བར་ང་ཚོས་འཛམ་བུ་གླིང་འདི་བེད་
སྤྱོད་མང་པོ་བཏང་ཡོད་རེད།
གཏེར་ནོར་ཟས་སོགས་ཚང་མ་སྟེ་གང་ལྟར་འཛམ་བུ་གླིང་གི་དཔལ་
འབྱོར་གྱི་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ཞིག་འཛམ་གླིང་འདིའི་གཏེར་དངོས་ལ་བརྟེན་ནས་ཡོང་
བསྡད་པ་བཤད་ཀྱི་འདུག །
¡@
ང་ཚོས་འཛམ་བུ་གླིང་འདི་ཕར་བེད་སྤྱོད་ཟད་མེད་དུ་བཏོང་གི་ཡོད།
འཛམ་བུ་གླིང་གིས་ཚུར་ང་ཚོར་
ཕན་པ་དཔག་མེད་སྦྱིན་ཡོད་རེད།
ཡིན་ནའང་ང་ཚོས་འཛམ་བུ་གླིང་ལ་ཕར་ག་རེ་བྱས་ཡོད་རེད།
ག་
དུས་ཡིན་ནའང་འཛམ་བུ་གླིང་ནས་ཚུར་ཞུ་རྒྱུ་ཞིག་མ་གཏོགས་ཕར་འཛམ་བུ་གླིང་ལ་སྤྲད་རྒྱུ་ཞིག་
བྱས་ཡོད་མ་རེད།
ལྷག་པར་དུ་འཛམ་བུ་གླིང་ལ་བྱམས་བརྩེ་དང་སྲུང་སྐྱོབ་ཀྱི་བསམ་པ་གང་མེད་པར་
བྱས་ཏེ་ཤིང་ཡོད་ཚད་དང་མགོ་འབུར་ཚད་ཚང་མ་ཕར་བཅད།
ས་ཆ་ལྷེབ་ཙམ་ཞིག་འདུག་ན་དེའི་
སྒང་ལ་རྩོད་པ་བྱས་ནས་དེའི་དོན་དུ་དུས་ད་ལྟའི་བར་དུ་འཐབ་རྩོད་ཀྱི་འཁོར་ལོ་བསྐོར་ནས་བསྡད་
པ་ཡིན་པ་རེད།
དེ་འདྲ་ཡིན་དུས་ང་ཚོས་འཛམ་བུ་གླིང་ལ་ཕར་བྱས་བཞག་པ་དེ་ཞེད་དྲག་མེད་པ་
རེད།
¡@
ད་ལྟ་འཛམ་བུ་གླིང་གིས་ང་ཚོར་ཚུར་གདོང་པ་ནག་པོ་བསྟན་པའི་དུས་ཚོད་ཅིག་ལ་སླེབ་བསྡད་འདུག།
འཛམ་བུ་གླིང་གིས་ང་ཚོ་བློས་བཏང་ཡག་གི་དུས་ཚོད་ཅིག་ལ་སླེབ་ཡོང་གི་ཡོད་རེད།
འཛམ་བུ་གླིང་
གིས་ང་ཚོར་སྡུག་པོ་གཏོང་གྲབ་བྱེད་ཀྱི་ཡོད་རེད།
གལ་སྲིད་བློས་བཏང་བ་ཡིན་ན་ང་ཚོ་ག་པར་འཚོ་
དགོས་རེད།
འཚོ་བའི་གནས་གཟའ་སྐར་གཞན་དག་གི་སྐད་ཆ་བཤད་ཀྱི་ཡོད་རེད་དེ།
ཡིན་ནའང་།
དེར་ཕྱུག་པོ་ཁ་ཤས་ཤིག་འགྲོ་ཐུབ་ཀྱི་ཡོད་ན་མ་གཏོགས།
ང་ཚོ་སེམས་ཅན་ཐམས་ཅད་དེའི་ནང་ན་
འགྲོ་ཐུབ་ཀྱི་ཡོད་མེད་གང་ཤེས།
དེ་འདྲའི་ཛ་དྲག་པོའི་གནས་ཚུལ་ཞིག་ཆགས་བསྡད་ཀྱི་ཡོད་དུས།
ད་གང་བྱེད་དགོས་རེད་ཟེར་ན།
འཛམ་གླིང་འདིའི་བཅུད་ཀྱི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་
རང་བྱུང་ཁམས་གཉིས་པོ་དེ་ཕན་ཚུན་ལག་གདང་གཅིག་ཏུ་སྒྲིལ་ནས།
ཁོ་རང་གཉིས་གཅིག་གིས་
གཅིག་བློས་མི་གཏོང་བ་སྟེ།
འཛམ་བུ་གླིང་གིས་སེམས་ཅན་བློས་མི་གཏོང་བ།
སེམས་ཅན་གྱིས་འཛམ་
བུ་གླིང་བློས་མི་གཏོང་བ་ལག་པ་གཅིག་གིས་གཅིག་ལ་སྒྲིལ་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད།
བྱས་ཙང་
འདི་ལག་པ་གཅིག་གིས་གཅིག་ལ་སྒྲིལ་བསྡད་པ་འདྲ་པོ་ཞིག་མི་འདུག་གམ།
¡@
དེ་འདྲ་ཡིན་དུས་འཛམ་བུ་གླིང་གིས་ཀྱང་ང་ཚོ་བློས་མི་གཏོང་བ།
ང་ཚོས་ཀྱང་འཛམ་བུ་གླིང་བློས་མི་
གཏོང་བ་མཚོན་བྱེད་ཀྱི་ཆེད་དུ་གཅིག་གྱིས།
ཡང་ཆོས་ཕྱོགས་ནས་བསམ་མནོ་བཏང་ན་ཐབས་ཤེས་
རབ་སོགས་མང་པོ་བཤད་རྒྱུ་འདུག་སྟེ་དེ་ཚོ་སྔོན་ལ་ཕར་དབྱུག་ཤོག
།
¡@
འདིའི་དབྱིབས་འདི་དུས་རྒྱུན་ཀམ་ཚང་ནང་རྒྱལ་དབང་ཀརྨ་པ་སྐུ་གོང་མས་མཛད་བཞག་པའི་ཞི་
བསིལ་རྒྱལ་དར་ཡང་ཟེར།
གཟིམ་ལམ་དར་ཆ་ཡང་ཟེར་བའི་རི་མོ་དང་འདྲ་པོ་ཡོད་རེད།
གང་ཡིན་
ཟེར་ན།
ཚང་མ་ངའི་བསམ་བློ་རྐྱང་རྐྱང་གིས་བྱས་བཞག་ན་བྱིན་རླབས་གང་ཨེ་ཡོད་ན་བསམ་གྱིན་
འདུག
།སྐུ་གོང་མས་མཛད་བཞག་པ་ཞིག་ལ་དཔེ་བླང་བ་ཡིན་ན་བྱིན་རླབས་ཤིག་མེད་འགྲོ་བསམས་
ནས་བཟོས་པ་རེད།
¡@
འདི་བཀའ་བརྒྱུད་སྨོན་ལམ་གྱི་མཚོན་བྱེད་རེད།
བཀའ་བརྒྱུད་སྨོན་ལམ་དེ་ང་ཚོས་འཛམ་བུ་གླིང་
གི་ཆེད་དུ་འཚོགས་ཀྱི་ཡོད།
འཛམ་བུ་གླིང་ང་ཚོས་བློས་གཏོང་གི་མིན།
འཛམ་བུ་གླིང་ཞི་བདེ་ཡོང་
བར་ཤོག
།འཛམ་བུ་གླིང་ཡུན་རིང་དུ་གནས་པར་ཤོག །འཛམ་བུ་གླིང་ཁྲི་ལོར་བརྟན་པ་ཤོག་ཟེར་
ནས་བཀའ་བརྒྱུད་སྨོན་ལམ་ཐོག་སྨོན་ལམ་རྒྱག་གི་ཡོད་དུས་བཀའ་བརྒྱུད་སྨོན་ལམ་གྱི་ལས་རྟགས་
ཆགས་ཀྱི་ཡོད་རེད་ལ།
ང་རང་ཚོ་འཛམ་བུ་གླིང་ལ་དགའ་ཞེན་ཡོད་པ།
སྲུང་སྐྱོབ་ཀྱི་བསམ་བློ་ཡོད་
པ་ཚོའི་ལས་རྟགས་ཀྱང་ཆགས་ཀྱི་མེད་འགྲོ་བསམ་གྱི་འདུག །
¡@
ཡང་ཧམ་པ་ཆེ་ཙམ་བཤད་པ་ཡིན་ན།
ངས་ད་གིན་ཞུས་པ་ནང་བཞིན་འདིའི་ལས་རྟགས་དེ་བཟོ་
བ་པོ་ང་རེད།
ང་དང་ཕྱི་རང་བྱུང་ཁམས་ཀྱི་འབྱུང་བ་དེ་ཚོ་འབྲེལ་བ་ཟབ་མོ་ཡོད་པའི་ཚོར་བ་ཤུགས་
ཆེན་པོ་ཡོང་བསྡད་ཀྱི་འདུག །འཕྲུལ་ཆས་ཀྱི་ཅ་ལག་དེ་ཚོ་ང་ལ་ཞེད་དྲག་འཕྲོད་པོ་ཡོད་པ་མ་རེད།
བཅོས་མ་མ་ཡིན་པ་རང་བཞིན་གྱི་ཅ་ལག་དེ་ཚོ་མ་གཏོགས་འཕྲུལ་ཆས་ཀྱི་ཅ་ལག་དེ་ཚོ་སླེབ་ཡོང་
དུས་ལུས་པོ་བདེ་པོ་མེད་པའི་བཟོ་འདྲ་ཆགས་ཀྱི་འདུག
།ཡིན་ནའང་བེད་སྤྱོད་མ་གཏོང་ཀ་མེད་རེད།
གང་ལྟར་ང་རང་གི་ལུས་སེམས་གཉིས་པོ་དེ་རང་བཞིན་གྱི་བཅོས་མ་མ་ཡིན་པ་རང་བྱུང་གི་ཁམས་
དང་འབྲེལ་པ་ཆེན་པོ་ཡོད་པ་ཞིག་ཆགས་བསྡད་ཡོད་ས་རེད།
དེས་བཟོས་པའི་ཅ་ལག་ཅིག་ཡིན་དུས་
ཁྱེད་རང་ཚོ་ཡིན་ནའང་ཕྱི་རང་བྱུང་གི་ཁམས་འབྱུང་བ་རྣམས་དང་འབྲེལ་པ་ཆེན་པོ་ཆགས་ཏེ་
འབྱུང་བའི་འཇིགས་པ་དེ་འདྲ་སེལ་ཐུབ་པ་ཡིན་འགྲོ་བསམ།
ཧམ་པ་ཆེ་ཙམ་བཤད་ན་དེ་འདྲ་རེད་
གདའ།
¡@
ཡང་འདི་ཁེར་རུ་བཏགས་རྒྱུ་ཡོད།
ཕྱི་འབྱུང་བའི་འཇིགས་པ་སེལ་འགྲོ་ཡོད་བསམ་ནས་མེའི་ནང་
དང་ཆུའི་ནང་ལ་མ་འཆོང་མ་གཏོགས་ཤི་གི་རེད་གདའ།
ཡིན་ནའང་འདི་གཙོ་བོ་འཛམ་བུ་གླིང་
ང་ཚོས་བློས་མ་གཏོང་བའི་མཚོན་བྱེད་ཅིག་ཆགས་བསྡད་ཡོད།
དེ་འདྲ་ཡིན་དུས་མཚོན་བྱེད་ཀྱི་
རྟགས་དེ་དེ་འདྲ་ཞིག་ཡིན།
ཐུགས་ཆེ་གནང་།
¡@ |