༄༅། །གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ནད་ཀྱི་འཇིགས་པ་ཞི་བའི་གསོལ་འདེབས་ས་སྐྱ་ནད་གྲོལ་མ་ནི།
གནས་མཆོག་རྡོ་རྗེ་གདན་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་གནས་ཁྱད་པར་ཅན་ཞིག་ཡིན་སྟབས།ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་ནོ་ཅོག་གི་ཕྱག་མཆོད་འབུལ་བྱ་ཡུལ་གྱི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན། དེས་ན་བོད་བརྒྱུད་ནང་བསྟན་གྱི་ཆར་གཏོགས་པ་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་གྲུབ་མཐའ་ཀུན་གྱིས་རང་རང་གི་སྨོན་ལམ་རྒྱུན་དུ་ཚོགས་མུས་ཡིན། དེ་བཞིན་རང་རེ་བཀའ་བརྒྱུད་པ་ལ་མཚོན་ནའང་ཐོག་མར་ཕྱི་ལོ་ ༡༩༨༣ ལོར་ཞི་བར་གཤེགས་པ་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་ནས་དབུ་འཛུགས་བསྐྱངས་རྟིང་། ༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་ནས་དེ་ཉིད་ཀྱི་རྒྱུན་བསྐྱངས། དེ་བཞིན་ད་བར་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་བར་ཚོགས་ཟིན་ཅིང་། དེ་ལྟར་བྱ་དགོས་དོན་ནི་འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་མཐའ་དག་རྨེག་མེད་དུ་ཞི་སྟེ། རྒྱལ་བསྟན་དར་ཞིང་། འགྲོ་ཀུན་བདེ་བའི་སྨོན་འདུན་ཟབ་མོ་རྒྱུན་དུ་བྱེད་མུས་ཡིན།