ནཱ་རོ་ཆོས་དྲུག་ནང་གཏུམ་མོ་སྒོམ་སྐབས་ན་བཟའ་དཀར་པོ་མནབ་པའི་སྲོལ་རྒྱུན་ཡོད། གཏུམ་མོའི་ཉམས་ལེན་ནི་གྲང་ངར་ལ་མི་བསྙེངས་པའི་ཉམས་ལེན་མཚོན་བྱེད་ཡིན། གཏུམ་མོའི་ཉམས་ལེན་པ་ཚོས་རས་གོས་མནབ་པའི་སྲོལ་ཡོད་ཅིང་། བོད་དུ་རྗེ་མི་ལ་ནས་དར་ཏེ་དེ་མཇུག་རས་པའི་རྒྱུན་ཆེས་ཆེར་འཕེལ། རས་དཀར་གྱོན་པ་པོ་རྣམས་ལ་རས་པ་ཞེེས་བརྗོད་ཅིང་། རས་དཀར་མནབ་པ་བཀའ་བརྒྱུད་པ་ལ་ཤས་ཆེ་ཡང་རྗེ་སྒམ་པོ་པ་རབ་བྱུང་ཡིན་པས་རྒྱུན་དུ་ངུར་སྨྲིག་གི་གོས་ཀླུབས་པ་ལས་རས་དཀར་མི་བཞེས། འོན་ཏང་གཏུམ་མོའི་ཉམས་ལེན་གྱི་དུས་སུ་སྐབས་རེ་རས་གོས་དཀར་པོའང་མནབ་སྲོལ་ཡོད། དེར་བརྟེན་བོད་ཟླ་དང་པོའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་གོས་དཀར་པོ་མནབ་སྟེ་གཤེགས་སྲོལ་ཡོད། དེ་ནི་བོད་ཚེས་བཅུ་བཞིར་སྒྲ་བསྒྱུར་གྱི་རྒྱལ་པོ་རྗེ་མར་པ་དང་། ཚེས་བཅོ་ལྔར་གངས་ཅན་གྲུབ་པའི་རྒྱན་གཅིག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མིད་ལ་བཞད་པ་རྡོ་རྗེའི་འདས་མཆོད་མཚོན་པའི་སླད་དུ་ཡིན། གོང་གསལ་དུས་ཡུན་དེ་ཉིད་དུ་གདན་ས་རུམ་བཏེག་གི་སྒྲུབ་ཁང་གསར་པ་ཡིད་འོང་བསམ་གཏན་ཆོས་གླིང་དང། དེ་བཞིན་དཔལ་ཆེན་ཆོས་གླིང་གི་སྒྲུབ་བླ་རྣམས་ཀྱང་སྒྲུབ་ཐེངས་གྲོལ་རིམ་བཞིན་རས་འབུད་ཀྱི་རྒྱུན་མུ་མཐུད་སྐྱོང་བཞིན་པ་ཡིན། སྒྲུབ་བླ་རྣམས་རས་ཆོད་དུ་ཕེབས་སྐབས་སྒོམ་ཞྭ་ཞྭ་ཁྲ་དང་། རས་གཟན། འབེབས་གདན་བཅས་ནི་མཚུར་ཕུ་བླ་བྲང་གི་ངོས་ནས་གོ་སྒྲིག་མཛད་ཡོད་པ་དང་། དེ་བཞིན་ཨང་འགའ་རག་དང། སྒོམ་ཐག་སོགས་ནི་སྒྲུབ་བླ་རང་ངོས་ནས་ཐབས་འཚོལ་བགྱིད་དགོས། འདི་ལོར་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བདུན་པར་ཡང་སྔ་ལོ་བཞིན་རས་འབུད་ལ་དལ་གྱིས་བཞུད་པ་དང་། དེའི་རྒྱབ་ལྗོངས་ནི་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་དཔལ་ལྡན་ཀརྨ་པའི་གྲྭ་རྒྱུན་དུ་གཏོགས་པ་མི་ཉག་རབ་སྒང་པ་རྣམས་ལ་སྨོན་ལམ་ཆོས་འཁོར་སྦྲེལ་མར་བྱ་ཚུལ་གྱི་བཅའ་ཡིག་སྩལ་བའི་ནང་། རས་འབུད་བྱས་ན། ནཱ་རོ་དང་ནི་གུ་ཁྱད་མེད་ཀྱང་། ནཱ་རོའི་ཁྱད་ཆོས་ཡིན་པས། ནཱ་ རོའི་ཆོས་དྲུག་གི་སྟེང་དུ་བཤར་རོ། ཞེས་གསལ་བ་ནི། སྔོན་བྱོན་གོང་མའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་གཞི་མ་ཡིན་ཕྱིར། རང་རེས་ཀྱང་སྔ་ལོའི་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པ་ནས་དབུ་འཛུགས་ཀྱིས་ལོ་བསྟར་ཆགས་སུ་བགྱིད་མོས་ཡིན་པར་བརྟེན་། ལོ་གསུམ་ཆོས་གསུམ་གྱི་སྒྲུབ་པ་མཐར་སོན་པ། ནཱ་རོའི་ཆོས་དྲུག་གི་སྒྲུབ་པ་སྔོན་སོང་། སྐྱ་སེར་གཉིས་ལས་སེར་མོ་བ། རབ་བྱུང་ཕོ་མོ་གཉིས་ལས་ཕོ། ལོ་གྲངས་དྲུག་ཅུ་མ་ཟིན་པ་ཐམས་ཅད་དང་། དགོན་སྡེ་སོ་སོའི་སྒྲུབ་དཔོན་བླ་མ་བཅས་གཏེར་སྒར་འདུ་ཁང་ཚོམས་ཆེན་ནང་ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡ ནས་ ༧ བར་ཉིན་བདུན་རིང་སྲོད་ཀྱི་དུས་ཚོད་བརྒྱད་ནས་བཅུ་གཅིག་བར་ནཱ་རོའི་ཆོས་དྲུག་གི་འཁྲུལ་འཁོར་བསྐྱར་སྦྱོང་གྲུབ་སྟེ།
སྨོན་ལམ་ཉིན་བདུན་པ་སྟེ། ཐོ་རངས་དུས་ཚོད་ལྔ་པ་ཙམ་སྟེ་རས་འབུད་མ་བཤར་གོང་བླ་མཆོད་སྒྲུབ་པའི་མཆོད་པ་འབུལ་སྐབས་རྟེན་འབྲེལ་སྙིང་པོའི་མགུར་གླུ་གསུངས་མཇུག་རིམ་པས་ཕྱི་ལོ་ ༢༠༢༠ ཟླ་བ་༢ ཚེས་ ༧ སྔ་དྲོ་ཉི་ཤར་དུས་ཚོད་དྲུག་དང་ཕྱེད་ཐོག་གཏེར་སྒར་འདུ་ཁང་ནས་སྨོན་ལམ་ཆོས་རའི་བར་སྤོས་སྣ་དང་བཅས་མར་གཏམ་དུ་མཆིས་པའི་རུམ་བཏེག་སྒྲུབ་ཁང་གི་སྒྲུབ་དཔོན་ཡེ་ཤེས་མཐའ་ཡས་མཆོག་གིས་གཙོས་པའི་སྒྲུབ་བླ་ཞལ་གྲངས་ཉི་ཤུ་རྩ་བདུན་ནས་སྒོམ་ཞྭ་ཞྭ་ཁྲ་དང་། སྒོམ་ཐག་རས་གོས་བཅས་མནབས་ཏེ་གཏེར་སྒར་འདུ་ཁང་ནས་སྨོན་ལམ་ཆོས་རའི་བར་རས་འབུད་བཤར་བར་མཛད་པ་བཅས་ཀྱི་གནས་ཚུལ་ཆེ་ལོང་དུ། བསྟན་འཛིན་རྣམ་རྒྱལ་ནས།

20200208_ Cotton-Clad Procession
Right-Column-Pics23.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་