པར་མཛོད།

ནཱ་རོ་ཆོས་དྲུག་དང་འབྲེལ་བའི་འཁྲུལ་འཁོར་དང་རས་འབུད་ཀྱི་སྐོར།


འདི་ལོར་བཀའ་བརྒྱུད་སྨོན་ལམ་སྐབས་སོ་ལྔ་པར་ཡང་སྔ་ལོ་བཞིན་རས་འབུད་ལ་བཞུད་པ་དང་། དེའི་རྒྱབ་ལྗོངས་ནི་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་དཔལ་ལྡན་ཀརྨ་པའི་གྲྭ་རྒྱུན་དུ་གཏོགས་པ་མི་ཉག་རབ་སྒང་པ་རྣམས་ལ་སྨོན་ལམ་ཆོས་འཁོར་སྦྲེལ་མར་བྱ་ཚུལ་གྱི་བཅའ་ཡིག་སྩལ་བའི་ནང་། རས་འབུད་བྱས་ན། ནཱ་རོ་དང་ནི་གུ་ཁྱད་མེད་ཀྱང་། ནཱ་རོའི་ཁྱད་ཆོས་ཡིན་པས། ནཱ་རོའི་ཆོས་དྲུག་གི་སྟེང་དུ་བཤར་རོ། །ཞེས་གསལ་བ་ནི། སྔོན་བྱོན་གོང་མའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་གཞི་མ་ཡིན་ཕྱིར། རྒྱལ་དབང་བཅུ་བདུན་པ་མཆོག་གིས་ཀྱང་སྔ་ལོའི་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པ་ནས་དབུ་འཛུགས་ཀྱིས་ལོ་བསྟར་ཆགས་སུ་བགྱིད་མུས་ཡིན་པར་བརྟེན། ལོ་གསུམ་མཆོག་གསུམ་གྱི་སྒྲུབ་པ་མཐར་སོན་པ། ནཱ་རོའི་ཆོས་དྲུག་གི་སྒྲུབ་པ་སྔོན་སོང་། ལོ་གྲངས་དྲུག་ཅུ་མ་ཟིན་པ་ཐམས་ཅད་དང་། དགོན་སྡེ་སོ་སོའི་སྒྲུབ་དཔོན་བླ་མ་བཅས་གཏེར་སྒར་འདུ་ཁང་ཚོམས་ཆེན་ནང་ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༢༦ ནས་ཕྱི་ཟླ་ ༣ ཚེས་ ༤ བར་ཉིན་བདུན་རིང་སྲོད་ཀྱི་དུས་ཚོད་བརྒྱད་ནས་བཅུ་གཅིག་བར་ནཱ་རོའི་ཆོས་དྲུག་གི་འཁྲུལ་འཁོར་བསྐྱར་སྦྱོང་གྲུབ་སྟེ།
སྨོན་ལམ་ཉིན་བདུན་པ་སྟེ། ཐོ་རངས་དུས་ཚོད་ལྔ་པ་ཙམ་སྟེ་རས་འབུད་མ་བཤར་གོང་བླ་མཆོད་སྒྲུབ་པའི་མཆོད་པ་འབུལ་སྐབས་རྟེན་འབྲེལ་སྙིང་པོའི་མགུར་གླུ་གསུངས་མཇུག་རིམ་པས་ཕྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༤ སྔ་དྲོ་ཉི་ཤར་དུས་ཚོད་དྲུག་དང་ཕྱེད་ཐོག་གཏེར་སྒར་འདུ་ཁང་ནས་སྨོན་ལམ་ཆོས་རའི་བར་སྤོས་སྣ་དང་བཅས་མར་གཏམ་དུ་མཆིས་པའི་རུམ་བཏེག་སྒྲུབ་ཁང་གི་སྒྲུབ་དཔོན་ཡེ་ཤེས་མཐའ་ཡས་མཆོག་གིས་གཙོས་པའི་སྒྲུབ་བླ་བཞི་བཅུ་རྩ་གཉིས་ནས་སྒོམ་ཞྭ་ཞྭ་ཁྲ་དང་། སྒོམ་ཐག་རས་གོས་བཅས་མནབས་ཏེ་གཏེར་སྒར་འདུ་ཁང་ནས་སྨོན་ལམ་ཆོས་རའི་བར་རས་འབུད་བཤར་བར་མཛད་བཞིན་པ།

 

 

 

 

 

 

 

 

གཏོར་མ།

དཔལ་༸རྒྱལ་དབང་ཀརྨ་མཆོག་གིས་ཕྱི་ལོ་  ༢༠༠༤  ལོ་ནས་བཀའ་བརྒྱུད་སྨོན་ལམ་གྱི་ཐུགས་འགན་ཐོག་མར་བཞེས་སྐབས། རང་རེ་སྒྲུབ་བརྒྱུད་པ་ཀུན་གྱི་མེས་པོ་རྗེ་མར་མི་དྭགས་གསུམ་གྱི་སྣང་བརྙན་གཏོར་མའི་གཟུགས་སུ་ཐོག་མར་བཞེངས་སྐྲུན་མཛད་པ་ནས་བཟུང་ལོ་རེ་བཞིན་བཀའ་བརྒྱུད་སྨོན་ལམ་སོ་སོར་བསྟན་འགྲོར་མཛད་རྗེས་བླ་ན་མེད་པའི་གངས་ལྗོངས་ཅན་ལྗོངས་ཀྱི་སྐྱེས་ཆེན་ཀུན་གྱི་སྐུ་བརྙན་དང་ཡི་དམ་ཆོས་སྲུང་ཁག་གི་སྐུ་བརྙན་གཏོར་མའི་ནང་བཞེངས་པའི་ལམ་སྲོལ་གསར་གཏོད་མཛད་པའི་རྒྱུན་ད་ལྟ་བར་མུ་མཐུད་སྐྱོང་བ་ལྟར། འདི་ལོ་བཀའ་བརྒྱུད་སྨོན་ལམ་སོ་ལྔ་པའི་སྐབས་ཀྱི་རྒྱན་གཏོོར་ནི་ཉེ་བའི་སྲས་ཆེན་བརྒྱད་ནི། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། བྱམས་པ། ཀུན་ཏུ་བཟང་པོ། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ། ནམ་མཁའི་སྙིང་པོ་སྟེ་བརྒྱད་དང་། དབུས་སུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ནི། སྔ་འགྱུར་རྙིང་མ། ཇོ་བོ་བཀའ་གདམས་པ། ལམ་འབྲས་པ། མར་པ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་པ། སྦྱོར་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོ་སོའི་བསྟན་བདག་བླ་མ་རྣམས་ཀྱི་སྣང་བརྙན་བཅས་ཡོད།  དེ་བཞིན་གཤམ་དུ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་སྐུ་བརྙན་བཅས་ཡོད།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

མི་འཁྲུགས་པའི་བྱང་སྲེག །

བཀའ་བརྒྱུད་སྨོན་ལམ་སྐབས་ལོ་བསྟར་ཆགས་སུ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་གཤིན་པོ་རྗེས་འཛིན་ཕྱིར་བྱང་སྲེག་མཛད་མུས་ཡིན་ཡང་། འདི་ལོ་ཨ་འཛིན་རིན་པོ་ཆེ་ནས་བྱང་སྲེག་མཛད་དགོས་པའི་བཀའ་ཕེབས་པ་བཞིན།  ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་ ཚེས་ ༣ ཉིན། ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་དབུ་འཛུགས་ཀྱིས་སྲོད་ཀྱི་དུས་ཚོད་བརྒྱད་པའི་བར་ཡོངས་དགེ་གཏེར་སྒར་དགོན་གྱི་སྒོ་མཆོར་མདུན་དུ་སྔར་སྲོལ་ལྟར་ཨ་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་དེ་སྔ་མི་འཁྲུགས་པའི་བསྙེན་མཚམས་སུ་བཞུགས་ཟིན་པ་རྣམས་དང་ལྷན་དུ་དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་མི་འཁྲུགས་པའི་ཆོ་ག་དང་འབྲེལ་བའི་སྒོ་ནས་སེམས་ཅན་ཚེ་ལས་འདས་ཚད་རྣམས་རྗེས་འཛིན་གྱི་ཐུགས་སྨོན་དྲག་པོ་དང་བཅས་དགོན་པའི་མདུན་ཕྱོགས་སུ་བྱང་ཤོག་སྲེག་པར་མཛད་བཞིན་པ།

 

 

 

 

 

 

 

 

 

 

 

 

 

 

 

 

གནས་བརྟན་ཕྱག་སྐོར་དང་བསོད་སྙོམས།

ཕྱི་ལོ་  ༢༠༡༨ ཟླ་ ༣ ཚེས་ ༤ ཉིན་སྔ་དྲོ་དུས་ཚོད་བདུན་པའི་ཐོག་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ་དབུ་ཚུགས་ཤིང་།    སྤྱིར་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ་ནི་སྔ་ལོ་ལྟར་བདག་ཅག་གི་སྟོན་པ་གཙོ་འཁོར་གསུམ་གྱིས་དབུས་ཐུབ་པས་བཀའ་བསྒོས་ཤིང་བསྟན་པའི་རྒྱལ་མཚན་འཛིན་པའི་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་དང་། མ་ཕམ་པ་དང་། ནགས་ན་གནས་པ་ལ་སོགས་གནས་བརྟན་ཆེན་པོ་བཅུ་དྲུག་གི་ཞལ་འབག་དང་ཟ་འོག་ལས་གྲུབ་པའི་ན་བཟའ་སྔ་ལོར་བཅོས་པ་དེ་བཞིན་མནབས་ནས་གནས་བརྟན་རེ་རེའི་མཇུག་ཏུ་ཞལ་ཏ་བ་རེ་དང་གནས་བརྟན་སོ་སོའི་དགྲ་བཅོམ་གྱི་འཁོར་གྲངས་དང་མཐུན་པ་མཚོན་ཕྱིར་དགྲ་བཅོམ་བརྒྱ་ཕྲག་རེར་དགེ་སློང་རེ་རེའི་གྲངས་ཀྱིས་མཚོན་པར་བྱས་ཏེ་གནས་བརྟན་རང་རང་གི་དགྲ་བཅོམ་གྱི་འཁོར་གྲངས་དང་མཐུན་པའི་བར་དུ་གནས་བརྟན་རེ་སྟེ་ཡོངས་བསྡོམས་དགེ་སློང་བརྒྱ་དང་བདུན་ཅུ་ཙམ་དང་དགེ་སློང་མ་བཅུ་ཕྲག་ལ་ཉེ་བ་རྣམས་རེ་རེ་བཞིན་བསོད་སྙོམས་ལ་བྱོན་བཞིན་པ།

 

 

 

 

 

 

 

 

 

 

 

 

 

 

 

 

བཀའ་འགྱུར་ཆོས་སྐོར།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་བདུན་པའི་ཐོག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་སྨོན་ལམ་ཆོས་ར་ནས་རྡོར་གདན་མཆོད་རྟེན་ཆེན་མོར་ཆིབས་སྒྱུར་བསྐྱངས། སྐབས་དེར་རྡོར་གདན་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་སྐུ་ཞབས་སྣང་མཛད་རྡོ་རྗེ་ལགས་སོགས་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུ་ཞུས།
དེ་མཇུག་༸སྐྱབས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་འཇང་གི་བཀའ་འགྱུར་པོད་བརྒྱ་དང་བཅུ་བཞུགས་པ་དེ་དག་གདན་འདྲེན་ཞུ་མི་དགོན་སྡེ་ཁག་ནས་འདེམས་སྒྲུག་གིས་རུམ་བཏེག་གདན་སའི་རྡོ་རྗེ་སློབ་དཔོན་དང་སྒྲུབ་དཔོན་རྣམ་གཉིས་གཙོས་དགེ་སློང་བརྒྱ་དང་བཅུ་ཡོད་པའི་ཁོངས་ནས་ཕྱི་རྒྱལ་གྱི་དགེ་སློང་མ་ཡང་ལྔ་ཙམ་མཆིས། དེ་དག་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་གདན་འདྲེན་ཚུལ་སོགས་སྔར་༧རྒྱལ་དབང་ཀརྨ་པ་མཆོག་ནས་ཇི་ལྟར་ལམ་སྟོན་མཛད་པ་ལྟར་དུང་རྒྱ་སྤོས་སྣ་དང་བཅས་ཐོག་མར་མཆོད་རྟེན་རིན་པོ་ཆེའི་ཤར་སྒོའི་ནང་སྐོར་ནས་དབུ་འཛུགས་ཀྱིས་ཕེབས་ཤིང་གདན་འདྲེན་པར་མཛད།
ཆོས་སྐོར་དུ་ཕེབས་སྐབས་ཕེབས་ལམ་གྱི་མཐའ་སྐོར་དུ་ཕྱི་ནང་དད་ལྡན་སེར་སྐྱ་མི་མང་སྟོང་ཚོ་ལ་ཉེ་བས་ལག་ཏུ་དར་དང་། མེ་ཏོག །བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་པ་ཐོགས་ཏེ། དད་གུས་ཆེན་པོས་ཐུབ་པའི་མཚན་སྔགས་འདོན་བཞིན་ཕེབས་ལམ་གཡས་གཡོན་དུ་སྒྲེང་སྟེ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་སྨོན་ལམ་འདེབས་བཞིན་པ།

 

 

 

 

 

 

 

 

 

 

 

 

 

 

 

 

 

བཀའ་འགྱུར་དག་སྒྲོགས།

ཕྱི་ལོ་ ༢༠༡༨  ཟླ་ ༣ ཚེས་ ༢  ཉིན་གྱི་སྔ་དྲོ་ཆུ་ཚོད་བདུན་པའི་ཐོག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་དབུས་དགེ་འདུན་འདུས་པ་རྒྱ་མཚོ་དང་དད་ལྡན་ཕོ་མོ་རྣམས་བཞུགས་གྲལ་དུ་འཁོད་དེ། ༧རྒྱལ་དབང་ཀརྨ་པ་མཆོག་ནས་གསར་དུ་དཔེ་སྐྲུན་གནང་བའི་འཇང་བཀའ་འགྱུར་རིན་པོ་ཆེ་གླེགས་བམ་རྣམས་ཕན་ཚུན་ཆ་བགོས་ཀྱིས་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་ནང་དབུ་ནས་མཇུག་བར་དག་སྒྲོགས་ལེགས་པར་ཞུས་པ།

 

 

 

 

 

 

 

 

 

 

 

རིན་མེད་སྨན་སྦྱིན་གནང་ཡུལ་དུ་གཟིགས་ཞིབ་གནང་བཞིན་པ།

ཕྱི་ལོ་ ༢༠༡༨ ཟླ་བ་ ༢ ཚེས་ ༢༨ ཉིན་རྡོར་གདན་གྱི་ཉེ་འདབས་ Sujata Vihar Tourist Complex ཞེས་པའི་ཁང་བཟང་ཐོག་བརྩེགས་འོག་མར་བཀའ་བརྒྱུད་སྨོན་ལམ་ཚོགས་པས་གོ་སྒྲིག་གནང་བའི་རིན་མེད་སྨན་སྦྱིན་གནང་ཡུལ་དུ་༧སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་གཟིགས་ཞིབ་གནང་བཞིན་པ།

 

 

 

 

 

 

 

 

 

དགེ་སློང་རྣམས་ལ་གསོལ་ཚིགས་འབུལ་བཞིན་པ།

དམ་ཆོས་འདུལ་བའི་ཕྱག་བཞེས་བཞིན་ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་དགེ་སློང་དང་དགེ་སློང་མ་རྣམས་ལ་གསོལ་ཚིགས་འབུལ་གྱི་ཡོད་པ་ལྟར་སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས ༢༦  ཉིན་ནས་བཟུང་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགེ་སློང་དང་། ཕྱི་རྒྱལ་ཁག་ནས་ཕེབས་པའི་དགེ་སློང་ཕ་མ་རྣམས་ལ་དད་ལྡན་དང་བླངས་བ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་རྡོར་གདན་གཏེར་སྒར་གཙུག་ལག་ཁང་དུ་གསོལ་ཚིགས་འབུལ་བཞིན་པ། 

 

 

 

 

 

 

 

 

 

 

 

 

སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ནས་བྱང་ཆུབ་མཆོད་རྟེན་ཆེན་པོའི་རྟེན་གཙོར་བཞུགས་པའི་ཐུབ་དབང་སྐུ་བརྙན་ལ་ན་བཟའ་ཕུལ་བ།

བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་ཉིན་ལྟར་བྱང་ཆུབ་མཆོད་རྟེན་ཆེན་པོའི་རྟེན་གཙོར་བཞུགས་པའི་ཐུབ་དབང་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་འབུལ་སྲོལ་ཡོད་པ་བཞིན། སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས ༢༧ ཉིན་༧རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱི་ན་བཟའ་ཕུལ་གནང་མཛད། 

 

 

 

 

 

 

 

 

 

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བྱང་ཆུབ་མཆོད་རྟེན་ཆེན་པོའི་རྟེན་གཙོར་བཞུགས་པའི་ཐུབ་དབང་སྐུ་བརྙན་ལ་ན་བཟའ་ཕུལ་བ།

ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་བྱང་ཆུབ་མཆོད་རྟེན་ཆེན་པོའི་རྟེན་གཙོར་བཞུགས་པའི་ཐུབ་དབང་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་འབུལ་སྲོལ་ཡོད་པ་བཞིན། སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས ༢༦ ཉིན་སྨོན་ལམ་ཐེངས་སོ་ལྔ་པའི་ཉིན་དང་པོར་༧རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱི་ན་བཟའ་ཕུལ་གནང་མཛད། 

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་རྡོར་གདན་བྱང་ཆུབ་ཆེན་པོའི་ཆོས་ཚོགས་འཛིན་སྐྱོང་དྲུང་ཆེ་སྐུ་ཞབས་སྣང་མཛད་རྡོ་རྗེ་ལགས་དང་གནས་བརྟན་འགོ་འཛིན་བཅས་ནས་ཕེབས་བསུ་དང་ལྷན་བཅར་ཞུ་བཞིན་པ།

 

རྡོར་གདན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེ།

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་འབུལ་བའི་སྟ་གོན་མཛད་བཞིན་པ།

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་ཕུལ་བཞིན་པ།

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་ཐུགས་སྨོན་གནང་བཞིན་པ།.

 

...

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་ལྷུང་བཟེད་འབུལ་བཞིན་པ།

 

...

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ། ཨ་འཛིན་རིན་པོ་ཆེ། སྐུ་ཞབས་སྣང་མཛད་རྡོ་རྗེ། གནས་བརྟན་འགོ་འཛིན་བཅས།

 

...

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་ཕུལ་གྲུབ་ནས་སྨོན་ལམ་ཆོས་རར་ཕྱིར་ཕེབས་བསྐྱངས་པ།

 

སྐྱབས་རྗེ་རྡོར་སློབ་བསྟན་དགའ་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་པ།

ཡང་སྲིད་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱ་གར་བྱང་ཕྱོགས་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་༧བྱམས་མགོན་རྡོ་རྗེ་འཆང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་མཇལ་བཅར་ཆེད་ཕེབས་ཞུས་ཏེ། ཁ་སང་རྡོར་གདན་གཏེར་སྒར་དགོན་དུ་ཞབས་སོར་འཁོད་ནས་ནང་པའི་གནས་ཆེན་ནཱ་ལེནྡྲར་གནས་གཟིགས་དང་། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་མཇལ་བཅར་ཞུས།

1. ཡང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་སྐུ་འཁོར་ལྷན་གཏེར་སྒར་དུ་ཞབས་སོར་འཁོད་པ།

 

2. གཏེར་སྒར་གཙུག་ལག་ཁང་གི་མདུན་ཐང་དུ།

 

3. བསྟན་དགའ་རིན་པོ་ཆེའི་ཡང་སྲིད་ནས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་ཕུལ་བའི་གྲ་སྒྲིག་གནང་བཞིན་པ།

 

4. བསྟན་དགའ་རིན་པོ་ཆེའི་ཡང་སྲིད་ནས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་ཕུལ་བཞིན་པ།

 

5. སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཡང་སྲིད་རིན་པོ་ཆེ་ལ་ཆོས་དུང་གནང་བ།

 

6. རིན་པོ་ཆེས་ཕྱག་ཏུ་ཆོས་དུང་བསྣམས་པ།

 

7. རིན་པོ་ཆེས་ཆོས་དུང་འབུད་གནང་བ།

 

8. སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཁྲུས་གསོལ་གནང་བཞིན་པ།

 

9. ཡང་སྲིད་རིན་པོ་ཆེས་ཁྲུས་ཆུ་བཞེས་བཞིན་པ།

 

10. སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཡང་སྲིད་རིན་པོ་ཆེ་དང་སྐུ་མཆེད་ལྷན་གསོལ་རས་གནང་བ།

 

11. སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་ཡང་སྲིད་རིན་པོ་ཆེའི་ཡབ་ཡུམ་སྐུ་འཁོར་ལྷན་དུ་སྐུ་པར་སྒྲོན་གནང་བ།

 

12. སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་ཡང་སྲིད་རིན་པོ་ཆེ་སྟོན་འཁོར་ལྷན་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་དང་ཐུབ་པ་ཆེན་པོའི་དྲུང་དུ་ལྷུང་བཟེད་ཕུལ།

 

13.

 

14.

 

15. ལྷན་རྒྱས་མཆོད་རྟེན་ཆེན་མོ་ཞབས་བསྐོར་གནང་བཞིན་པ།

 

16.

 

ཞིང་གཤེགས་དམ་པ་ཐ་ཡི་ལེཎྜ་རྒྱལ་པོ་མཆོག་གི་རྗེས་དྲན་སྲུང་བརྩི།

 

བོད་ནང་པ་སངས་རྒྱས་པའི་དགེ་འདུན་དང་ཐ་ཡི་དགེ་འདུན་རྣམས་ན་བཟའི་ཁྱད་པར་དང་མནབ་ཚུལ་ཐ་དད་ཀྱང་བདག་ཅག་གི་སྟོན་པའི་རྗེས་འཇུག་གཅིག་གྱུར་གྱི་ཆ་ནས་ཐུན་མོང་དུ་གསོལ་འདེབས་ཀྱི་ཆོ་གའི་བྱ་བར་འཇུག་པ།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་ཞིང་གཤེགས་དམ་པ་ཐ་ཡི་ལེཎྜའི་ས་སྐྱོང་མཆོག་གི་རྗེས་དྲན་མཆོད་འབུལ་ཕྱིར་ཐུགས་རྗེ་དང་རྩོལ་བ་ཆེན་པོས་ཁོང་པའི་ཐུན་མིན་ལམ་སྲོལ་ལྟར་གོ་སྒྲིག་གང་གཟབ་མཛད་པ།

 

ཐ་ཡི་དགེ་འདུན་རྣམས་ནས་ཁོང་ཅག་གི་དགོན་པའི་ལམ་སྲོལ་མཚོན་དོན་ལྟར་གྱི་བྱེད་སྒོ་བསྐྱངས་པ།

 

དཔལ་༸རྒྱལ་དབང་ཀརྨ་མཆོག་གིས་དབུས་མཆོད་འོས་ཀྱི་བླ་སྤྲུལ་རྣམ་པ་དང་། ཐ་ཡི་དགེ་སློང་རྣམ་པ་ཞལ་སྤྲོད་ཚུལ་གྱིས་ལྷན་ཅིག་ཏུ་ཚོགས་སུ་ཞུགས་པ་ནི་ཕན་ཚུན་གུས་བརྩི་དང་ནང་པ་ཡིན་ནོ་ཅོག་གི་ཡིད་ངོར་དགའ་བ་བླ་མེད་དུ་སྐྲུན་པར་བྱས།

 

ཐའི་དགེ་འདུན་རྣམས་དང་དད་ལྡན་ཁྱིམ་པའི་ཚོགས་པ་རྣམས་ཀྱང་ལྷན་དུ་བཞུགས།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་གསུང་འཕྲིན་ནང་། ཐའི་དགེ་འདུན་རྣམས་གདན་ཞུ་བགྱིད་རྒྱུའི་གོ་སྐབས་བྱུང་བ་དང་ལྷན་དུ་ཚོགས་ཐུབ་པ་ནི་ལོ་རྒྱུས་ཀྱི་མཚོན་དོན་གལ་ཆེ་ཞིག་དང་། ཞིང་གཤེགས་དམ་པ་ཐ་ཡི་ས་སྐྱོང་མཆོག་ནི་ནང་པའི་མཚོན་བྱེད་ཅིག་ཡིན།

 

ཐ་ཡི་དགེ་འདུན་རྣམས་ནས་པཱ་ལི་སྐད་ཐོག་ཞལ་འདོན་མཛད་སྐབས་ཁོར་ཡུག་དྭངས་ཤིང་ཞི་བའི་དཔལ་གྱིས་སྨོན་ལམ་ཆོས་ར་ཡོངས་སུ་གདལ་བ།

 

ཐ་ཡི་དགེ་འདུན་རྣམས་ནས་ཞལ་འདོན་གསུང་སྐབས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཐུགས་མཉམ་བཞག་ངང་བཞུགས་བཞིན་པ།

 

གཡོན་ཕྱོགས་སུ་སྐྱབས་རྗེ་གར་དབང་རིན་པོ་ཆེ་དང་། གཡས་ཕྱོགས་སུ་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་ཐའི་བཙུན་པ་རྣམས་ཀྱི་ཞལ་འདོན་སྐབས་དམིགས་པ་ཟབ་མོ་མཛད་བཞིན་པ།

 

བོད་ནང་པ་སངས་རྒྱས་པའི་དགེ་འདུན་རྣམས་ནས་ཞིང་གཤེགས་ས་སྐྱོང་དམ་པའི་དགོངས་རྫོགས་ཕྱིར་རྒྱལ་བ་མི་འཁུགས་པའི་ཆོ་ག་གསུང་བཞིན་པ།

 

རྒྱལ་ཁབ་ལྔ་བཅུ་ལྷག་ཙམ་ནས་ཕེབས་པའི་འདུས་པ་སྟོང་ཚོ་དུ་མས་རྒྱལ་བ་མི་འཁྲུགས་པའི་གསུང་ཆོག་ལ་ལྷན་དུ་ཞུགས།

 

དགེ་འདུན་གྱི་སྡེའི་མཐུན་སྒྲིལ་མཚོན་ཕྱིར་ཕན་ཚུན་་བཀུར་སྟི་སྟོབ་རེས་མཛད་པ།

 

༸རྒྱལ་དབང་མཆོག་ནས་ཐ་ཡི་སྐུ་མགྲོན་ཡོངས་གུས་པ་མཚོན་བྱེད་ཀྱི་ལེགས་སྐྱེས་སྩལ་བ།

 

ལེགས་སྐྱེས་མཚོན་དོན་དེ་ཡང་ཐ་ཡི་དགེ་འདུན་པའི་ལམ་ལུགས་ལྟར་སྩལ་བ།

མགོན་པའི་དགུ་གཏོར།

སྒར་ཆེན་དགུ་གཏོར་ཆེན་མོ་ཉིན་གསུམ་པའི་ལས་རིམ་དེ་ཡང་ཉིན་སྔ་མ་དང་ཆོ་ག་མཚུངས་ཤིང་། དེ་ཡང་༸རྒྱལ་དབང་དྲུག་པ་རྗེ་མཐོང་བ་དོན་ཡོད་ཀྱིས་མཛད་པའི་མགོན་པོའི་ལས་བྱང་སྡང་བ་རྣམ་སྲེག་གི་ཆོ་གའི་སྒོ་ནས་ཚུགས། ཚོགས་མགོན་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ནས་མཛད་ཅིང་། གཞན་ཡང་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། དེ་བཞིན་མཁན་པོ་རྣམ་པ།

 

དེ་བཞིན་དགེ་འདུན་སྟོང་ཚོ་ལྷག་ཙམ་ནམ་ཐོ་རངས་ནས་བཀའ་བརྒྱུད་སྨོན་ལམ་ཆོས་རར་འདུས་ཤིང་དགུ་གཏོར་ཆོ་ག་དབུ་ཚུགས།།

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ཚོགས་སུ་ཉིན་གང་པོར་བཞུགས།

 

ཐོ་རངས་སྨག་རུམ་གྱི་ཁྲོད་དུ་རྔ་སྐད་ཀྱི་ལྡིར་སྒྲ་གྲགས་པས་ཁོར་ཡུག་ནུས་ལྡན་དུ་སྐྲུན་པར་བྱེད།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་བཞུགས་ཁྲིའི་སྐུ་མདུན་དུ་མཎྜལ་བཤམས་འབུལ་ཞུས་ཤིང་། དེ་བཞིན་ཚོགས་ཞུགས་ཀྱི་བླ་སྤྲུལ་རྣམས་ལ་འབུལ་བ་སྟོབ་བཞིན་པ།

 

བཙུན་མ་རྣམས་ནས་ཀྱང་དོ་སྐུལ་ཆེན་པོས་ཚོགས་སུ་ཆ་ཤས་བླངས།

 

ཚོགས་ཀྱི་བར་གསེང་སྐབས་འབོ་དཀར་ཆུང་སྲིད་རིན་པོ་ཆེ་དང་མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ་རྣམ་གཉིས་དགྱེས་པའི་འཛུམ་ཞལ་ཕྱུང་བཞིན་པ།

 

ཚོགས་ཐེངས་གཉིས་པའི་ཚོགས་ཀྱི་གོ་སྒྲིག་ལ་བརྩོན་བཞིན་པ།

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དགུ་གཏོར་ཆེན་མོའི་དགོང་དྲོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ།

 

གར་འཆམ་གྱི་རྡོ་རྗེ་སློབ་དཔོན་ཧ་ཞལ་ལམ་མགོན་མདོས་ཀྱི་མདུན་ཞབས་སྟེགས་སྟེང་བཞུགས་བཞིན་པ།

 

དགེ་འདུན་འདུས་པ་ཡོངས་ནས་དགོང་དྲོའི་ཚོགས་ཐེངས་བར་མུ་མཐུད་བརྩོན་པ་ཆེན་པོས་ཚོགས།

 

ལོ་ན་རྒན་གཞོན་བར་མའི་དད་ལྡན་མཆོད་མཇལ་བ་ཡོངས་ནས་དངོས་གྲུབ་ལེན་ཆོག་གི་མཛད་རིམ་མ་གྲོལ་བར་དུ་མུ་མཐུད་གནས།

སྒར་བསང་ཆེན་མོ།

ཐོ་རངས་དུས་ཚོད་བཞི་པའི་ཐོག་སྒར་བསང་གི་དམིགས་བསལ་བསང་མཆོད་ཚོགས།

 

ཚོགས་ཀྱི་དབུ་བཞུགས་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ནས་མཛད་ཅིང་ཀརྨ་པ་གསུམ་པ་རྗེ་རང་བྱུང་རྡོ་རྗེས་མཛད་པའི་སྒར་བསང་ཆེན་མོའི་ཐོག་བསང་མཆོད་དབུ་འཛུགས་ཞུས།

 

བསང་གི་མཛད་རིམ་དེ་བཞིན་སྨོན་ལམ་ཆོས་རའི་བར་ཐོག་༸རྒྱལ་དབང་མཆོག་གི་སྐུ་སྒེར་དཔེ་མཛོད་ནང་བསྐྱངས།

 

བསང་ཆོག་དེ་བཞིན་གདན་ས་ཤེས་རབ་གླིང་གི་དགེ་འདུན་པ་ཞལ་གྲངས་ལྔ་བཅུ་ནས་ལྷན་ཞུགས་མཛད།

 

བརྐོས་རིས་ཕུན་སུམ་ཚོགས་པས་བརྒྱན་པའི་པའི་མཆོད་གཤོམ་སྟེང་མཆོད་དཔོན་ནས་དགོས་མཁོའི་ཉེར་སྤྱད་མཐའ་དག་སྒྲིག །

 

ཡུལ་ལྷ་རྣམས་ལ་འབྲས་ཀྱི་མཆོད་པ་ཕུལ།

 

སྒར་བསང་གི་བསང་དུད་ཕྱི་ཕྱོགས་སུ་བཏང་ཡང་བསང་ཆོག་དཔེ་མཛོད་ནང་མུ་མཐུད་ཚོགས།

 

སྐྱབས་རྗེ་རྒྱལ་ཚབ་རིན་པོ་མཆོག་ཀྱང་འཁྱུག་ཙམ་རིང་གཟིགས་སྐོར་དུ་ཕེབས།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཀྱང་ཉེ་འདབས་སུ་ལམ་སྟོན་གཟིགས་ཞིབ་ཕྱིར་ཆིབས་སྒྱུར་བསྐྱངས།

སངྒ་རཱ་མའི་གསོལ་མཆོད།

སྨོན་ལམ་ཆོས་རའི་དབུས་པྱོགས་སུ་ཆོས་སྲུང་སངྒྷ་རཱ་མའི་སྐུ་བརྙན་བཤམས།

 

སེར་སྦྲེང་རྒྱ་ལུགས་སྤོས་སྣས་སྣེ་འཁྲིད་དེ་བཀུར་འོས་སྐུ་ཞབས་སིའུ་ཀུན་མཆོག་སྔོན་ཕེབས་ཀྱིས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཀྱང་ལྷན་ཅིག་ཏུ་ཆིབས་སྒྱུར་བསྐྱངས།

 

༸རྒྱལ་དབང་མཆོག་དང་རྒྱ་བླ་མ་རྣམ་གཉིས་ཐུན་མོང་ནས་སངྒྷ་རཱ་མར་བཀུར་སྟི་བསྟབས་ཤིང་།

 

བདུག་སྤོས་ཕུལ།

 

སངྒྷ་རཱ་མའི་ཕྱག་གཡས་སུ་འབྲུག་རིས་ཀྱིས་བརྒྱན་པའི་ཟླ་བའི་དབྱིབས་མཚུངས་ཀྱི་དཔའ་དམ་ཐོགས་ཤིང་། ཕྱག་གཡོན་གྱིས་ཤིན་ཏུ་རིང་བའི་རང་གི་རྒྱ་ལ་སྒམ་པའི་ཚུལ་གྱིས་བཟུང་།

 

བཀུར་འོས་སྐུ་ཞབས་སིའུ་ཀུན་མཆོག་ནི་ཧོང་ཀོང་ནང་ཆེས་གུས་བཀུར་ལྡན་པའི་རྒྱའི་བཙུན་པ་ཞིག་དང་། ད་ལྟ་ཧོང་ཀོང་ནང་པའི་དགེ་འདུན་གྱི་སྡེའི་དབུ་འཛིན་བགྲེས་པ་དང་དེ་སྔ་དབུ་འཛིན་གཞོན་པའི་གནས་རིམ་བཟུང་ཡོད། ཁོང་ནས་ཐུན་མིན་རྒྱ་ལུགས་ཀྱི་ཆོས་གོས་མནབས་ཡོད།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་ཀྱང་དམིགས་བསལ་རྒྱ་ལུགས་ཀྱི་ཆོས་གོས་མནབས་ཤིང་ལས་ཞུ་བཞེས་ཡོད།

 

འབྲུག་སྒྲུབ་སྡེ་དཔལ་མོ་ཆོས་ལྡིང་གི་བཙུན་མ་རྣམས་ནས་བོད་སྐད་ནང་སངྒྷ་རཱ་མའི་གསོལ་མཆོད་སྙན་འཇེབས་ལྡན་པའི་དབྱངས་རྟ་ལ་དྲངས་ཏེ་འདོན།

 

ཧོང་ཀོང་གི་དགོན་སྡེ་དུ་མ་ནས་ཕེབས་པའི་རྒྱའི་རབ་བྱུང་དང་བཙུན་མ་སུམ་ཅུ་རྩ་གཉིས་ནས་རྒྱ་སྐད་ནང་གསོལ་མཆོད་བཏོན། ཏུང་ལིན་ཀོག་ཡྭན་གྱི་མཁན་པོ་བཀུར་འོས་སྐུ་ཞབས་ཙང་ཅིས་མཆོག་མདུན་གྲལ་གཡོན་གྱི་བང་རིམ་གཉིས་པར་བཞེངས་ཡོད། ཁོང་དབུ་མཛད་གསུམ་གྱི་ནང་ནས་གཅིག་ཡིན།

 

ཆོས་རའི་གར་སྟེགས་སྟེང་བཞུགས་གྲལ་གཡས་གཡོན་གྱི་ཚུལ་དུ་གོ་སྒྲིག་མཛད་ཡོད་ཅིང་། དེ་བཞིན་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་བཀུར་འོས་སྐུ་ཞབས་ལེའུ་ཀུན་རྣམ་གཉིས་ཀྱི་ཞབས་སྟེགས་ཕན་ཚན་ཞལ་སྤྲོད་ཀྱི་ཚུལ་དུ་བསྒྲོན་ཡོད།

 

ཆོས་སྲུང་སངྒྷ་རཱ་མ་རྒྱ་ནག་ནང་བྱོན་ཅིང་། དེ་འབྲེལ་མཆོད་ཆས་ཀྱང་རྒྱ་ནག་ལུགས་ལས་བྱུང་བ་འབའ་ཞིག་སྟེ། དེ་ཡང་རྔ་ཆེན་དང་

 

དྲིལ་ཆེན་འཁྲོལ་སྐབས་དབྱུག་པ་ཆེན་པོས་སྣུན་པར་བྱེད།

 

ཆོ་གའི་ཆ་ཤས་འགའ་བོད་སྐད་དང་ཆ་ཤས་འགའ་རྒྱ་སྐད་ནང་ཡོད། འོན་ཀྱང་ནུབ་ཕྱོགས་པ་རྣམས་དབྱིན་སྐད་ཐོག་བོད་ཀྱི་གདངས་ཡོད་ཅིང་། རྒྱ་སྐད་ནང་དུའང་དེ་མཚུངས་དགོས་གལ་དང་བསྟུན་ཏེ་ཡོད།

 

 

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་བཀུར་འོས་སྐུ་ཞབས་སིའུ་ཀུན་རྣམ་གཉིས་ཕྱིར་ཕེབས་ཀྱི་གྲབས་མཛད་བཞིན་པ།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་སྔོན་དུ་ཕྱིར་ཕེབས་མཛད།

 

འཕགས་མ་བདེ་བྱེད་མའི་གཟིམ་སྤོས་ཀྱི་སྐོར།

རྒྱའི་སྤོས་བཟོའི་ཆེད་ལས་པ་ལྕམ་རུ་རུ་ཡི་ཅུང་དང་། གསུང་སྒྱུར་བ་ཨ་ནེ་བྱང་ཆུབ། ལྷ་རྗེ་ཟླ་བ་ལགས་ཀྱིས་གཙོས་པའི་བཙུན་མ་བཅོ་ལྔ་ལྷན་ཞུགས་ཀྱིས་བོད་ཀྱི་ཐུན་མིན་ཚད་ལྡན་སྦྱར་སྤོས་ཀྱི་ལས་ལ་བརྩོན་བཞིན་པ་དང་། དེ་ཉིད་ཀྱི་ཡོང་འབབ་ལས་བཙུན་མ་རྣམས་ཀྱི་ཤེས་ཡོན་མཐུན་སྦྱོར་གྱི་ལས་གཞི་སྤེལ་རྒྱུ་ཡིན།


དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཉིན་ལྟར་ཁོང་ཅག་གི་ལས་གཞིར་གཟིགས་ཞིབ་མཛད་བཞིན་པ།


ཚད་ལྡན་རྒྱུ་སྦྱོར་ཁོ་ན་སྟེ། རང་བཞིན་གྱི་རྫས། བཙུན་མ་རྣམས་ཀྱི་བྱ་བའི་ཐོག་མ་ནི་སྨན་ཤིང་གི་རིགས་དང་དམིགས་བསལ་རྫས་རིགས་རྣམས་འཐག་རྒྱུ་ཡིན།


དེ་ཡང་འཕྲུལ་རིག་ལ་མ་བརྟེན་པར་སྔར་སྲོལ་ལག་བེད་ཀྱི་ཐབས་ལམ་ཁོ་ན་སྟེ། དེ་ཡང་མཆིག་གི་ནང་དུ་ལྡུགས་ཏེ་ལག་སྐོར་བྱ་དགོས་ཤིང་ལུས་ཀྱི་ངལ་རྩོལ་འབའ་ཞིག་ལ་བརྟེན་དགོས་པས་སྤོས་སྦྱོར་གོ་སྒྲིག་གི་ཉིན་གྲངས་དགུའི་ནང་བཙུན་མ་འགའ་ཞིག་གི་ལག་ཏུ་ཆུ་བུར་ཐོན་པ་སོགས་བྱུང་ཡོད།


དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཀྱང་བཙུན་མ་རྣམས་ལ་ལམ་སྟོན་ཕྱག་རོགས་མཛད་བཞིན་པ་དང་།


དེ་བཞིན་ལྷ་རྗེ་ཟླ་བ་ལགས་དང་ལྷན་དུ་བཀའ་བསྡུར་ཕྱིར་དུས་ཡུན་ཆེད་གཏོང་མཛད་བཞིན་ཡོད།


སྤོས་ཀྱི་མཁོ་རྫས་རྣམས་དོ་ནན་གྱིས་འཇལ་དགོས་པ་དང་ལྷན་དུ་སྦྱར་དགོས་པ་ཡིན།


སྦྱར་རྫས་རྣམས་དམིགས་བསལ་སྤོས་བཟོའི་འཕྲུལ་སྣོད་གཅིག་ཏུ་བླུགས་རྟིང་སྤོས་རྐང་རྣམས་རིམ་གྱིས་སྐྲུན་པར་བྱེད།


དེ་མཇུག་སྤོས་རྐང་རྣམས་རེ་རེ་བཞིན་ཐ་དད་དུ་འབྱེད་དགོས་པ་ཡིན།


སྤོས་རྐང་ཐམས་ཅད་རིང་ཐུང་གཅིག་མཚུངས་སུ་གཏུབ་དགོས་པ་ཡིན།


དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་ལས་གཞི་མཐའ་དག་ལ་ཐུགས་འཁུར་ཞིབ་མོར་མཛད་བཞིན་ཡོད།


སྤོས་རྐང་རྣམས་དལ་གཟབ་ཀྱིས་ཤིང་གཞོང་ནང་བཀྲམ་སྟེ་ཁང་པའི་ཡང་ཐོག་ཏུ་བསྐམ་བཞིན་ཡོད།


བསྐམས་ཟིན་མཇུག་གྲངས་ཚང་ཆ་མཉམ་དུ་ཆ་བགོད་བྱེད་མོད།


དེ་མཇུག་སྤོས་ཆག་ཏུ་སྡེབ་པ་ཡིན།


སྤོས་ཆག་རྣམས་སྤོས་སྒམ་སོ་སོར་བཅུག་སྟེ་ཟུར་དུ་དེ་དག་གི་སྦྱོར་རྫས་དང་ཕན་ཡོན་རྣམས་ཞིབ་པར་འགྲེལ་ཡོད།


སྤོས་ཀྱི་རྫས་སྣ་ཁྱད་པར་བ་ཁག་བཅུ་གསུམ་ལས་གྲུབ་པའི་ཤིན་ཏུ་རིན་ཐང་ཆེ་བའི་སྤོས་ཆག་ཅིག་ཡིན།


སྤོས་སྒམ་ཁ་དོག་སྔོན་པོ་དེ་ཉིད་ཅུང་ཁེ་ཞིང་དེ་ཉིད་རྫས་སྣ་གཉིས་ཁོ་ན་ལས་གྲུབ་པའི་དྲི་བཟང་ཞིག་ཡིན།

བཙུན་མ་རྣམས་ནས་འདི་ལོ་ཁྱོན་བསྡོམས་སྤོས་སྒམ་ཆིག་སྟོང་དྲུག་བརྒྱ་ཚོང་འགྲེམས་ཕྱིར་གསར་དུ་སྐྲུན་ཡོད།

 

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ནས་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་མཇལ་ཁ་སྩལ་བ།

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་སྩལ་ཕེབས་དོན་ལྟར་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ནས་འདི་ལོ་བཀའ་བརྒྱུད་སྨོན་ལམ་གྱི་མཛད་རིམ་འཕར་མའི་སྐབས་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་མཇལ་ཁ་སྩལ་རྒྱུའི་ཞལ་བཞེས་ཐོབ།

 

འདི་ཉིད་དམིགས་བསལ་ལོ་རྒྱུས་ཀྱི་འགངས་དང་ལྡན་པ་ཞིག་སྟེ། དེ་ཡང་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོར་གདན་དུ་དབུ་ཞྭའི་འཇལ་ཁ་སྩལ་བ་ཐེངས་དང་པོ་ཡིན།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་ཀྱང་སྐུ་ཕྲེང་ན་རིམ་གྱི་ལམ་སྲོལ་བཞིན་དམིགས་བསལ་ལས་ཞུ་མནབས།

 

ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵིས་སྐྱེས་བུ་གང་ཞིག་གིས་དབུ་ཞྭ་དེ་ཉིད་མཇལ་བ་ཙམ་གྱིས་ངན་སོང་དུ་མི་ལྟུང་བར་གསུངས།

 

མཇུག་ཏུ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ན་རིམ་ནས་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་དང། སྐྱབས་རྗེ་སི་ཏུ་རིན་པོ་ཆེ། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་རྣམ་གསུམ་ལ་ཞྭ་དམར་གྱི་ཅོད་པན་སྩལ།

 

དབུ་ཞྭའི་མཇལ་ཁ་དེ་ཉིད་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ནང་ཐུན་མིན་གལ་ཆེའི་མཛད་རིམ་ཞིག་ཡིན།

 

དབུ་ཞྭ་མཐོང་གྲོལ་མཇལ་བས་རིམ་གྱིས་གྲོལ་བ་ཐོབ་པར་གླེང་།

 

དབུ་ཞྭ་མཇལ་བ་ཙམ་གྱིས་འཕྲལ་དུ་གྲོལ་བ་ཐོབ་པའི་དོན་མིན་པར། འདི་ཉིད་མཇལ་བ་ཙམ་གྱིས་སྐྱེས་བུ་གང་ཞིག་གི་རྒྱུད་ལ་འབྱུང་འགྱུར་ཐར་པའི་ས་བོན་སྐྲུན་པར་བྱེད་མོད།

 

དབུ་ཞྭ་མཇལ་སྐབས་སེམས་ཀྱི་རང་གཤིས་འགྱུར་བ་མེད་པར་བརྟན་པར་བཟུང་སྟེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་རྩེ་གཅིག་ཏུ་གཏད་དགོས་པ་ཡིན།

 

 

 

རས་འབུད་བཤར་བ།

གཏུམ་མོའི་ཉམས་ལེན་མཚོན་དོན་ཕྱིར་རས་གོས་ཟངས་ཁྲོའི་ནང་བསྐྱིལ་བའི་ཆུར་སྦངས་ཏེ་བརླན་པར་བྱེད་པ། 

 

རས་གོས་བརླན་པར་བྱས་རྗེས་ལུས་ལ་འཐུམ་བཞིན་པ། 

 

ཞྭ་ཁྲ་མནབས་ཏེ་རས་འབུད་ལ་བཤར་བའི་སྟ་གོན་མཛད་བཞིན་པ།

 

གཏེར་སྒར་དགོན་ལ་བསྐོར་ཏེ་རས་འབུད་བཤར་བའི་དབུ་འཛུགས་པ།

 

ལག་རྐེད་གཟེར་གྱིས་ཟུར་གཡས་གཡོན་དུ་དལ་གྱིས་སྐྱོག་ཅིང་གཏུམ་མོའི་བདེ་དྲོད་སྐྱེད་བཞིན་པ།

 

གཏེར་སྒར་རྒྱལ་སྒོ་ཕྱིར་འཐོན་སྐབས་དད་ལྡན་པ་རྣམས་ལམ་གཡས་གཡོན་དུ་སྒྲེང་བཞིན་པ། 

 

གཏེར་སྒར་དགོན་ནས་སྨོན་ལམ་ཆོས་རའི་བར་སྒྲུབ་བླ་རྣམས་རྣམས་རས་འབུད་བཤར་བཞིན་པའི་གྲལ་བསྟར། 

 

དད་ལྡན་པ་རྣམས་ནས་བཀུར་སྟི་སྟོབ་ཕྱིར་ལག་ཏུ་དར་དཀར་ཐོགས་པ།

 

དད་མཇལ་བ་ཞིག་ནས་གུས་པ་མཚོན་ཕྱིར་མཎྜལ་གྱི་ཕྱག་རྒྱ་འབུལ་བཞིན་པ། 

 

སྨོན་ལམ་ཆོས་རའི་ནང་ཞུགས་ཟིན་རྗེས་རང་རང་གི་བཞུགས་གནས་མདུན་བཞུགས་བཞིན་པ།

 

སྒྲུབ་བླ་རྣམས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་གཡོན་ཕྱོགས་དང་རབ་བྱུང་སྡོམ་ལྡན་རྣམས་གཡས་ཕྱོགས་སུ་བཞུགས།

 

སྒོམ་ལ་མཉམ་པར་འཇོག་བཞིན་པའི་སྒྲུབ་བླ་རྣམས་བཞུགས་གྲལ་ཕན་ཚུན་ཞལ་སྤྲོད་ཀྱི་ཚུལ་དུ་བཞུགས་པ།

 

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་མཎྜལ་གྱི་ཕྱག་རྒྱ་མཛད་བཞིན་པ། 

 

གཏུམ་མོའི་བདེ་དྲོད་ཀྱིས་རས་གོས་ཡོངས་སུ་བསྐམས་པ།

 

སྒྲུབ་བླ་རྣམས་ལ་༸རྒྱལ་དབང་མཆོག་ནས་དམིགས་བསལ་བྱིན་རླབས་ཀྱི་གནང་སྦྱིན་སྩོལ་བཞིན་པ།

 

སྒྲུབ་བླ་རྣམས་ནས་བྱིན་གྱིས་བརླབས་པའི་གནང་སྦྱིན་ཐོབ་པ།

 

སྒྲུབ་བླ་ཞིག་ནས་༸རྒྱལ་དབང་མཆོག་གི་བྱིན་རླབས་གནང་སྦྱིན་ལག་ཏུ་ཐོགས་པ།

 

རུམ་བཏེག་སྒྲུབ་དཔོན་གུས་པ་ཆེན་པོས་༸རྒྱལ་དབང་མཆོག་གི་སྐུ་མདུན་ནས་གནང་སྦྱིན་བཞེས་བཞིན་པ།

 

༸རྒྱལ་དབང་མཆོག་ནས་ཞལ་འདོན་མཛད་བཞིན་པ།



སངས་རྒྱས་མི་འཁྲུགས་པ།


ཆོ་ག་དབུ་འཛུགས་ཞུས།

དགེ་འདུན་པ་རྣམས་ནས་བྱང་སྲེག་དཀྱིལ་འཁོར་གྱི་ཧོཾམ་ཁུང་གོ་སྒྲིག་བགྱིད་བཞིན་པ།


སངས་རྒྱས་མི་འཁྲུགས་པ།





༸རྒྱལ་དབང་མཆོག་ནས་ཆོ་གའི་སྐབས་སུ་བེད་སྤྱོད་མཛད་པའི་དམིགས་བསལ་མརྒད་ཀྱི་ཕྲེང་བ།


༸རྒྱལ་མཆོག་བཅུ་བདུན་པའི་རྡོར་དྲིལ།






























































༸རྒྱལ་དབང་མཆོག་ནས་བྱང་ཤོག་སྲེག་པར་མཛད་བཞིན་པ།





འདས་གསོན་རྣམས་ཀྱི་མིང་བྱང་བསྲེགས་པ།





བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པའི་གཏོར་མའི་སྐོར།

གཏོར་མ་བཅའ་བ་པོ་ཞིག་ནས་མར་དང་ཡང་ལར་ལྷན་དུ་འདྲེས་པའི་དཀར་རྒྱན་གྱིས་ཀརྨ་པ་སྐུ་ཕྲེང་བརྒྱད་པོ་ལས་གང་རུང་ཞིག་བཅའ་བཞིན་པ།

 

ཁ་དོག་སྣ་ཚོགས་པའི་རྒྱན་གྱིས་ཞལ་ཟས་རྣམས་ལེགས་པར་བརྒྱན་པ།

 

བླ་མ་ཀརྨ་བསམ་གཏན་ནས་ཞལ་ཟས་ཀྱི་སྟེགས་བུར་ཚོན་གཏོང་བཞིན་པ།

 

གཏོར་མ་བཅའ་བ་པོ་ཞིག་ནས་དཀར་རྒྱན་གྱི་སྤྲོས་པ་ཕྲ་མོ་རྣམས་བློ་རྩེ་གཅིག་ཏུ་སྒྲིམ་སྟེ་རྒྱན་བཞིན་པ།

 

གཏོར་མ་བཅའ་བ་པོ་རྣམས་ནས་རྒྱན་ཁྲའི་སྟེང་རང་རང་ཁུར་དུ་འཁྲི་བའི་སྐུ་བརྙན་སྐྲུན་བཞིན་པ།

 

གཏོར་བཟོའི་ལག་རྩལ་ཁྱད་པར་ཅན་རྣམས་ནས་རྒྱན་ཁྲར་མེ་ཏོག་སོགས་བརྐོས་རིས་སྣ་ཚོགས་ཀྱིས་བརྒྱན་པ།

 

གཏོར་བཟོ་བའི་ལག་སྤྱད་རྣམས་འབྲུག་གི་དམིགས་བསལ་སྨྱུག་ཤིང་ལས་གྲུབ་པས་དཀར་རྒྱན་གང་བྱུང་དུ་མི་གོས་པ་ཡིན།

 

བཙུན་མའི་གཏོར་བཟོ་བ་རྣམས་ནས་དཀར་རྒྱན་གྱི་ལོ་མ་བཅའ་བཞིན་པ།

 

སྐུ་བརྙན་ཆུང་ངུ་འབའ་ཞིག་གིས་གཏམས་པའི་རྒྱན་ཁྲ།

 

གཏོར་མའི་སྒྱུ་རྩལ་བ་ཟུང་ནས་མགོན་པོའི་ཚོགས་གཏོར་བཅའ་བཞིན་པ།

 

རབ་བྱུང་ཞིག་ནས་དགུ་གཏོར་མགོན་མདོས་ཀྱི་ནམ་མཁའ་བཅའ་བཞིན་པ།

 

དད་བརྩོན་ཆེན་པོས་ཀརྨ་པའི་སྐུ་བརྙན་བཅའ་བའི་ལས་གཞི་དབུ་ཚུགས་པ།

 

སྟེང་ནས་གཡོན་ཕྱོགས་སུ་ཆུ་ཚོད་ཀྱི་བགྲོད་རིམ་ལྟར། འཇིག་རྟེན་སྐྱོང་བ། འཕགས་སྐྱེས་པོ། ཀརྨ་པ་དང་པོ་དུས་གསུམ་མཁྱེན་པ། སློབ་དཔོན་ཕྱོགས་ཀྱི་གླང་པོ་རྣམས་ཀྱི་སྐུ་བརྙན་ཡིན།

 

གཏོར་བཟོ་བས་ཞལ་ཟས་ཀྱི་གཞི་རྣམས་བཀོད་པས་བརྒྱན་བཞིན་པ།

 

རྒྱན་ཁྲ་རྣམས་སྐུ་བརྙན་དང་བརྐོས་རིས་སྣ་ཚོགས་པས་དལ་གྱིས་འགེངས་བཞིན་པ།

 

ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེའི་སྐུ་བརྙན།

 

མཆོད་པའི་མཚོན་དོན་དུ་མར་རྒྱན་ལས་གྲུབ་པའི་ལག་ལྡན་གྱི་མཆེ་བ་དང་། རིན་པོ་ཆེའི་ཕྲ་རིགས་སྣ་ཚོགས། དེ་བཞིན་བྱུ་རུ་སོགས་བཤམས་ཡོད།

 

ཤར་ཕྱོགས་ཀྱི་གཉན་ཆེན་རྨ་རྒྱལ་སྤོམ་རའི་སྐུ་བརྙན།

 

ནུབ་ཕྱོགས་སུ་གཉན་ཆེན་ཐང་ལྷ།

 

རྒྱལ་ཆེན་སྡེ་བཞི་ལས་བྱང་ཕྱོགས་སྲུང་བའི་ཕྱོགས་སྐྱོང་རྣམ་ཐོས་སྲས།།

 

ལྷོ་ཕྱོགས་སྲུང་བའི་ཕྱོགས་སྐྱོང་འཕགས་སྐྱེས་པོ།

 

ནུབ་ཕྱོགས་སྲུང་བའི་རྒྱལ་ཆེན་སྤྱན་མི་བཟང་།

 

འཕགས་སྐྱེས་པོའི་སྣང་ཚུལ་གཞན་ཞིག །

 

བྱང་གི་གཉན་ཆེན་སྒྱོགས་ཆེན་ལྡོང་རལ།

 

ཤར་གྱི་གཉན་ཆེན་རྨ་རྒྱལ་སྤོམ་ར།

 

བྱང་གི་ཕྱོགས་སྐྱོང་རྣམ་ཐོས་སྲས་ཀྱི་སྐུ་བརྙན་ཉེ་ཕྱོགས་ནས་བསྒྲོན་པའི་སྐུ་པར་།

 

ལྷོ་ཡི་ཕྱོགས་སྐྱོང་འཕགས་སྐྱེས་པོའི་རྔམ་ཟིལ་ལྡན་པའི་ཞལ་སྐྱིན།

 

ཀརྨ་པ་སྐུ་ཕྲེང་བརྒྱད་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ།

 

ཀརྨ་པ་སྐུ་ཕྲེང་དང་པོ་རྗེ་དུས་གསུམ་མཁྱེན་པ།

 

དབུས་སུ་ཞལ་ཟས་དབང་པོ་སྣ་ལྔས་བརྒྱན་པ།

 

ལྷོ་ཡི་གཉན་ཆེན་པོ་དམག་དཔོན་དབྱི་རྒྱལ།

 

རྒྱལ་ཆེན་སྤྱན་མི་བཟང་གི་མདུན་ཞལ་གྱི་དཀྱིལ་འཁོར།

 

མཐར་མར་རྒྱན་ལས་གྲུབ་པའི་མཆོད་པ་དང་ཞལ་ཟས་རྣམས་སྨོན་ལམ་ཆོས་རའི་མཆོད་གཤོམ་སྟེང་བཤམས་པར་བྱས་པ།

 

བཀའ་བརྒྱུད་སྨོན་ལམ་སྐབས་གཏོར་མ་བཅའ་བའི་དགོས་པ་ནི་དད་ལྡན་རྣམས་ཀྱི་དང་བ་འདྲེན་པའི་ཕྱིར་དུ་ཡིན།

 

ཕྱོགས་ཐམས་ཅད་ནས་གཏོར་མའི་བཀོད་སྒྲིག་མཚར་ཞིང་ལྟ་ན་སྡུག་པའི་དཔལ་དང་ལྡན།

 

ཉིན་གཉིས་པ་བདེ་མཆོག་དབང་གི་སྟ་གོན།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཉིན་དང་པོ་འཁོར་ལོ་བདེ་མཆོག་གི་ས་ཆོག །