ལོ་གསར་མཛད་སྟོན་གྱི་སྐོར།

སྤྱིར་སྒར་པ་ལོ་གསར་རྒྱས་པ་ནི་ཀརྨ་པ་སྐུ་ཕྲེང་བདུན་པ་རྗེ་ཆོས་གྲགས་རྒྱ་མཚོའི་སྐབས་ནས་དར་སྲོལ་ཆེན་པོ་བྱུང་ཡོད། དེ་སྔ་ཡང་བཀའ་བརྒྱུད་སྨོན་ལམ་གྱི་དུས་སྐབས་དང་སྟབས་བསྟུན་གནས་མཆོག་རྡོར་གདན་དུ་དེ་སྔ་ལོ་གསར་ལན་གཉིས་ཙམ་བཏང་ཟིན། འདི་ལོ་རབ་བྱུང་བཅུ་བདུན་པའི་མེ་བྱ་རང་ཞལ་གནམ་ལོ་གསར་དུ་བཞད་སྐབས་སྔར་རྒྱུན་དང་མི་མཚུངས་པ་དམིགས་བསལ་ཞིག་ཡོད་པ་ནི། ཚེས་གཉིས་ཉིན་དགོང་དྲོའི་གསོལ་ཚིགས་དང་ལྷན་དུ་འཁྲབ་སྟོན་ཡང་མཛད། རྗེ་བདུན་པའི་སྐབས་སྒར་པ་ལོ་གསར་ཞེས་ཉིན་བཅོ་ལྔའམ་ཟླ་ངོ་ཙམ་རིང་འཁྲབ་སྟོན་བགྱི་སྲོལ་ཡོད། འཁྲབ་སྟོན་པ་ཕལ་ཆེ་བ་རྟེན་ཁྱིམ་པ་རྣམས་ཀྱིས་འཁྲབ་སྟོན་མཛད་པ་ལས་དགེ་བཙུན་རྣམས་ཀྱིས་འཁྲབ་སྟོན་མཛད་པ་ཆེས་དཀོན། དེ་སྔ་རང་རེ་རྣམས་ནས་ལོ་གསར་ལན་འགའ་བཏང་ཡང་འཁྲབ་སྟོན་རྒྱས་པ་བྱ་མྱོང་མེད། འདི་ལོ་མེ་བྱ་གནམ་ལོ་གསར་ཚེས་ཀྱི་མཛད་སྒོ་དང་འཁྲབ་སྟོན་རྒྱས་པ་གཉིས་ཀ་ཡོད་ཅིང་། འཁྲབ་སྟོན་དེ་ཡང་སྲོལ་རྒྱུན་གྱི་ཐུན་མིན་རིག་གཞུང་གི་འཁྲབ་སྟོན་ལས་དེང་དུས་ཀྱི་ལམ་སྲོལ་དང་མཐུན་པའི་འཁྲབ་སྟོན་མིན།                                                                                                                  དེ་ཡང་འཁྲབ་སྟོན་མཛད་མི་གཙོ་བོ་བོད་གཞུང་ཟློས་གར་ཚོགས་པ་དང་། འབྲེལ་ཡོད་ཀྱི་འཁྲབ་སྟོན་མི་མཚུངས་པ་རྣམ་གྲངས་ལྔ་དྲུག་ཙམ་ཡོད། དེ་ཁོངས་སུ་ལ་དྭགས་ནས་ཡིན་པའི་བུ་ཞིག་གི་རྐྱང་གཞས་དང་། དེ་བཞིན་སྨན་ལྗོངས་འབྲུག་ཡུལ་ནས་ཡིན་པའི་ཕོ་མོ་རྣམས་ནས་འབྲུག་གི་ཐུན་མིན་གླུ་དབྱངས་དང་འཁྲབ་སྟོན་ཟུང་དུ་བགྱིས། གཞན་ཡང་རྒྱ་གར་མངའ་སྡེའི་ཆ་ཤས་མོན་རྟ་དབང་ཁུལ་ནས་གཞས་པ་འགས་སྙན་འཇེབས་ལྡན་པའི་གླུ་གར་གྱི་མཆོད་སྤྲིན་སྤྲོ་བར་བྱས།  ལྷག་པར་གངས་ལྗོངས་གཞས་པ་གྲགས་ཅན་འགས་བརྙན་འཕྲིན་གྱི་ལམ་ནས་༸རྒྱལ་དབང་མཆོག་གི་སྐུ་བསྟོད་དང་འབྲེལ་བའི་གླུ་དབྱངས་སྙན་འཇེབས་ལྡན་པ་སྔ་ཕྱིར་ཁག་བཞི་ཙམ་གྱེར།                                                                                                མཛད་སྒོའི་སྐབས་མཚམས་སྦྱོར་གྱི་ངོ་སྤྲོད་བོད་སྐད་ནང་མཛད་པོ་ར་ལང་ཕྱག་མཛོད་སྐུ་ཞབས་ཤེས་རབ་མཐར་ཕྱིན་དང་། དབྱིན་ཇིའི་སྐད་ཡིག་ནང་མཚམས་སྦྱོར་ངོ་སྤྲོད་མཛད་པོ་སྐུ་ཞབས་དངོས་གྲུབ་ཚེ་རིང་རྣམ་གཉིས་ཡིན།                                                                 འཁྲབ་སྟོན་དེ་དག་དེར་འདུས་གཟིགས་མོ་བ་ཀུན་གྱི་སྤྱན་ལམ་དུ་ཡིད་འཕྲོག་ཅིང་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པས་ལྟད་མོ་བ་ཡོངས་ཀྱི་སྤྲོ་བ་རབ་ཏུ་བརྟས། དེ་བཞིན་ཕྱི་དྲོའི་དུས་སུ་ཡི་དམ་འཁོར་ལོ་བདེ་མཆོག་གི་ཚོགས་འཁོར་དང་འབྲེལ་བའི་དགོང་ཚིགས་ཀྱང་འདུས་པ་ཀུན་ལ་འབུལ་གཤོམ་མཛད། མདོར་ན་གླུ་ཡི་མཆོད་པ་འབུལ་རྒྱུ་དང་། གར་འཁྲབ་རྒྱུ་གཉིས་ཀ་གསང་སྔགས་བླ་མེད་དང་འབྲེལ་ལམ་མཚོན་པ་ཡིན། བསྟན་འཛིན་རྣམ་རྒྱལ་ནས།

20170228AM_The Great Seating Ceremony

Right-Column-Pics38.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་