དུད་འགྲོའི་རིན་མེད་སྨན་སྦྱིན།

ཕྱི་ལོ་ ༢༠༡༧ ཟླ་བ་ ༡ ཚེས་ ༢༠ ཉིན་ལོ་བསྟར་ཆགས་བཞིན་བཀའ་བརྒྱུད་སྨོན་ལམ་ཚོགས་པ་དང་། ཨོས་ཊེ་ལི་ཡའི་ Fondation Brigitte Bardot ཞེས་པའི་ཐེབས་རྩ་ཚོགས་པ། དེ་བཞིན་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་ཀྱི་དུད་འགྲོའི་འཕྲོད་བསྟེན་ཚན་པ་ Sikkim Anti Rabies, Animal Health Division. ཞེས་པའི་ཚོགས་པ་སྟེ་ཚོགས་སྡེ་ཁག་གསུམ་ཐུན་མོང་ཐོག་གོ་སྒྲིག་མཛད་པའི་དུད་འགྲོའི་རིན་མེད་སྨན་བཅོས་ཁང་དུ་ནོར་སྐྱོང་གི་སྐྱེ་སྒོ་འགོག་པའི་གཤགས་བཅོས་དང་། དེ་བཞིན་ཁྱི་ནད་འགོག་པའི་སྨན་བཅོས་ཁང་དུ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་གཟིགས་ཞིབ་དང་འབྲེལ་སྨན་པ་རྣམས་རེ་རེ་བཞིན་བཀའ་བརྩད་ལེགས་པར་བསྐྱངས། སྨན་བཅོས་ཁང་དེར་འབྲས་ལྗོངས་ནས་ཡིན་པའི་དུད་འགྲོའི་སྨན་པ་ཕྲིན་ལས་ལགས་སོགས་སྨན་པ་བཞི་དང་། ལས་རོགས་སྨན་ཞབས་བདུན་ཏེབསྡོམས་བཅུ་གཅིག་ཙམ་དང་། དེ་བཞིན་འཇར་མན་ནས་ཡིན་པའི་ཚོགས་པ་དེ་ཉིད་ཀྱི་དུད་འགྲོའི་འཚོ་བྱེད་དང་། གཞན་ཡང་རྒྱ་གར་བའི་དུད་འགྲོའི་སྨན་པ་རྣམས་ཀྱང་མཇུག་ཏུ་རིམ་གྱིས་འབྱོར། ཁོང་རྣམས་ཉེ་འདབས་གྲོང་གསེབ་ས་ཁུལ་དུ་ཆེད་གཉེར་གྱིས་བསྐྱོད་དེ་ས་གནས་ཡུལ་མི་རྣམས་ལ་སྒོ་ཕྱུགས་དུད་འགྲོའི་སྨན་བཅོས་བྱ་ཚུལ་གྱི་ལམ་སྟོན་དྲིལ་བསྒྲགས་མཛད་རྒྱུའི་ལས་འཆར་ཡང་སྐྱོང་བཞིན་པ་དང་། ད་ལྟའི་ཆར་འདིར་ཡོད་སྨན་པ་རྣམས་ཀྱི་བཞུགས་གནས་དང་གསོལ་ཚིགས་བཅས་ཀྱི་གོ་སྒྲིག་ཡོངས་རྫོགས་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་མཛད་བཞིན་པ་དང་། སྨན་བཅོས་ཁང་འདི་བཞིན་གོང་ཚེས་ནས་བཟུང་ཚེས་ ༢༩ བར་ཉིན་བཅུའི་རིང་སྨན་བཅོས་ཀྱི་ལས་འགུལ་བརྩམ་རྒྱུ་ཡིན་འདུག ཉེ་ཁུལ་གྲོང་གསེབ་ཏུ་མཆིས་པའི་ར་ལུག་བ་ལང་མ་ཧེ་རྟ་བོང་སོགས་སྒོ་ཕྱུགས་ཀྱི་ཟོག་རྨས་རྨ་ཅན་དང་ནད་མནར་བ་མཐའ་དག་རིན་མེད་ཐོག་སྨན་བཅོས་བྱེད་ཀྱི་ཡོད་ལུགས་ཁོང་པ་ཚོའི་མགྲིན་ཚབ་པའི་ངག་ལམ་ནས་བརྗོད་བཞིན་འདུག

Right-Column-Pics31.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་