དྲྭ་ཚིག་གསར་པ་སྒོ་འབྱེད།

                                                             སྤྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༠ ཉིན་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་སྩལ་དོན་དུ། ད་རེས་ཐུན་བཞི་བླ་མའི་རྣལ་འབྱོར་དེ་དཔེ་བསྐྲུན་གསར་པ་ཞིག་བྱས་ཡོད། དེ་ཉིད་ཨིན་སྐད་དང་རྒྱ་སྐད་སོགས་སྐད་རིགས་བཅུ་ཙམ་གྱི་ནང་དུ་བསྒྱུར་ཡོད། ཐུན་བཞིའི་རྩ་བ་དེ་དང་ལྷན་དུ་དེ་ཉིད་ཀྱི་ཁྲིད་ཡིག་གསར་རྙིང་དུ་མ་ཞིག་ལྷན་གཅིག་ཏུ་ཕྱོགས་སྡེབ་བྱས་ཡོད། དཔེར་ན། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ཐུན་བཞིའི་ཁྲིད་ཡིག་ལྷན་ཐབས་དེ་ཉིད་ཆགས་མེད་རིན་པོ་ཆེས་མཛད་པའི་རི་ཆོས་ནང་དུ་ཡོད་ཅེས་གསུངས་པ་མ་གཏོགས་ང་ཚོ་ཀུན་གྱི་མིག་ལམ་དུ་མཇལ་རྒྱུ་མེད། ཕྱིས་སུ་ལག་ཏུ་ཐོབ་རྗེས་ད་ལྟ་ལྷན་དུ་དཔེ་སྐྲུན་བྱས་ཡོད། དེ་བཞིན་ཞྭ་དམར་དཀོན་མཆོག་ཡན་ལག་གིས་མཛད་པའི་ཐུན་བཞི་ཉམས་ལེན་གྱི་མཐར་ཕྱག་ཆེན་གྱི་དམིགས་རིམ་སྦྱོར་ཚུལ་དེ་ཡང་ད་ལྟ་ལྷན་དུ་པར་སྐྲུན་བྱས་ཡོད།

དྲྭ་ཚིག་གསར་པ་ཞིག་ངོ་སྤྲོད་བྱ་རྒྱུ་ཡིན། བོད་སྐད་དུ་དམ་ཆོས་འཕྲུལ་དེབ་དང་ཨིན་སྐད་དུ་( Dharmaebook )ཞེས་པ་དེ་ཉིད་ཡིན། ད་ལྟ་དྲྭ་ཚིག་དེའི་ནང་དུ་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་སྐོར་མ་གཏོགས་ཕྱག་དཔེ་གཞན་འཇུག་ཐུབ་མེད། རྗེས་སུ་རིམ་བཞིན་བཀའ་བརྒྱུད་སྨོན་ལམ་གྱི་ཞལ་འདོན་ཕྱོགས་སྡེབ་སྐད་རིགས་མི་འདྲ་བ་བཅོ་ལྔ་ཙམ་གྱི་ནང་དུ་ཡོད་པ་མ་ལུས་དང་། ཉམས་ལེན་གྱི་དེབ་རྣམས་དང་། བཀའ་བསྟན་ཁྲོད་ཀྱི་གཞུང་གལ་ཆེ་བ་དག་དང་། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཁག་གི་ཡིག་ཆ་དང་། བོད་ཀྱི་རིག་གཞུང་གི་དཔེ་དེབ་གནད་ཆེ་བ་རྣམས་ཀྱང་དྲྭ་ཚིག་དེའི་ནང་དུ་འཇུག་རྒྱུ་ཡིན། དྲྭ་ཚིག་དེ་གཙོ་བོ་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་རྣམས་ཀྱི་ནང་དུ་བེད་སྤྱོད་གཏོང་ཐུབ།

ད་ལན་དམིགས་བསལ་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དེ་ཉིད་ལ་སྒྲ་ལྡན་ཞིག་བཟོས་ཡོད་། ང་རང་གིས་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དེ་ཉིད་འགོ་ནས་འཇུག་བར་བཀླགས་པའི་སྒྲ་ཉིད་བཅུག་ཡོད། སྤྱིར་ཐུན་བཞི་དེ་ཉིད་རྒྱ་ཡིག་དང་ཨིན་ཡིག་གཉིས་ཀའི་ཐོག་ཏུ་ཡོད་པས་རྒྱ་དང་ཨིན་ཇིའི་མི་རིགས་རྣམས་སོ་སོའི་སྐད་ཡིག་གི་ཐོག་ཏུ་འདོན་ཡང་འགྲིག  །འོན་ཏང་བོད་སྐད་དུ་འདོན་འདོད་མཆིས་པ་རྣམས་ནས་སྒྲ་དེ་ཉན་ནས་འདོན་ཡང་རུང་། །ཞེས་བཀའ་སྩལ་ཏོ། ༏

ཀརྨ་ཚེ་རིང་ནས་ཕབ།

Right-Column-Pics25.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་