དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་གསུམ་པ།

སྤྱི་ལོ་༢༠༡༧ ཟླ་ ༢ པའི་ཚེས་ ༡༥ཉིན་སྨོན་ལམ་ཉིན་གསུམ་པའི་གསུང་ཆོས།

ཐོག་མར་ཚང་མ་ལ་འཚམས་འདྲི་དང་ཞོགས་པ་བདེ་ལེགས་ཞུ་རྒྱུ་ཡིན། དེ་ནས་ཁ་རྩང་གི་འཕྲོས་ནས་ཞུ་རྒྱུ་ཡིན།  པོ་ཏོ་བ་ངའི་བསམ་པར་འཁོར་བའི་སྡུག་བསྔལ་ལ་རྒྱང་རིང་ཙམ་བྱས་ན་སྙམ། ང་ཚོ་ད་ལྟ་བར་སྡུག་བསྔལ་མི་འདོད་བཞིན་དུ་སུས་མགོ་སྐོར་བཏང་བ་རེད་ཅེ་ན་ཚེ་འདི་ལ་ཞེན་པའི་དབང་གིས་ཡིན། ཉེས་པ་ཅི་མཆིས་པ་དེ་དག་ཐམས་ཅད་ཀྱང་ཚེ་འདི་ལ་ཞེན་པའི་དབང་གིས་བྱུང་། དེ་ཡི་ཕྱིར་ན་ཚེ་འདི་ལ་ཆགས་ཤིང་ཞེན་པའི་བློ་དེས་སྡུག་བསྔལ་མི་འདོད་བཞིན་དུ་མྱངས་བཅུག་པ་ཡིན་པས་དེ་སྤོང་དགོས་པ་འདུག དཔེར་ན། ཉ་བཟུང་བའི་སྐབས་སུ་ཉ་འཛིན་བྱེད་ལྕགས་ཀྱུའི་སྣེ་མོར་ཤ་ཞིག་བཏགས་ཏེ་ཉར་བསླུ་བ་ལྟར་ཚེ་འདིར་ཞེན་པས་བསླུ་བཞིན་ཡོད། དེང་སང་ཚེ་འདི་བློས་བཏང་བ་ཡིན་ཞེས་བརྗོད་མཁན་འདུག་སྟེ་ཚེ་བློས་བཏང་བ་ཞིག་མིན་པར་འདུག ཁོང་ཚོས་དང་པོ་གྲྭ་ཆས་གྱོན་དུས་མི་ཚོས་བསྟོད་བཀུར་སྙན་གྲགས་ཧ་ཅང་མ་ཐོབ་ཅིང་ཤམ་ཐབས་ཕུད་དེ་ཨང་འགའ་རག་གྱོན་ཞིང་སྐྲ་རྣ་རྩེར་ཐུག་པ་བྱེད་ནས་ལུང་པ་གང་སར་བྱ་བྲལ་ཡིན་ཚུལ་བྱས་ནས་འགྲོ་བཞིན་འདུག ཁོས་བསམ་པར་ཚེ་བློས་བཏང་བ་ཡིན་བསམ་གྱི་འདུག་སྟེ་དངོས་འབྲེལ་བྱས་ན་ཚེ་བློས་མ་ཐོངས་པ་རེེད། སྤྱིར་སངས་རྒྱས་ཀྱི་གོང་འཕང་ཐོབ་པ་ལ་ཚོགས་བསགས་དགོས་ཤིང་དེ་ཡང་བསོད་ནམས་གང་ཆེ་བ་དེ་བྱེད་དགོས་པ་ཡིན། པོ་ཏོ་བ་ངས་ཚོང་ཞིག་བྱས་ན་སྣམ་བུ་འདྲ་བོ་ཞིག་ལ་ཆ་མཚོན་ན་ཁལ་བཞི་ལྔ་ཙམ་ཉོ་མཁན་ཁོ་རང་གི་ཧ་མ་གོ་བར་ཁེ་བཟང་སྤྲད་ས་རེད།

ཁོང་གིས་དེ་ལྟར་དྲན་བཞིན་འདུག་ཅེས་བཤད་དུས་མི་ཚོས་ཁྱེད་རང་ལྐུགས་པ་རེད་ཚོང་གི་དགོས་པ་ཁེ་བཟང་མེད་པས་དེ་ལས་ཕར་སྤྲད་ན་ལེགས་པ་ཡོད་ཅིང་། གཞན་གྱིས་སྤྲད་བྱུང་བསམ་པ་ཡང་ཡོད། དེ་མིན་ཕན་པ་མེད་ཅེས་ཟེར། ཚེ་འདི་ལ་བསམ་བློ་གཏོང་མཁན་ཡིན་ན་དེ་ལྟར་དགོས་ཀྱང་ཆོས་པ་ནི་ལན་ལ་རེ་བ་མེད་པ་ཞིག་དགོས། དཔེར་ན། ཕ་མས་ཁོ་རང་ལ་རྒྱལ་ཁ་ཐོབ་པ་ལས་བུ་ལ་རྒྱལ་ཁ་ཐོབ་ན་དགའ་བ་བཞིན་རང་ལས་གཞན་རྒྱལ་བའི་བློ་ཐུན་མོང་མ་ཡིན་པ་ཞིག་དགོས་པ་ཡིན། དེ་བཞིན་རང་སྐྱིད་པ་ལས་གཞན་སྐྱིད་པ་བྱུང་ན་སྙམ་པ་དེ་རང་དང་སྙིང་ཉེ་བའི་མི་ཁ་ཤས་ལ་སྐྱེ་ན་ཕན་པ་མེད་པར་དགྲ་གཉེན་ཐམས་ཅད་ལ་གཅིག་མཚུངས་སུ་སྐྱེ་དགོས། དེ་ལྟ་བུའི་སེམས་ཤིག་མ་སྐྱེས་ན་སངས་རྒྱས་ཐུབ་པ་མ་རེད་ཅེས་མནའ་སྐྱེལ་ཆོག་པ་རེད། དེ་ལྟ་བུའི་བློ་མ་སྐྱེས་ན་ཚད་མེད་བཞི་སྒོམ་གྱི་ཡོད་ཟེེར་ནའང་ཁ་ཞེ་མི་མཐུན་པར་རྒྱབ་འགལ་ཆགས་ཡོད། སངས་རྒྱས་ཐོབ་པ་ལ་ཕན་ཐོགས་ཡོད་ན་སེམས་ཅན་ལ་ཡང་ཕན་ཐོགས་པ་ལྟ་ཅི་ལུས་དང་སྲོག་ཀྱང་བཏང་དགོས་པ་ཡིན། ཚོང་ཁལ་རེ་ཕམ་པ་ཙམ་གྱིས་ཚོང་ཕམ་སོང་ཟེར་ནས་གཉིད་མི་ཁུག་མཁན་གྱི་ཆོས་པ་ཚོས་གཞན་ལ་ཇི་ལྟར་ཕན་ཐོགས། དེ་འདྲའི་རིགས་ལ་མིང་ཇི་ལྟར་བཏགས་རུང་གསོབ་དང་མཚུངས་པ་རེད། དེ་དག་ནི་གནས་སྐབས་རྒྱལ་ཁ་ལྟར་སྣང་རུང་མཐར་གཏུག་ན་ཁོ་རང་ཕུང་བྱེད་ཡིན། དཔེར་ན། ལུང་པ་ཞིག་གི་གྲོང་ཚོ་གཅིག་ལ་མི་ཞིག་གིས་སྐྱ་བཙུན་ཞེས་གྲྭ་པ་ཡིན་མིན་མང་པོ་བསྡུས་ཏེ་ཞོགས་པ་ཞིག་ལ་ཞོགས་ཇ་ཞིག་བཏང་བ་རེད། མི་ཚོས་ཁོ་ལ་ཡག་པོ་བྱས་སོང་ཞེས་བཤད། ཁོ་རང་གིས་ཀྱང་ཡག་པོ་བྱས་ཡོད་བསམ་སྟེ་གང་བཤད་ཀྱི་རེད་ཅེ་ན། ངས་བསགས་ཚད་དེ་སྔ་ཡང་ཆོས་ཕྱོགས་སུ་བཏང་བ་ཡིན་ལ་མ་འོངས་པར་ཡང་གཏོང་གི་ཡིན་ཞེས་གདོང་ནག་པོ་བསྟན་ཏེ་ཡུས་བཤད་ཀྱི་རེད། ཁོས་ད་དུང་ཡུལ་དགོན་པ་མི་མང་འདུས་ཆེ་སར་ཅ་ལག་མང་པོ་ཡོད་དུས་ཚུར་ཉོ། ཉུང་ཉུང་ཡིན་དུས་ཕར་བཙོང་ནས་ལས་ཀ་དེ་འདྲ་བྱེད་འདུག ཚོང་བྱེད་དུས་གང་བྱེད་ཀྱི་འདུག་ཅེ་ན་ལུང་པས་གཏན་འབེབས་བྱས་པ་བཞིན་མ་བྱས་པས་རང་གི་འདོད་པ་བཞིན་མ་བྱུང་བར་རིག་པ་སྣ་ཚོགས་བཏང་ནས་མི་ཚང་མ་སེམས་འཁྲུག་བཅུག་སྟེ་སེམས་པ་མ་སྐྱིད་པ་བཟོ་བཞིན་འདུག ཁོས་ངའི་ཚོང་འདི་ང་ཡི་ཆེད་དུ་མིན་བླ་མ་དགེ་འདུན་གྱི་ཆེད་དུ་ཡིན་ཞེས་ཁ་དེར་བཏགས་ཀྱི་འདུག གང་ལྟར་འདི་འདྲའི་ལས་ཀ་བྱེད་མཁན་དཔེ་མཚོན་ཙམ་རེད་འདི་འདྲ་བྱེད་མཁན་གཅིག་ཙམ་མ་རེད་མང་པོའི་མི་ཚེར་ལས་ཀ་དེ་འདྲ་བྱས་ཏེ་གནས་ཡོད། དོན་དེ་དག་གང་རེད་ཅེ་ན། ཞོགས་པ་ཞིག་ལ་ཁ་འདོན་བྱས་པ་ཙམ་གྱིས་ངས་ཁ་འདོན་ཚར་སོང་ཟེར་ནས་བློ་བདེ་བདེ་བྱེད་ད་འགྲིག་ཡོད་བསམ་གྱི་འདུག་སྟེ་སྡིག་པ་མི་ཚེར་བྱས་ཀྱང་བློ་བདེ་བ་མི་འདུག མི་དེ་ཚོའི་སེམས་གང་འདྲ་ཡོད་ན་གདེང་ཚོད་ཅི་ཙམ་ཡོད་ན་བསམ་གྱི་འདུག པོ་ཏོ་བའི་སྐབས་དང་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་སྐབས་སུ་ཆོས་པ་དེ་ཚོར་མིང་འདྲ་མིན་མང་པོ་ཡོད། མིང་ལ་གྲུབ་ཐོབ་དང་རྗེ་བཙུན། ཆོས་རྗེ་དང་། ཐམས་ཅད་མཁྱེན་པ་སོགས་མིང་མི་འདྲ་བ་མང་པོ་ཡོད། དེ་བཞིན་སྤྲུལ་སྐུ་དང་སྐུ་སྐྱེ། སྐུ་སྐྱེ་དང་སྤྲུལ་སྐུ་ཏོག་ཙམ་ཁྱད་པར་ཡོད། སྐུ་ཡི་ཡང་སྲིད་དེ་ལ་སྐུ་སྐྱེ། སྤྲུལ་སྐུ་ཟེར་བ་དེ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཟེར་ནའང་འདྲ་བླ་མ་སྤྲུལ་སྐུ་རིན་པོ་ཆེ་ལ་གོ་དགོས་པ་ཡིན། དེ་ནས་རྒྱལ་བའི་དབང་པོ་དང་། རབ་འབྱམས་པ། ཤོ་ལོ་ཀ་འབུམ་བརྒྱ་བློར་འཛིན་པ་ལ་པཎ་ཆེན་འབུམ་ཕྲག་བརྒྱ་པ། གསུམ་བློར་འཛིན་པ་ལ་འབུམ་ཕྲག་གསུམ་པ་སོགས་མང་པོ་ཡོད་པ་རེད། དེ་དག་མིང་ཇི་ལྟར་བཏགས་ཀྱང་བདག་འཛིན་དང་འདོད་པ་ཆེན་པོའི་སྒོ་ནས་བཏགས་པ་ཡིན་དུས་བདག་འཛིན་ཆེ་རུ་འགྲོ་བ་ལས་སྟོང་ཉིད་རྟོགས་པའམ་རྟོགས་གྲོལ་དུས་མཉམ་དུ་འཆར་ནས་སྡིག་པ་འཇོམས་བྱེད་ཀྱི་རྒྱུ་རུ་སོང་མི་འདུག

ཚེ་ཕྱི་མར་སྡུག་བསྔལ་མྱོང་བྱེད་དང་སྡིག་པ་འཕེལ་བའི་རྒྱུ་བྱེད་ཀྱི་ཡོད་པ་གོ་མི་འདུག་ལ་གོ་ཡང་བསམ་བློ་བཏང་མི་འདུག །

ཐུབ་བསྟན་སྦྱིན་པ་ནས་ཕབ།

20170215AM_Teaching Geshe potowa Soliloquy3/4

Right-Column-Pics27.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་