བཀའ་བརྒྱུད་སྨོན་ལམ་སྐབས་སོ་ལྔ་པའི་བྱོན་ལེགས་ཀྱི་རྒྱལ་སྒོའི་སྐོར།

དེ་ཡང་བཀའ་བརྒྱུད་སྨོན་ལམ་སྐབས་སོ་ལྔ་པའི་བྱོན་ལེགས་ཀྱི་རྒྱལ་སྒོ་ནི་སྤྲོས་པ་མི་ཆེ་ཡང་མཚོན་དོན་གནད་ཆེ་མངོན་པར་སེམས་ཏེ།  དེ་ཡང་བྱོན་པ་ལེགས་ཞེས་པའི་ཡིག་འབྲུའི་ཀླད་དུ་བཀའ་བརྒྱུད་སྨོན་ལམ་གྱི་ལས་རྟགས་འདིས་སྣོད་བཅུད་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་ཕན་ཚུན་བློས་མི་གཏོང་བར་ལག་གདང་དམ་པོར་སྦྲེལ་དགོས་ཚུལ་གྱི་ལམ་སྟོན་མཚོན།  དེ་བཞིན་རྒྱལ་སྒོའི་ཀླད་དུ་རས་གཞི་མཐིང་ནག་དར་ལྕེའི་གཟུགས་སུ་བཅངས་པའི་དབུས་སུ་སྒྲིབ་སྦྱོང་གི་གཟུངས་སྔགས། ཨོཾཔདྨོཥྞཱིཤབིམལེཧཱུྃཕཊ། ཞེས་པའི་གཟུངས་སྔགས་འདི་ཉིད་ཀྱི་འོག་ཏུ་ལན་གཅིག་འཛུལ་བས་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་མ་ལུས་དག་པར་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པའི་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་རྒྱལ་སྒོ་འདིའི་འོག་ཏུ་ཞུགས་ཏེ་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་མི་ཡོངས་ཚེ་རབས་ཐོག་མེད་ནས་ཉོན་མོངས་པ་དུག་གསུམ་གྱི་སྒོ་ནས་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་ཅི་མཆིས་པ་རྨེག་མེད་དུ་འཇོམས་ཕྱིར་སྦྱོང་ཕྱིར་ཆེད་དུ་གཉེར་ཏེ་དཔྱངས་པ་ཞིག་ཡིན་པས་ཀུན་གྱིས་ཐུགས་སུ་ཆུབ་པར་བྱ་རྒྱུ་ཤིན་ཏུ་འགངས་ཆེ།   བསྟན་འཛིན་རྣམ་རྒྱལ་ནས།

Right-Column-Pics25.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་