༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེའི་སྒོམ་ཁྲིད། ཆོས་ཐུན་གཉིས་པ།

 

སྐབས་སོ་བདུན་པའི་སྨོན་ལམ་སྔོན་འགྲོའི་གསུང་ཆོས། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ནས་སྩལ་བའི་སྒོམ་ཁྲིད། ཉིན་དང་པོའི་ཆོས་ཐུན་གཉིས་པ།
ཐུན་མཚམས་སྐབས་འགྲོ་གྱིན་འགྲོ་གྱིན་དང་། ལག་ཐོགས་ཁ་པར་སྐྲོག་བཞིན་སྒོམ་སྐྱོན་ཆོག།། ཐུན་མཚམས་སྐབས་ཉམས་ལེན་གནང་རྒྱུ་གལ་ཆེ། ཅིའི་ཕྱིར་ཞེ་ན། རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་སྤང་དགོས་པས་སོ། ཉོན་མོངས་དུག་གསུམ་སོགས་གང་མངོན་དུ་གྱུར་པ་ཡིན་ན་ཡང་། དབུགས་ལ་སེམས་གཏད་དགོས། དེ་བཞིན་ཁྱིམ་མཚེས་དང་མ་འཆམས་པ་བྱུང་ནའང་། དབུགས་ལ་སེམས་གཏད་དགོས། དབུགས་གཏོང་ཚུལ་ནི། སྣ་དང་ཁ་གང་ནས་གཏོང་བདེ་བ་ཡོད་ནའང་། དེ་ནས་གཏང་ཆོག་པ་ཡིན། ཕྱི་རོལ་མུ་སྟེགས་པས་རླུང་དེ་བཅོས་ནས་སེམས་གཏད་ཀྱི་ཡོད། ནང་པས་དེ་ལྟར་མ་ཡིན་པར་མ་བཅོས་པར་སེམས་གཏད་ཀྱི་ཡོད། དབུགས་ཀྱི་རང་བཞིན་ལ་སེམས་གཏད་པའམ་དབུགས་ཀྱི་རང་བཞིན་ཤེས་པ་དེ་ཤེས་རབ་ཡིན། ཞི་གནས་སྐབས་དུག་གསུམ་ལས་འགྲོལ་རྒྱུ་འགོ་ཚུགས་པ་ཡིན། འགོ་ཚུགས་ཚུལ་ནི། དབུགས་ཀྱི་རང་བཞིན་ལ་བལྟ་བ་དེ་ཤེས་རབ་ཡིན་པས། དེ་མ་རིག་པའི་གཉེན་པོ་ཡིན། དེ་གང་ཟག་གི་རྒྱུད་ལ་མངོན་དུ་གྱུར་པའི་ཚེ་གཏི་མུག་ཞིི་བར་འགོ་ཚུགས། དེ་ལས་ཆགས་སྡང་ཡང་ཞི་བར་འགོ་ཚུགས་པ་ཡིན། གཉིས་པ་རྗེས་སུ་འགྲོ་བ་ནི། སེམས་དེ་དབུགས་ཀྱི་རྗེས་སུ་འགྲོ་བར། སྣ་ནས་མགྲིན་པའི་བར་སེམས་གཏད་དགོས། དེ་ནས་བརླ་དང་རྐང་པའི་བར་སེམས་གཏད་དགོས། ཕྱི་ལ་འདོམ་གང་ཚད་དུ་གཏང་དགོས། དེའི་ཚེ་ཕྱིའི་སྒྲ་གང་ཐོས་ཀྱང་ཆོག ། དབུགས་མ་བརྗེད་པར་འཇོག་དགོས། དབུགས་དེ་བརྗེད་ན་གཡེང་བ་ཟེེར། དབུགས་དེ་བཟང་ངན། རིང་ཐུང་། དྲག་ཞན། ལྷོད་དལ་གང་བྱུང་ནའང་། དེ་ལ་སེམས་ཁྲལ་མི་བྱེད་པར་དབུགས་ཀྱི་ངོ་བོར་སེམས་གཏད་དགོས། གོང་དུ་ཞུས་པའི་ནང་པ་སངས་རྒྱས་པའི་ཞི་གནས་ནི་དུག་གསུམ་འགྲོལ་བར་འགོ་ཚུགས་ཀྱི་ཡོད་ཟེར་བའི་ཐད་དུ་རིན་པོ་ཆེ་མཆོག་གིས་ཕན་ཚུན་མི་གཉིས་གསུམ་དབར་བགྲོ་གླེང་གནང་རྒྱུའི་གོ་སྐབས་སྩལ་སོང། གཉིས་པ་ལྷག་མཐོང་ཉམས་སུ་ལེན་ཚུལ་ནི། ལྷག་མཐོང་གི་དམིགས་པའི་ཡུལ་ནི། ལུས་ཚོར་སེམས་ཆོས་བཞི་ཡིན། དེ་ལ་རང་དང་སྤྱིའི་མཚན་ཉིད་སྒོ་ནས་ལྟ་དགོས། སྤྱིའི་མཚན་ཉིད་ནི། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་བཞིའི་སྒོ་ནས་ཉམས་སུ་ལེན་ཚུལ་དེ་ཡིན། དམིགས་པའི་ཡུལ་བཞི་ཀ་ལ་ངེས་པར་སེམས་གཏད་མི་དགོས། དཔེར་ན། ཉན་ཐོས་སྡེ་པ་ལའང་སྣ་ཚོགས་ཡོང་གི་ཡོད། ལ་ལས་ལུས་གཙོ་བོ། ལ་ལས་ཚོར་བ་གཙོ་བོ། ལ་ལས་སེམས་གཙོ་བོ། ལ་ལས་ཆོས་གཙོ་བོར་དྲན་པ་ཉེ་བར་གཞག་གི་ཡོད། བོད་ལ་གཙོ་བོ་སེམས་དྲན་པ་ཉེ་བར་གཞག་པ་ཡིན་ཞེས། ཕྱག་ཆེན་དང་རྫོགས་ཆེན་སོགས་གཙོ་བོ་སེམས་དྲན་པ་ཉེ་བར་གཞག་པ་ཡིན། ལྷག་མཐོང་ལ་དབྱེ་བ་ནི། ཐེག་དམན་དང་མཐུན་པའི་ལྷག་མཐོང་། ཐེག་ཆེན་གྱི་ལྷག་མཐོང། སྔགས་ཀྱི་ཐེག་པའི་ལྷག་མཐོང་ཞེས་གསུམ་མོ། དང་པོ་ཐེག་དམན་དང་མཐུན་པའི་ལྷག་མཐོང་ནི། དེའི་དམིགས་པ་ལ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་སྒོ་ནས་སེམས་གཏད་ཀྱི་ཡོད། ད་ལན་མི་རྟག་པའི་སྒོ་ནས་ཉམས་ལེན་གནང་རྒྱུ་ཡིན། གནང་ཚུལ་ནི། དབུགས་ཡར་མར་གཏོང་བའི་སྐད་ཅིག་གི་འགྱུར་བ་དེ་ལ་སེམས་གཏད་དགོས་སོ།།

བསོད་ནམས་དབང་རྒྱལ་ནས།

20200128AM_Teaching on Meditation

Right-Column-Pics29.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་