གསང་ཐིག་རྡོར་སེམས་ཀྱི་ཚོགས་འབུམ།

 

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༡ ཉིན། བཀའ་བརྒྱུད་སྨོན་ལམ་ཆོས་རའི་ནང་སྔ་དྲོ་དུས་ཚོད་བརྒྱད་པའི་ཐོག་སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༸སྐྱབས་མགོན་རྒྱལ་བའི་༸རྒྱལ་ཚབ་རིན་པོ་ཆེ་མཆོག་དུང་རྒྱ་སྤོས་སྣེས་གདན་ཞུས་ཀྱིས་ཚོགས་ཀྱི་དབུ་བཞུགས་ཐོག་༸སྐྱབས་རྗེ་མི་འགྱུར་རིན་པོ་རིན་པོ་ཆེ་མཆོག་དང་། གཞན་ཡང་བླ་སྤྲུལ་མཁན་སློབ་རྣམ་པ། དབུ་རྡོར་མཆོད་གསུམ། བཀའ་བརྒྱུད་སྨོན་ལམ་སྐབས་སོ་བདུན་པའི་ཚོགས་ཞུགས་སུ་ཕེབས་པའི་དགེ་བཙུན་བཞི་སྟོང་ལྷག་ཙམ་དང་། དེ་བཞིན་ཕྱི་ནང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་ཁྱིམ་པ་ཕོ་མོ་སྟོང་ཚོ་དུ་མ་ལྷན་འཛོམས་ཀྱིས། དེང་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་ཉེར་ལེན་ལ་བརྟེན་ནས་འཇིག་རྟེན་ཡུལ་གྲུ་ཀུན་ཏུ་སྔོན་མེད་ནད་ཡམས་གདུག་པ་ཅན་ཕྱོགས་ཀུན་ཏུ་བདོ་བས་འགྲོ་རྣམས་རབ་ཏུ་མནར་བའི་གདུང་བ་ལས་གྲོལ་ཕྱིར་དང་། ཁྱད་པར་དུ་རྒྱལ་ཀུན་འཕྲིན་ལས་ཀྱི་རང་གཟུགས་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་གསང་གསུམ་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་མཐའ་དག་རྨེག་མེད་དུ་ཞི་བའི་སྐུ་རིམ་སྒྲུབ་སླད་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་གོ་སྒྲིག་འོག་བསྟན་གཉིས་གཡུང་དྲུང་གླིང་པའམ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་གསང་ཐིག་རྡོར་སེམས་ཀྱི་ཆོ་གའི་སྒོ་ནས་ཚོགས་འབུམ་རྒྱས་པར་ཉིན་གང་པོར་སྦྱོར་དངོས་རྗེས་གསུམ་ཚང་ངེས་ཀྱི་སྒོ་ནས་ལེགས་པར་ཚོགས། བསྟན་འཛིན་རྣམ་རྒྱལ་ནས།

20200131_100,000 Ganachakras of Sangtik Vajrasattva

Right-Column-Pics24.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་