པར་དུ་བསྐྲུན་རིགས།

འཇིག་རྟེན་ཞི་བདེའི་ཕྱིར་ལོ་རེའི་བཀའ་བརྒྱུད་སྨོན་ལམ་དང་འབྲེལ་བའི་ཞལ་འདོན་ཕྱོགས་བསྡེབས་དང་ཉམས་ལེན་རིགས། དེ་བཞིན་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ནས་སྩལ་བའི་གསུང་ཆོས་ཁག་ལྷན་དུ་ཕྱོགས་སྒྲིག་གིས་པར་སྐྲུན་ཞུས་པ་ཞིག་ཡིན།

ཞལ་འདོན་དེབ།

བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཞལ་འདོན་ཕྱོགས་སྒྲིག །

བདག་ཅག་གི་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཁྱད་པར་ཅན་གནས་མཆོག་རྡོ་རྗེ་གདན་དུ་ལོ་བསྟར་བཀའ་བརྒྱུད་སྨོན་ལམ་ཕྱིར་ཕྱི་ནང་ཡུལ་གྲུ་མཐའ་དག་ནས་སྐྱ་སེར་སྟོང་ཚོ་དུ་མ་འདུས་མོད། གཏེར་སྒར་དགོན་གྱི་ཉེ་འདབས་བཀའ་བརྒྱུད་སྨོན་ལམ་ཆོས་རར་བདུན་གཅིག་རིང་འདུས་པ་ཀུན་ནས་ལྷན་དུ་ སྨོན་ལམ་ཚོགས་ཤིང་། དེ་ལྟར་ཚོགས་པའི་དགོས་དོན་ནི་འགྲོ་ཀུན་བདེ་ཞིང་འཇིག་རྟེན་ཡོངས་ལ་ཞི་བདེ་སྤེལ་ཕྱིར་ཡིན། ཕྱི་ལོ་ ༢༠༠༤ ནས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གཙོ་སྐྱོང་མཛད། མགོན་པོ་མཆོག་ནས་གནས་མཆོག་འདི་ཉིད་སྨོན་ལམ་ཚོགས་པ་ཀུན་གྱི་དབུས་སམ་ལྟེ་གནས་ཏེ་འདི་ནས་སྨོན་ལམ་གྱི་ཞལ་འདོན་འདི་ཉིད་ཡང་ནས་ཡང་དུ་འདོན་ཚེ་གང་ཞིག་འབྱུང་འགྱུར་འབྲས་བུའི་ས་བོན་ནུས་པ་ཅན་འདེབས་པར་བྱེད་ཅིང་། དེ་ལྟར་བཟླས་པས་སྣང་བ་རིམ་གྱིས་དྭངས་ཤིང་སེམས་རྒྱུད་ལེགས་པར་སྦྱོང་བར་བྱེད།

བཀའ་བརྒྱུད་སྨོན་ལམ་འདི་ཉིད་དེང་རབས་ཀྱི་ཆར་ཡོངས་སུ་གཏོགས་ཀྱང་དེ་ཉིད་ཀྱི་རྩ་བ་དུས་རབས་བཅོ་ལྔ་པའི་ནང་བོད་དུ་ཚུགས། ཁྱད་པར་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་སྒར་ཆེན་སྨོན་ལམ་ཆེན་མོ་དབུ་བརྙེས་ཤིང་། དེའི་དུས་སུ་རྗེ་ཉིད་ཀྱིས་སྩལ་བའི་ སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་འདོན་པའི་སྲོལ་བྱུང་། གཞན་ཡང་༸རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ནས་འབྱུང་བའི་གསུང་དྲི་མ་མེད་པ་རྣམས་རྩལ་འདོན་མཛད་ཅི་ཐུབ་དང་། ལྷག་པར་མགོན་པོ་མཆོག་གི་དཀྱེལ་ཆེའི་དགོངས་པས་ས་རྙིང་ཇོ་དགེ་སོགས་བླ་མ་དང་བརྒྱུད་པ་གཞན་གྱི་ཕྱོགས་ནས་ཀྱང་ལེགས་པའི་ཆ་རྣམས་ཅི་རིགས་སུ་བསྡུ་བར་མཛད། གཞན་ཡང་རྒྱུན་འཁྱེར་ཆོས་སྤྱོད་ཁག་སྟེ། དེ་ཡང་གུ་རུའི་གསོལ་འདེབས་ཁག་དང་། དེ་བཞིན་སྒྲོལ་མ་ཉེར་གཅིག་གི་སྐུ་བསྟོད། མགོན་པོ་མི་འཁྲུགས་པ་དང་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བའི་སྨོན་ལམ། གསོན་བསྔོ་དང་གཤིན་བསྔོ། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སོགས་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་མར་མེའི་སྨོན་ལམ་བཅས་ཚུད་ཡོད།

ལག་ལེན་བྱེད་ཚུལ་ཐད་མགོན་པོ་མཆོག་ནས་གཟིགས་ཚུལ་གྱི་གསལ་བཤད་བསྐྱངས་པའི་ནང༸རྒྱལ་དབང་མཆོག་ནས་ཕྱག་བྲིས་སྩལ་དོན་དུ་ངོས་ནས་སྒྲིག་པའི་སྨོན་ལམ་གྱི་འདོན་པ་འདི་དག་བཀའ་བརྒྱུད་སྨོན་ལམ་སྐབས་འདོན་ཚེ་ཐོག་མར་ཚིག་དོན་རེ་རེ་བཞིན་ཡིད་ལ་འཆར་བར་བྱེད་ཅིང་དེ་མཇུག་ངག་ནས་འདོན། ངོས་ནས་སྨོན་ལམ་འདོན་སྐབས་ཀྱང་གསུང་གི་ཡིག་འབྲུ་རེ་རེ་བཞིན་གསེར་གྱི་གཟུགས་བརྙན་དུ་འཆར་བར་བྱས་ནས་ཚིག་རེ་རེས་འཇིག་རྟེན་མ་ལུས་གཏམས་པར་བྱེད་པ་དང་། དེ་ཡང་ཉི་ཟླ་སྐར་གསུམ་གྱི་སྣང་བ་ལྟར་བྱམས་སྙིང་རྗེ་དང་ཤེས་རབ་ཀྱི་སྣང་བས་ཕྱོགས་ཀུན་ཏུ་གསལ་བར་འགྱུར་བའི་སྨོན་ལམ་འདེབས་པར་བྱེད་མོད།

E-book link  

ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ཕྱོགས་བསྒྲིགས།

།ཕྱོགས་སྒྲིག་མཛད་པོ། རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

ཕྱག་ཆེན་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་ལ་བླ་མའི་རྣལ་འབྱོར་མེད་དུ་མི་རུང་ཞིང་། ཀརྨ་བཀའ་བརྒྱུད་པས་ཉམས་སུ་ལེན་པའི་བླ་མའི་རྣལ་འབྱོར་གྱི་གཙོ་བོ་ནི་ཀརྨ་པའི་སྐུ་རབས་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པ་འདི་ཉིད་ཡིན་ཅིང་། དེབ་འདིར་གསར་དུ་རྙེད་སོན་བྱུང་བའི་བླ་མའི་རྣལ་འབྱོར་འདིའི་ཁྲིད་ཡིག་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་མཛད་པ་དང་། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ལྷན་ཐབས། དེང་དུས་ཡོངས་གྲགས་ཀྱི་ཁྲིད་ཡིག་ཀརྨ་ཆགས་མེད་ཀྱིས་མཛད་པ་དང་། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱིས་མཛད་པ་གཉིས་དང་། དེ་བཞིན་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་མཛད་པའི་མི་འཇིགས་དབུགས་འབྱིན་མའི་འགྲེལ་པ་བཅས་བཞུགས་ཡོད། ཁྲིད་ཡིག་འདི་དག་ཞལ་གསལ་བར་མ་ཟད། ད་དུང་བླ་མ་མཚན་ལྡན་གྱི་དྲུང་ནས་གདམས་ངག་ཟབ་མོ་ཞུས་ཏེ་ཉམས་སུ་ལེན་ན། མོས་གུས་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེ་བར་ཤིན་ཏུ་ཕན་རླབས་ཆེ་བ་ཡིན་ནོ། །

Ebook edition: http://dharmaebooks.org/ཐུན་བཞི་བླ་མའི་རྣལ་འབྱ-2/

Life of Milarepa

Published in 2010; 2 DVDs + 1 CD + Booklet;

Under the Bodhi Tree, and Jewel Ornament of Liberation

Published in 2004; 6 DVDs, 7hrs

Right-Column-Pics4.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་